མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔའ་བོའི་རྗེས་དྲན་སྤོ་ལོ་འགྲན་བསྡུར།

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

གངས་སྐྱིད་གཞོན་ནུའི་རྩེད་ཐང་དུ་བོད་རང་བཙན་ཆེད་རང་ལུས་མེར་བསྲེག་གཏོང་རྒྱལ་གཅེས་པ་དག་གི་ཆེད་དུ་ལག་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་མགོ་འཛུགས་གནང་ཡོད།

ཁ་སང་ཕྱི་ཚེས་ ༡༧ ཉིན་གྱི་ཕྱི་དྲོར་བཞུགས་སྒར་གངས་སྐྱིད་གཞོན་ནུའི་ལག་རྩེད་སྤོ་ལོ་རྩེད་ཐང་དུ་ངྷ་ས་ས་གནས་གཞོན་ནུའི་གོ་སྒྲིག་འོག་༼དཔའ་བོ་རྗེས་དྲན་སིལ་སྤོ་འགྲན་བསྡུར།༽ ཞེས་པ་དབུ་འཛུགས་གནང་ཡོད་ཅིང་། ཐེངས་འདིའི་རྩེད་འགྲན་ནང་བཞུགས་སྒར་ཉེ་འཁྲིས་སུ་ཡོད་པའི་ས་རཱ་མཐོ་སློབ་རུ་ཁག་དང་ཤེས་རབ་དགའ་ཚལ་སློབ་གླིང་རུ་ཁག ངྷ་སྟེང་བོད་ཁྱིམ་ལག་ཤེས་སྡེ་ཚན་རུ་ཁག  ཆོལ་གསུམ་རུ་ཁག  འབྲོག་པ་རུ་ཁག  ངྷ་ས་རུ་ཁག  སྐུ་སྲུང་རུ་ཁག ཕ་ཡུལ་རུ་ཁག  པཎ་ཆེན་རུ་ཁག  སུ་ཇཱ་བོད་ཁྱིམ་རུ་ཁག་བཅས་ཕོའི་རུ་ཁག་བཅུ་དང་། ས་རཱ་མཐོ་སློབ་དང་ཤེས་རབ་དགའ་ཚལ་སློབ་གླིང་། སུ་ཇཱ་བོད་ཁྱིམ་བཅས་མོའི་རུ་ཁག་དྲུག་མཉམ་ཞུགས་གནང་ཡོད་པ་དང་། ཕྱི་ཟླ་ ༡༠ བའི་ཚེས་ ༧ ཉིན་གྱི་གཞོན་ནུའི་ཉིན་མོར་ཕོ་མོ་རུ་ཁག་གཉིས་ཀྱི་མཐའ་མའི་རྩེད་འགྲན་བྱ་རྒྱུ་ཡིན་འདུག   

འདིའི་ཐད་ངྷ་ས་ས་གནས་གཞོན་ནུའི་དྲུང་ཆེ་བཟོད་པ་ལགས་ཀྱིས་བརྗོད་དོན་ལྟར་ན། ད་ལྟའི་བར་ངྷ་ས་ས་གནས་གཞོན་ནུའི་གོ་སྒྲིག་གནང་བཞིན་པའི་སིལ་སྤོལ་འགྲན་བསྡུར་དེ། བོད་རང་བཙན་དང་བོད་ཀྱི་བདེན་དོན། བོད་ཀྱི་རིག་གཞུང་བཅས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱས་པའི་རྒྱལ་གཅེས་པ་ཡོངས་ཀྱི་ཆེད་དུ་གོ་སྒྲིག་གནང་ཡོད་ཀྱང་། འདི་ལོའི་སིལ་སྤོལ་འགྲན་བསྡུར་གྱི་དམིགས་ཡུལ་གཙོ་བོ། བོད་ཀྱི་བདེན་དོན་ཆེད་རང་ལུས་མཆོད་མེར་བསྒྲོན་པའི་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་གྲྭ་ཕུན་ཚོགས། གྲྭ་ཚེ་དབང་ནོར་བུ། གྲྭ་བཀྲ་བྷེ་བཅས་དཔའ་བོ་རྣམ་པ་བཞི་གཙོས། བོད་རང་བཙན་ཆེད་རང་སྲོག་བློས་གཏོང་བྱས་པའི་རྒྱལ་གཅེས་པ་ཡོངས་ལ་རྗེས་དྲན་གྱི་ཆེད་དུ་ཡིན་འདུག་ལ། དུས་ཚོད་ཀྱི་ཆ་ནས་སྔོན་མར་མཐའ་མའི་འགྲན་བསྡུར་དེ་༸གོང་ས་མཆོག་གི་འཁྲུངས་སྐར་དང་དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་གི་ཉིན་མོར་འཁེལ་བར་བྱས་ཏེ་གོ་སྒྲིག་བྱས་ཡོད་ཀྱང་། འདི་ལོའི་མཐའ་མའི་རྟིང་རྩོད་འགྲན་བསྡུར་དེ་འཆར་ཟླའི་ཕྱི་ཚེས་ ༧ ཉིན་གྱི་བོད་ཀྱི་གཞོན་ནུའི་ཉིན་མོར་འཁེལ་བར་བྱས་ཏེ་གོ་སྒྲིག་གནང་ཡོད་འདུག་ལ། མཐའ་མའི་རྟིང་རྩོད་འགྲན་བསྡུར་ཁྲོད་རྒྱལ་ཁ་ཐོབ་པའི་ཨང་དང་པོར་ཧིན་སྒོར་ཆིག་ཁྲི་ ༡༠༠༠༠ དང་སྐེ་འདོགས་རྟགས་མ། ཨང་གཉིས་པར་ཧིན་སྒོར་དྲུག་སྟོང་ ༦༠༠༠ དང་སྐེ་འདོགས་རྟག་མ་བཅས་འབུལ་འཆར་ཡོད་འདུག   

འགྲན་བསྡུར་གྱི་གཞི་རྒྱ་ཆེ་རུ་གཏོང་འཆར་ཡོད་མེད་ཀྱི་ཐད་ནས་། ད་ལྟའི་བར་ས་གནས་གཞོན་ནུའི་ངོས་ནས་༼ དཔའ་བོ་རྗེས་དྲན་སིལ་སྤོ་འགྲན་བསྡུར།༽ གྱི་དམིགས་ཡུལ་དང་མི་མང་གི་དོ་སྣང་ལ་གཞིགས་ཏེ། བཞུགས་སྒར་བྱང་ཕྱོགས་ཀྱི་ས་གནས་ཁག་དང་གཞིས་ཆགས་ཁག་ཆ་བགོས་ཐོག་འགྲན་བསྡུར་བྱ་རྒྱུ་དང་། རྒྱལ་ཡོངས་རང་བཞིན་གྱི་སིལ་སྤོལ་འགྲན་བསྡུར་ཞིག་གོ་སྒྲིག་གནང་འཆར་བྱས་ཀྱང་། བོད་དོན་འཐབ་རྩོད་དང་འབྲེལ་བའི་ལས་འགུལ་གཞན་དོ་སྣང་ཤུགས་ཆེར་བྱས་ཏེ་རྩེད་མོའི་རིགས་ཀྱི་ལས་འགུལ་ལ་དོ་སྣང་བྱས་མ་ཐུབ་པ་དང་། མ་འོངས་པའི་རྒྱུན་ལས་རྣམ་པའི་ལས་འགུལ་མཇུག་སྐྱོང་ཐུབ་མིན་སོགས་ཀྱིས་དབང་གིས་ཐོག་མའི་དམིགས་ཡུལ་ལྟར་འགྲོ་རྒྱུ་ཁག་པོ་ཡིན་སྐོར་བརྗོད་བྱུང་།   

ངྷ་ས་ས་གནས་གཞོན་ནུའི་གོ་སྒྲིག་གནང་བཞིན་པའི་སིལ་སྤོལ་འགྲན་བསྡུར་དེ་ནི། སྤྱི་ལོ་ ༡༩༨༠ ལོ་ཡས་མས་སུ་རྩེད་མོའི་རྣམ་པའི་ཐོག་མགོ་འཛུགས་གནང་བ་ཞིག་ཡིན་པ་དང་། ༢༠༡༠ ལོར་ངྷ་ས་ས་གནས་གོ་སྒྲིག་འོག་ ༼དཔའ་བོ་རྗེས་དྲན་སིལ་སྤོལ་འགྲན་བསྡུར།༽ བསྒྱུར་རྗེས་དཔའ་བོའི་རྗེས་དྲན་དང་གཞོན་སྐྱེས་ཚོའི་མཐུན་ལམ་བཅས་ལ་དམིགས་ཏེ་མུ་མཐུད་རྒྱུན་སྐྱོང་བཞིན་ཡོད་འདུག  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

ཆུ་ཚོད་ ༧ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

ཆུ་ཚོད་ ༨ སྔོན་ལ།
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

༢༠༢༦/༠༧/༡༤
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese