མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྷ་ཌ་ཧྥེ་བསད་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp


ད་ལྟ་རང་བྷེ་བྷེ་སི་( BBC)བརྙན་འཕྲིན་ཁང་གིས་གནས་ཚུལ་ཐད་གཏོང་བྱེད་བཞིན་པ་ལྟར་ན། ཆུ་ཚོད་སྐར་མ་ ༦ གི་གོང་དུ་ལེ་བྷེ་ཡའི་སྲིད་དབང་སྒེར་གཅོད་པ་གྷ་ཌ་ཧྥེ་(Gaddafi )ལེ་བྷེ་ཡའི་རྒྱལ་ས་ཊི་རེ་པོ་ལེ་ཡི་(Sirtefalls)ཞེས་པའི་ས་གནས་ཀྱི་ས་འོག་གི་ཆུ་ཡུར་སྦུབས་ལམ་ཞིག་ཏུ་སྦེད་སྐུང་བྱས་ཡོད་པ་རྒྱལ་ཁབ་བར་བརྒལ་ཚོགས་པ་( NTC )ཞེས་པའི་འཐབ་མོ་བ་དག་གིས་དམར་གསོད་བཏང་ཡོད་འདུག དེ་བཞིན། གྷ་ཌ་ཧྥེ་ཡི་བུ་མའུ་ཊ་སེམ་( Mutasim)ཟེར་བ་བསད་པའི་ཕུང་བོ་ཡང་རག་ཡོད་ཚུལ་རྒྱང་སྲིང་བྱེད་བཞིན་འདུག 

གྷ་ཌ་ཧྥེ་བསད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་མ་ཐག་ལེ་བྷེ་ཡའི་རྒྱལ་ས་ཊི་རེ་པོ་ལེ་གྲོང་ཁྱེར་གྱི་སྲམ་ལམ་ཁག་ཏུ་མི་མང་དང་དམག་མི་ཚོས་དགའ་སྤྲོའི་མཆོངས་ལྡིང་བྱེད་པ་དང་སྤྲོ་སྐྱིད་གཏོང་བ། ཤོག་སྦག་སྒྲོན་པ། གྷ་ཌ་ཧྥེ་ཡི་པར་མེར་བསྲེགས་གཏོང་བ་སོགས་བྱས་ཏེ་དགའ་སྤྲོའི་རྣམ་པ་ཤུགས་ཆེན་སྟོན་བཞིན་འདུག

དབྱིན་ཡུལ་གྱི་སྲིད་བློན་ཁ་མེ་རོན་(David Cameron)དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཁེ་མོན་བཅས་ཀྱིས་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། དེ་རིང་ལེ་བྷེ་ཡའི་སྲིད་འཛིན་གྷ་ཌ་ཧྥེ་བསད་པ་ནི། ལེ་བྷེ་ཡའི་མི་མང་ལ་སྤྲོ་སྐྱིད་ཀྱི་དུས་ཚོད་གསར་པ་ཞིག་འཆར་བ་རེད་ལ། ལོ་རྒྱུས་རང་བཞིན་གྱི་ལེ་བྷེ་ཡའི་སྲིད་དབང་སྒེར་འཛིན་གཞུང་མཇུག་བསྒྲིལ་ཏེ། མི་མང་ལ་དམངས་གཙོ་དང་ཞི་བདེ་ཡོང་རྒྱུར་རེ་བ་གསར་པ་ཞིག་བསླེབས་པ་རེད། མ་འོངས་པར་རྒྱལ་སྤྱི་དང་མང་ཚོགས་ཀྱི་རྒྱབ་སྐྱོར་འོག་གཞུང་གསར་པ་བཙུགས་ཏེ། དམངས་གཙོའི་འོས་བསྡུ་ཡི་ལམ་ནས་མགོ་འཁྲིད་གསར་པ་བསླེབ་རྒྱུར་རེ་བ་བྱེད་ཀྱི་ཡོད་ཅེས་ཀྱི་བསྒྲགས་གཏམ་སྤེལ་སོང་།

ཞིབ་ཕྲའི་གནས་ཚུལ་རྗེས་ནས་འགོད་རྒྱུ་ཡིན།

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢༡ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 44

  1. ཐུབ་བསྟན says:
    ལོ་ 14 སྔོན།

    རྒན་པོ་འདི་ལ་སྙིང་རྗེ་སྐྱེས་པ་ཕྱི་མར་བདེ་འགྲོ་ཞིག་ནས་སྐྱེས་པར་སྨོན

    Reply
  2. མངའ་རིས་བུ། says:
    ལོ་ 14 སྔོན།

    དྲང་པོར་བཤད་ན་ངས་གྷ་དྷ་ཕྷི་ཡིས་རང་གི་མི་དམངས་ལ་སྡུག་སྦྱོང་དང་དབང་ཆ་གཅིག་བསྡུད་ཟེར་བ་ལས་སོགས་གང་ཞིག་བཏངས་ཡོད་མེད་རྒྱུས་མངའ་རྩ་བ་ཉིས་ནས་མེད་མཁན་ཞིག་ཡིན་བྱས་ཙང་ཁོ་ལ་སྐྱོན་བརྗོད་ཀྱང་བརྗོད་ཐུབ་པ་མི་འདུག
    དར་གྲོགས་ཚོས་སྐྱོན་བརྗོད་མང་པོ་ཞིག་བྱེད་ཡོང་གི་འདུག་པས་ཁྱེད་ཚོས་ཞིབ་ཕྲའི་གནས་ཚུལ་མཁྱེན་གྱི་ཡོད་ན་གཅིག་གསུང་རོགས།

    Reply
  3. དམག་ལོག་ says:
    ལོ་ 14 སྔོན།

    སྙིང་རྗེ། བླ་རྒན་ཞིག་འདྲ་བོ་དེ་བསད་པ་ལས་གསོན་པོར་བཞག་ན། སྡུག་བསྔལ་དེ་ལས་ཆེ་བ་ཡོང་གི་རེད། ཁོ་བསད་པ་ཅུང་ཟད་སྔ་དྲག་སོང་།

    Reply
  4. རོ་ལངས། says:
    ལོ་ 14 སྔོན།

    གྷ་ཌ་ཧྥེ་ཡི་ནོར་འཁྲུལ་ཆེ་ཤོས་ནི་རང་གི་མི་དམངས་ལ་རང་གིས་དགྲ་བསགས་པ་དེ་ཡིན་པ་རེད། གནས་ཚུལ་དེ་ལ་ཐུག་ཚར་དུས་དབང་ཆ་རྩིས་སྤྲོད་བྱས་ཏེ་མི་དམང་ལ་དགོངས་དག་ཞུས་ན་ལམ་ཁ་ཡོད་པར་འདོད། འདི་ནི་བྷན་ལ་དྷན་སྟོབས་ཆེན་ཨ་རི་བའི་ཁ་རྩ་ནས་མི་ལོ་བཅུ་གབ་ཐུབ་ཀྱང་གྷ་ཌ་ཧྥེ་རང་གི་གྱེན་ལོག་ཤོག་ཁག་ལ་ཟླ་བ་གཅིག་ལ་གབ་མ་ཐུབ་འདིས་མཚོན་ཡོད་པ་རེད་སྙམ།

    Reply
  5. ལྷོ་བ། says:
    ལོ་ 14 སྔོན།

    གྷ་ཌ་ཧྥེ་འདིའི་ཤི་རྐྱེན་གྱིས་བོད་གཞུང་དམངས་ཀྱི་ལས་འགུལ་གྲགས་མེད་དུ་བཏང་སོང་། རྒྱལ་སྤྱི་གསར་འགོད་པ་དག་གི་དོ་སྣང་བོད་དོན་ལས་ཤོར་སོང་། ང་ཚོའི་བོད་མ་ཚང་ག་དུས་ཡིན་ཡང་བསོད་བདེ་སྐྱོ་སེ་ཡིན་ནོ་གང་ཞིག་མ་འགྲིག་པ་ཡིན་ན་་་་་

    Reply
  6. མི་ཉག་དུང་བརྡ། says:
    ལོ་ 14 སྔོན།

    སྲིད་དབང་སྒེར་སྤྱོད་ཀྱི་འགག་ལམ་ལ་ནམ་ཡང་གོ་སྐབས་མེད། ཐེངས་འདིའི་གྷ་རྡ་ཧྥིའི་མཐའ་མའི་འཆི་སྐད་ཕྲ་མོ་ད་མདའ་མ་འཕེན་ཞེས་པའི་འདར་སིག་སིག་གི་སྐད་འདིས། རྒྱ་ནག་གི་དཔོན་ངན་ཚོར་ཚོར་བ་ཟབ་མོ་བྱིན་ཡོད་པ་ཁོ་ཐག་ཡིན།

    Reply
  7. སྐྱ་ཀ says:
    ལོ་ 14 སྔོན།

    ལེ་བྷི་ཡའི་མི་དམངས་ཀྱིས་མིག་ཟུང་ཆེ་ཙམ་དང་། བྱེད་ཐབས་ཆེ་རུ་གཏོང་ན་ང་ཚོས་ཕན་འབྲས་གཡུ་དུ་ཟ་བ་ཞིག་འོང་རྒྱུའི་ལམ་སྟོན་བཟང་པོ་ཞིག་ཕྱིར་བཞག་བྱས་སོང་།

    Reply
  8. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དགོན་པ་དང་ཚོགས་སྡེ་ཁག་ནས་སྤྱི་རྒྱུ་སྒེར་བདག་དང་སྤྱི་དབང་སྒེར་འཛིན་བྱ་མཁན་ཚོ་ཡང་གཟབ་གཟབ་་་་་་གྱིས་མ་གཏོགས་་་་་་གྷེ་ཌ་ཕྷེ་་་་་ནང་བཞིན་མྱང་ཡོང་་་་་་་་་་་་་་་་་་་་་

    Reply
  9. ཨ་ལ་ལ says:
    ལོ་ 14 སྔོན།

    གྷ་རྡ་ཧྥེ་བསད་པ་ནི་ཡུན་རིང་རེ་སྒུག་བྱས་པའི་ཆེས་རྩེར་གསོན་གྱི་བྱ་བཞག་རླབས་ཆེན་གཅིག་པོ་དེ་ཡིན། ཡིན་ཡང་གསོད་སྟངས་ཐད་ནས་འདོད་པ་ཁེངས་མ་སོང་། ཁོས་མི་དམངས་ཐོག་སྙིང་རྗེ་སྤུ་ཙམ་མེད་པར་རྩེད་མོ་རྩེ་ནས་བསད་གཏུབ་མང་པོ་བྱས་ཡོད་སྟབས། ཁོ་རང་ཡང་ཡ་ང་བའི་དམར་གསོད་ཅིག་བྱེད་དགོས་པ་ལས་བྱེད་མ་ཐུབ་པ་ནི་བློ་ཕམ་ཆེ་ཤོས་ཡིན།

    Reply
  10. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    མཐུ་ཆེན་ལགས།
    ངས་གྷ་ཌ་ཕྷེ་ཞེས་པ་དེ་སྤྱི་དབང་སྒེར་སྤྱོད་དང་་་་་་་་་་་་སྤྱི་རྒྱུ་སྒེར་བདག་བྱ་མཁན་གྱི་རིགས་ལ་གོ་གི་ཡོད་་་་་་་་་་་་་་་་་

    Reply
  11. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཁྱོད་ཀྱི་མ་མཐོང་ཤེས་བྱ་མང་།།
    བོང་བུས་མ་མཐོང་ལམ་ཁ་མང་།།
    ཟེར་བ་དེ་གོ་མྱོང་ཡོད་རྒྱུ་རེད།
    དགོན་པའི་དགོན་བདག་དང་ཕྱག་མཛོད་འགན་འཛིན།
    སློབ་གྲྭའི་སློན་སྤྱི་དང་དགེ་རྒན།
    ཚོགས་པའི་དབུ་འཛིན་འདི་ཚོ་ནང་དུ་
    ནུས་པ་ཡོད་མེད་ལ་མ་ལྟོས་པར་ཕྱག་ལས་གནང་སྟངས་ཀྱི་ཆ་ནས་་་་གྷ་ཌ་ཕྷེ་དང་ཆ་འདྲ་བ་མང་པོ་མཐོང་རྒྱུ་ཡོད་་་་་་་་་་་་་་་་་་་་་་་

    Reply
  12. འདྲེ་མེ་འབུད། says:
    ལོ་ 14 སྔོན།

    མི་གསོད་པའི་ཁྲིམས་ལུགས་འདི་ཉིད་འགོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ནས་དམའ་ལེ་བྷེ་ཡའི་མི་དམངས་བར་དུ་ལག་པ་ཚ་ཚ་ན་ན་བར་དུ་བར་དུ་ཐལ་མོ་རྡེབ་ཚུལ་ལ་བལྟས་ན། འུ་ཚོའི་དུས་རབས་འདིར་མི་གསོད་པའི་ལམ་ལུགས་རྙིང་བའི་ཁྲིམས་ཀྱང་མཇུག་རྫོགས་རྒྱུ་མིན་པར་སྣང་། ཤུ་་་་་་་་་་་་་་་་་་་་་་་།

    Reply
  13. རིག་བཟང་། says:
    ལོ་ 14 སྔོན།

    ཨོྃ་མ་ཎི་པདྨེ་ཧུྃ

    Reply
  14. རིག་བཟང་། says:
    ལོ་ 14 སྔོན།

    ང་ཚོའི་དགོན་སྡེ་རྣམས་བླ་རྒན་ཁ་ཤས་ཞིག་གིས་སྒེར་བཅོད་བྱེད་བཞིན་པ་ཡིན་དགོན་བདག་སོ་སོའི་མཚན་དང་དགོན་པའི་མཚན་གཉིས་ཁོ་ན་ལ་བསམ་ནས་ནང་གི་དགེ་འདུན་པ་རྣམས་ལ་རྡུང་རྡིག་དང་མི་གཞི་ལ་སྨ་འབེབ་བྱེད་པ་སོགས་དྲག་སྤྱོད་བྱེད་བཞིན་ཡོད་པ་ཚང་མས་མཁྱེན་གསལ་རེད།

    Reply
  15. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན།
    ༢༠༡༡/༡༠/༢༠ ཉིན་འདོན་སྤེལ་བྱས།
    ང་ཚོའི་དགོན་པ་དང་ཚོགས་སྡེ་ཚོ་ལ་ཡང་གྷ་་ཊ་ཕྷེ་ཆུང་ཆུང་དེ་འདྲ་ཡོད་པས་
    མཐའ་མ་ཕམ་རྒྱུ་ལས་གཞན་འགྲོ་ས་མེད་པ་ཤེས་དགོས།

    ཤེས་པ་རྣལ་དུ་མི་གནས་པ་མི་ངན་འགྱུར་མེད་བསྟན་བཤིག་ཟེར་བ་ཁྱོད་ཀྱིས་བཤད་པའི་སྐད་ཆའི་དུམ་བུ་འདི་ལ་ཁུངས་ལུང་ཕྱི་གསལ་ནང་གསལ་ཞིག་བསྐྱལ་རྒྱུ་ཡོད་དམ།
     

    Reply
  16. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    དེ་ལས་དབང་རེད། ཅེས་སྡོམ་ཚིག་ཅིག་གང་སར་རྒྱག་ཆོག་ཆོག་རེད། འོན་ཀྱང་ལས་དབང་ཟེར་བ་དེ་ཡང་ཅི་ཞིག་ལས་ནས་གང་ཞིག་འབྱུང་རྒྱུ་རང་ཡིན་དུས། ང་ཚོས་ཀྱང་ཀྱང་ལས་དབང་རྙིང་པ་ཁོ་ནར་བསམས་ནས་མི་སྡོད་པར་ལས་གསར་བ་རེ་གསོག་རྒྱུར་འབད་བརྩོན་བྱེད་དགོས། གནའ་སྔ་མོར་རྒྱ་གར་དུ་མི་ནག་མདུང་ཐུང་ཅན་ཟེར་བ་ཞིག་དང་བོད་ལ་ཡང་ལྷ་ལུང་དཔལ་རྡོར་ཟེར་བའི་གནའ་བཤད་ཅིག་བྱུང་བ་ལོས་དྲན། མཚམས་མཚམས་ལ་གནའ་གཏམ་འདི་ད་གཏམ་ཞིག་ཆགས་ན་ཡང་འདོད།
    ངའི་འདི་སྐབས་དོན་དང་འབྲེལ་བ་མེད་པ་འདྲ་ན་ཡང་་་སྐབས་དོན་དང་ཧ་ཅང་ཐག་ཉེ་ན་ཡང་སྲིད། གང་ལྟར་་་འཇིག་རྟེན་གྱི་སྲིད་ལུགས་ནང་ལ་་ནག་ཐིག་དང་དནར་ཐིག་གང་ཡང་མ་འདྲེས་པ་ཞིག་ཡོང་མི་སསྲིད་ལ་་་ཡོང་དགོས་ངེས་ཀྱང་ཡིན་པར་འདོད།

    Reply
  17. མྱི་ནག་ཚང་། says:
    ལོ་ 14 སྔོན།

    གསལ་ལེ་ལོ་ལོ། ངའི་སེམས་ལ་གདོན་ཞུགས་པ་འདྲ།

    Reply
  18. གསལ་ལེ་རྒྱལ། says:
    ལོ་ 14 སྔོན།

    ཡོས་ལ་འབབ་རྒྱུ་རྩམ་པ་རེད། ཁོས་ལས་བསགས་པའི་འབྲས་བུ་ཁོས་མི་ཁུར་ན་སུས་འཁུར་དགོས་བ་རེད། མི་ནག་ཚང་གིས་འཁུར་ན་མ་གཏོགས། ངས་མི་འཁུར།

    Reply
  19. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ང་ལ་ཏན་ཏན་སྐྱོན་ཞིག་ཡོད་པ་འདྲ། ད་ལོ་ ཨོ་ས་མིན་ བྷིན་ལ་ཌན་ བསད་རྗེས། མི་མང་པོ་ནེའུ་ཡོག་གི་རྐྱེན་ངན་བྱུང་སའི་ས་གནས་ལ་འཛོམས་ནས་ཞབས་བྲོ་འཁྲབ་སོང་། བསད་ཚར་བའི་རྗེས་ལ་ཕངས་སེམས་འདྲ་བོ་དང་། ཁོའི་ཤུལ་ལུས་ནང་མི་ཚོ་ཇི་འདྲ་བསམ་ནས་སེམས་ཁྲལ་འདྲ་ཡོང་གི་འདུག བྲོ་འཁྲབ་མཁན་ཚོར་སྣང་བར་མི་འགྲོ་བ་འདྲ་བོ་བྱུང་།

    ད་ནི་གྷ་ཌ་ཧྥེ་ བསད་ཚར་བ་རེད། བུ་ཡང་བསད་འདུག ག་ཚོད་ཀྱི་ནག་ཉེས་ཡོད་རུང་། ཁྱིམ་ཚང་དེའི་ནང་ན་ཡང་བྱམས་སྙིང་རྗེ་དང་བརྩེ་བ་ཞེས་པ་ཞིག་ཡོད་ཀྱི་རེད། དེ་དག་ལ་ཅི་འདྲའི་སྡུག་བསྔལ་ཞིག་སྦྱིན་ཡོད་པ་བསམ་ན་དགའ་སྤྲོའི་ཐལ་མོ་རྡེབ་རྒྱུ་ལས་སྡུག་བསྔལ་གྱི་ཤུགས་རིང་ཞིག་འཐེན་རྒྱུ་འདུག མིའི་རིགས་ཡ་་་མིའི་རིགས། བྱིས་པ་ཡ་བྱིས་པ། ད་དུང་ཧ་ལས་པའི་ཐག་རིང་པོ་འདུག

    Reply
  20. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གྷ་ཐ་ཕི་བསད་ཚར་འདུག ཧུ་གཅིན་འཐུང་འཆི་རྒྱུ་ལྷག་འདུག སྡིག་ཆེན་གཉིས་པོ་་་་་

    Reply
  21. མངའ་རིས་བུ། says:
    ལོ་ 14 སྔོན།

    དུས་བབ་རྩོམ་སྒྲིག་པ་ལགས།
    ཁྱེད་རྣམས་ཀྱིས་ང་ཡི་མཆན་རྣམས་འགོག་བཞིན་འདུག་པས་རྒྱུ་མཚན་ཞིག་ཤོད་རོགས་དེ་མིན་རྒྱུ་མཚན་མེད་བཞིན་དུ་ཇི་ལྟར་བྱེད་ནས་འགོག་གི་ཡོད་དམ།
    དྲང་པོ་རྩ་བ་ཉིད་ནས་བྱེད་ཀྱི་མི་འདུག་མི་འགའ་ཞིག་གིས་བྱེད་བབས་ཀྱིས་དུས་བབས་ཀྱི་མཚན་སྙན་ལ་མི་གནོད་པའི་རེ་བ་བྱེད་ཀྱི་ཡོད།
    གལ་ཏེ་རྒྱུ་མཚན་ཡོད་ན་ངས་བཤགས་པ་བྱེད་རྒྱུ་དང་མེད་ཚེ་མཐོང་ཆུང་དང་རིས་ཕྱེད་བྱེད་པར་ངོས་འཛིན་ཞུ་གི་ཡོད།

    Reply
  22. རྒྱང་མིག says:
    ལོ་ 14 སྔོན།

    རྒྱ་ནག་གི་སྲིད་དབང་སྒེར་འཛིན་པ་ཚོ་འདི་ལྟར་སྒྱེལ་སོང་ན་དགའ་བ་ལ། དམར་པོའི་གཞུང་གིས་བཙུར་ནོན་བྱེད་བཞིན་པའི་མི་མང་ཚོ་སྡེབ་གཅིག་ལ་ཡར་ལོངས་དང། ང་ཚོས་རང་དབང་གིས་འཚོ་བ་སྐྱིད་པོ་ཞིག་རོལ་ཆོག།

    Reply
  23. རང་དབང་རྒྱལ། says:
    ལོ་ 14 སྔོན།

    གནས་ཚུལ་འདིས། སྒེར་གཅོད་པའི་མཇུག་འབྲས་གསལ་བ་རེད། དེ་འདྲ་ཡིན་དུས། བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ལ་འདི་འདྲའི་སྒེར་གཅོད་བྱེད་མཁན་མེད་ཀྱང་རུང་། ས་གནས་དང་དགོན་པ་བྱེ་བྲག་པར་འདིའི་རིགས་ཀྱིས་སྒེར་གཅོད་བྱེད་ཀྱིན་པ་མང་དུ་འདུག དེ་འདྲ་ཡིན་དུས། དེང་སང་གོ་སྐབས་ཡོད་དུས། རང་ངོས་ཟིན་པར་བྱས་ནས་རང་ཚོད་རང་གིས་བཟུང་ན་ནོར་འཁྲུལ་ངོས་ལེན་བྱེད་པའི་དུས་ཚོད་ཡོད་པ་འདྲ་ཡང་། ཕྱིས་དྲགས་ན་མཇུག་འབྲས་འདི་དང་ཨ་ན་མ་ན་འབྱུང་རྒྱུ་ཡིན་པ་སོམ་ཉི་མི་དགོས་པ་ཞིག་རེད།

    Reply
  24. རྩོམ་སྒྲིག་པ། says:
    ལོ་ 14 སྔོན།

    བློ་བཟང་ཉི་མ་ལགས་ཀྱིས་བསྟོད་པ་ཡིན་དང་སྨད་པ་ཡིན་བཤད་མ་ཤེས་པའི་མཆན་ཞིག་བཏབས་པར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    དུས་བབ་ཀྱིས་བྷེ་བྷེ་སི་བརྒྱུད་དེ་གནས་ཚུལ་དེ་མཐོང་སྐབས་གྷ་ཌ་ཧྥེ་བསད་དེ་སྐར་མ་ ༦ ལས་ཕྱིན་མེད་རབ་བཤད་ཀྱི་འདུག སྐབས་དེར་ཁྱེད་ཅག་ཀློག་པ་པོ་དག་ལ་གནས་ཚུལ་ཚ་བོ་ཞིག་བསྐྱལ་ཆེད་ཚ་གེ་ཚིག་གེར་ཐར་འཐོར་ཞིག་བྲིས་པ་ཡིན།༼ ཞིབ་ཕྲའི་གནས་ཚུལ་རྗེས་ནས་འགོད་རྒྱུ་ཡིན༽ཞེས་བསྟན་ཡོད་པ་ལྟར། རྗེས་སུ་རིམ་གྱིས་བཟོ་བཅོས་བཏང་བ་ཡིན་ལ། ཡུལ་དངོས་ཀྱི་གནས་ཚུལ་འགྱུར་བ་དང་བསྟུན་ཏེ་ཁ་ཡང་ཇེ་གསལ་ཏུ་བཏང་བ་ཡིན། ད་དུང་གནས་ཚུལ་འཚོལ་བཞིན་ཡོད། གོ་སྐབས་ཡོད་ན་བསྐྱར་དུ་ཕེབས་དང་། གསར་འགྱུར་གྱི་ནང་དོན་ཇེ་རྒྱས་ཇེ་གསལ་དུ་གཏོང་གི་ཡོད།

    Reply
  25. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    དྲ་གྲོགས་འགྱུར་མེད་བསྟན་འཛིན་ནས་ང་ཚོའི་དགོན་པ་དང་། ཚོགས་སྡེ་ལ་ཡང་གྷ་དྷ་ཕི་ཆུང་ཆུང་དེ་འདྲ་ཡོད་པས། ཞེས་གསུང་འདུག་པས་མཛུབ་མོ་བཙུགས་ཐུབ་ན་ཡག་པོ་དང་གསལ་པོ་ཡོང་ས་རེད། དེ་མིན་ན་དཀྲུགས་ཤིང་ལས་མ་འདས།

    Reply
  26. ཟླ་བ་བསྟན་འཛིན says:
    ལོ་ 14 སྔོན།

    སྲིད་དབང་སྒེར་གཅོད་པ་འདས་པོ་གྷ་ཌ་ཧྥེ་ཁོང་གི་མ་གཞི་ལས་ཀ་དྲང་པོ་མེད་ཀྱང་སེམས་ཅན་ཡིན་པའི་ཆ་ནས་འདས་པོ་ཁོང་ལ་སྔོ་སྨོན་ཞུ།
    ཨོཾཾ་མ་ཎི་པདྨེ་ཧཱུཾཾ། ཨོཾཾ་མ་ཎི་པདྨེ་ཧཱུཾཾ། ཨོཾཾ་མ་ཎི་པདྨེ་ཧཱུཾཾ། ཨོཾཾ་མ་ཎི་པདྨེ་ཧཱུཾཾ། ཨོཾཾ་མ་ཎི་པདྨེ་ཧཱུཾཾ།
    ལིས་བྷི་ཡའི་གཞུང་འདི་དམངས་གཙོའི་གཞུང་དྲང་པོ་ཞིག་ཡོང་བའི་རེ་སྨོན་ཞུ།

    Reply
  27. བློ་བཟང་ཉི་མ། says:
    ལོ་ 14 སྔོན།

    དུས་བབ་རྩོམ་སྒྲིག་པས་བཤད་པ་དེ་བདེན་པ་རེད། འཛམ་གླིང་གི་གསར་འགོད་པར་ཆས་ཕལ་ཆེ་བའི་ནང་ལ། ད་ནས་ཉིན་ཤས་རིང་ལ་གྷ་ཌ་ཧྤེ་དམར་གསོད་བཏང་བ་འདི་དཔར་ལེན་བྱེད་ཀྱི་རེད།

    དེ་རིང་དུས་བབ་ཀྱི་པར་ཆས་དང་སྨྱུ་གུ་དེ་ཚོའང་གྷ་ཌ་ཧྥེ་དམར་གསོད་ཀྱི་གནས་ཚུལ་སྟེང་ལ་ཡང་བསྐོར་བསྐྱར་བསྐོར་ལན་གྲངས་མང་པོའི་བར་པའི་མཐའ་མ་འདིར།
    ཐོག་མའི་གསར་འགྱུར་ནང་༼གྷ་ཌ་ཧྥེས་ཞེས་པ་ཡིས NTC དམར་གསོད་༽བཏང་གནས་སྤེལ་བ་ནས་པར་ཁ་སྨྱུག་ཁ་ཚུར་བསྐོར་ཐུབ་པ་བྱུང་སྟེ། ད་ཆ་ NTC དཔུང་དམག་གིས་གྷ་ཌ་ཧྥེས་བསད་པའི་དོན་དངོས་གནས་ཚུལ་སྟེང་ལ་བསྐོར་ཐུབ་པ་བྱུང་འདུག

    དུས་བབ་རྩོམ་སྒྲིག་པས་གནས་ཚུལ་འདི་དུས་ཐོག་སྤེལ་བ་དང་ཞིབ་ཕྲའི་གནས་ཚུལ་དུས་ཐོག་ཁ་གསབ་གནང་སྟངས་འདི་ཡག་པོར་མཐོང་སོང་།

    Reply
  28. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ང་ཚོའི་དགོན་པ་དང་ཚོགས་སྡེ་ཚོ་ལ་ཡང་གྷ་་ཊ་ཕྷེ་ཆུང་ཆུང་དེ་འདྲ་ཡོད་པས་
    མཐའ་མ་ཕམ་རྒྱུ་ལས་གཞན་འགྲོ་ས་མེད་པ་ཤེས་དགོས།

    Reply
  29. མིག་གསུམ་པ། says:
    ལོ་ 14 སྔོན།

    འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་མ་ནི་བརྒྱ་ཚར་ཞིག་འདོན་རྒྱུ་ཡིན། གང་ལྟར་འཇིག་རྟེན་གྱི་བྱས་འབྲས་ལས་བྱུང་བ་ཞིག་ལ་ངོས་འཛིན་བྱེད་དུ་རུང་།

    Reply
  30. འཇམ་མགོན། says:
    ལོ་ 14 སྔོན།

    སྙིང་རྗེ་ལས་འབྲས་ནོག་ན་མཇུག་འབྲས་མི་བཟང་ཟེར་བ་ཆི་མ་བདེན་ནས། གང་ལྟར་སྙིང་རྗེ་མ་ཎྀ་རེ་བགྲངས་ན་བཟང་།

    Reply
  31. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    དེ་རིང་གྷ་ཌ་ཧྥེ་དམར་གསོད་བཏང་བ་འདི། ཨ་རི་དང་ལེ་བྷེ་ཡའི་མི་མང་གི་རྒྱལ་ཁ་ཞིག་ཡིན་ཡང་། བོད་དོན་ལས་འགུལ་ཁྱབ་བསྒྲགས་ཀྱི་བར་ཆད་ཅིག་མིན་འགྲོ། རྒྱལ་སྤྱིའི་གསར་འགོད་པ་དག་གི་དཔར་ཆས་ཕར་འཁོར་ཐལ།

    Reply
  32. གླག་སྨྱོན། says:
    ལོ་ 14 སྔོན།

    དངོས་གནས་ད་ལེ་བྷེ་ཡའི་མི་མང་དེ་ཚོ་སེམས་བདེ་བོ་ཆགས་རྒྱུ་རེད།

    Reply
  33. ཕུང་གསུམ་པ། says:
    ལོ་ 14 སྔོན།

    སྲིད་དབང་སྒེར་གཅོད་པ་འདི་ལྟ་བུ་མཆིས་ཚེ་ཚང་མ་མྱུར་དུ་མཇུག་བསྒྲིལ་བའི་སྨོན་ལམ་འདེབས་བཞིན་ཡོད་ལ། གཡོ་ཅན་རྒྱ་ནག་དམར་པོ་སྲིད་གཞུང་ཡང་མི་འགྱངས་བ་མཇུག་བསྒྲིལ་དགོས་པ་ང་ཚོས་ནུས་པ་ཅི་ནས་ཀྱང་འདོན་དགོས།

    Reply
  34. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    NTC ཞེས་བ་ད་ལྟའི་བར་བརྒལ་གྱི་གཞུང་ངམ་National transition Council ཞེས་བ་དེ་རེད། གྷ་ཌ་ཧྥེ་བསད་པ་དངོས་གནས་རེད། དེ་དང་མཉམ་དུ་ཁོའི་བུ་མོའུ་ཏ་སིམ་དང་དབུས་གསང་བའི་ལས་ཁུངས་ཀྱི་སྤྱི་ཁྱབ་པ་བཅས་བསད་འདུག གསོད་སྟངས་གསར་ལམ་ཚང་མར་གསལ་ཁ་མི་འདུག འོན་ཀྱང་གནས་ཚུལ་འདི་གཞུང་འབྲེལ་སྒོས་གསལ་བསྒྲགས་བསྐྱངས་མཁན་དབྱིན་ལན་གྱི་ལིས་བྷི་ཡའི་གཞུང་ཚབ་པ་ཆེན་མོ་རེད་འདུག བརྙན་པར་དག་ཐོག་མར་ཨ་རབ་ཀྱི་ཨད་ཇ་ཛྷ་རིས་གསར་ལམ་ནས་ཐོན་འདུག

    Reply
  35. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    འགྲིག་འདུག་་་་སྡུག་ཅན་ཚེ་ཐུང་བར་ཤོག་ཅིག་ཅེས་པའི་རྒྱལ་སྲས་སེམས་དཔའི་སྨོན་ལམ་དེ་ངས་འདི་ནས་བསྐྱར་དུ་ཞུ།

    Reply
  36. གངས་རྡེའུ། says:
    ལོ་ 14 སྔོན།

    ངོ་མ་གསར་འགྱུར་ཚ་བོ་རེད་ད།

    Reply
  37. རྩོམ་སྒྲིག་པ། says:
    ལོ་ 14 སྔོན།

    གསལ་ལེ་རྒྱལ་ལགས། སོ་སོའི་མིག་ལ་ཡིད་ཆེས་བྱོས། ཁྱེད་ཀྱི་མིག་འཕྲུལ་བ་མ་རེད། ཡུལ་དངོས་ཀྱི་གནས་ཚུལ་འགྱུར་བའི་ཚུལ་དུ་ཇེ་གསལ་སོང་བ་དང་བསྟུན་ཏེ། འདིར་ཡང་གསར་འགྱུར་ཁ་ཇེ་གསལ་དུ་གཏོང་བཞིན་ཡོད།

    Reply
  38. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    སྐྱིད་མདོག་ཁ་བོ་ཞིག་ཤི་འདུག

    Reply
  39. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    ལྟ་བ་མཁྲེགས འཛིན་བྱས་ན་ཡོང་རྒྱུ་དེ་རེད། ཧུའུ ཅིན་ཐོའོ་ཡང་གཟབ་ཟིག་གནང་ན་མ ་གཏོགས་ཡོང་རྒྱ་དེ་རིང་ལས་མེད།

    Reply
  40. གསལ་ལེ་རྒྱལ། says:
    ལོ་ 14 སྔོན།

    ང་ལ་མིག་འཕྲུལ་བསྟན་པ་ཡིན་ས་རེད། གསར་འགྱུར་འདི་སྐར་ཆ་རེ་རེ་ལ་འགྱུར་འགྲོ་བཞིན་འདུག

    Reply
  41. མགར་སྲས says:
    ལོ་ 14 སྔོན།

    དེས་ན་གསར་འགྱུར་གྱི་ཁ་བྱང་མ་རིག་ནས།

    Reply
  42. གསལ་ལེ་རྒྱལ། says:
    ལོ་ 14 སྔོན།

     གྷ་ཌ་ཧྥེས་ཞེས་པ་ཡིས NTC དམར་གསོད་གནང་ཡོད་འདུག་ཅེས་གསལ་བོར་བྲིས་མི་འདུག་གམ།

    Reply
  43. མགར་སྲས says:
    ལོ་ 14 སྔོན།

    གྷ་ཌ་ཕྷེ་བསད་པ་རེད་དམ་གྷ་ཌ་ཕྷེས་གཞན་ཞིག་བསད་པ་རེད།

    Reply
  44. ཕྱུགས་རྫི says:
    ལོ་ 14 སྔོན།

    ཨ་ཁ་ཁ་སྙིང་རྗེ་་་་་་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese