མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཤད་སྟངས་མ་ནོར་བ་ཁྱབ་བསྒྲཊ་མ་འཕྱུག་པ་ཞིག་དགོས།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp

འཇམ་མགོན།

 

ང་ཚོས་ཡིད་གཟབ་དང་བཤད་སྟངས་མ་ནོར་བ་ཞིག  ཁྱབ་བསྒྲགས་མ་འཕྱུག་པ་ཞིག་བྱེད་དགོས། ངས་འདི་ལྟར་བརྗོད་དགོས་དོན་ནི་བོད་དོན་འདི་ཟ་ངེ་ཟེང་ངེ་ཞིག་དང་ཉ་གེ་ཉོག་གེ་ཞིག་བྱས་ནས་བཤད་ན་རྩ་བ་ནས་འགྲིག་ཐབས་མེད་ལ། གང་འདོད་འདོད་བཞིན་བཤད་ན་དེ་བས་ཀྱང་ཡོང་ཐབས་མེད། སྐད་ཆ་ལ་ལ་ཞིག་བསྒྲོག་རྒྱུ་ལས་མ་བསྒྲགས་ན་བཟང་བ་དང་། ལ་ལ་ཞིག་ཡིད་གཟབ་དང་འགྲོ་ཤེས་འདུག་ཤེས་ཤིག་གི་སྟངས་ནས་ཁྱབ་སྤེལ་བྱས་ན་ལེགས།

  

བོད་དོན་དྲིལ་བསྒྲགས་དང་བོད་མི་ཡར་ལངས་ཀྱི་སྐབས་རྒྱ་ནག་ལ་ངན་གཤིས་ཤིག་དང་ཐབས་ལམ་ཞིག་ཡོད་པ་ནི། དང་ཐོག་ཕྱི་སྡོད་བོད་མི་རྣམས་ལ་སྐད་འབོད་བྱེད་དུ་བཅུག གང་འདོད་སྒྲོག་ཏུ་བཅུག བར་མཚམས་མེད་པར་ཁྱབ་སྤེལ་བྱེད་དུ་འཇུག་བཞིན་ཡོད། ང་ཚོས་ཇི་ཙམ་སྐད་འབོད་བྱས་ཀྱང་རུང་། ཇི་ཙམ་ངན་བཤད་བྱས་ཀྱང་རུང་། རྒྱལ་སྤྱི་དང་མི་དམངས་ཀྱི་སྡིངས་ཆའི་སྟེང་ལ་གང་ལ་གང་ཙམ་གྱི་གདེངས་འཇོག་སླེབས་མཚམས། རྒྱ་གཞུང་ལྷོད་སྡོད་ངང་ནས་མཐའ་དོན་དོན་གནད་ཆུང་ངུ་ཞིག་རྒྱལ་སྤྱིའི་ཐོག་གཡུག་ནས་ཁྱབ་བསྒྲགས་མདོར་ཙམ་བྱས་རྗེས། ང་ཚོ་དང་ང་ཚོའི་གཞུང་གིས་ཁོ་ཚོས་བརྗོད་བཞིན་པའི་གནད་དོན་དེ་འགྲེལ་བརྗོད་དང་སེལ་མ་ཐུབ་པའི་དཀའ་ངལ་ངང་ལྷག་ནས། དེ་སྔོན་བསྒྲགས་པའི་བསྒྲགས་གཏམ་དང་ངར་ཤུགས་རྣམས་རང་བཞིན་གྱིས་བརླག་འགྲོ་བ་རེད།

 

དཔེ་མཚོན་ཙམ་ཞིག་གི་སྟེང་ནས་བརྗོད་ན། ༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བྱེས་འབྱོར་གཞུང་དང་བོད་མི་ཚོས་སྐད་འབོད་དང་ཁྱབ་བསྒྲགས་གང་ལ་གང་འཚམ་གནང་བ་རེད། རྒྱལ་སྤྱིའི་སྟེང་ལ་ཡང་གོ་གནས་ཀྱི་ཚད་རིམ་ཡག་པོ་བཟུང་བ་རེད། རྒྱ་གཞུང་དུས་ཡུན་གང་འཚམ་གཉིད་ཁུག་པ་བཞིན་སྣང་མེད་དང་དོན་གནད་ཆེར་བཟུང་མེད་པའི་ངོ་བོའི་ཐོག་བསྡད་ནས། མཐའ་མཇུག་ཚིག་སྐམ་གཅིག་གཡུག་པ་རེད། ༸གོང་ས་མཆོག་གིས་ངན་སྐུལ་འོག་ནས་བོད་མི་ཚོས་ངོ་རྒོལ་བྱས་པ་རེད་ཞེས་ཚིག་དོན་དེ་བསྒྲགས་མ་ཐག་ང་ཚོ་དང་ང་ཚོའི་གཞུང་གིས་དེ་༸གོང་ས་མཆོག་མིན་པའི་གསལ་བཤད། རྒྱལ་སྤྱི་ལ་ར་སྤྲོད་གསལ་བོ་ཞིག་བྱས་པའི་རྗེས་བོད་མིའི་ཞི་རྒོལ་གྱི་དྲོད་ཡལ་ཕྱིན་པ་རེད་ལ། རྒྱལ་སྤྱིའི་ཐོག་ལ་ཡང་ར་སྤྲོད་མུ་མཐུད་མ་བྱུང་བར་འདི་ལྟར་ཁུ་སིམ་མེར་གཏིང་བརྗེད་ལྟ་བུ་ཆགས་པ་རེད།

 

དེས་སྟབས་ཀྱིས་བོད་ནང་དུ་ཞི་རྒོལ་གང་རུང་ཞིག་བྱུང་རྗེས་ང་ཚོ་ལ་གྲ་སྒྲིག་བརྣལ་མ་ཞིག་དགོས་ལ། གློ་བུར་ཐོལ་རྒྱག་གི་ལས་དོན་མི་བྱེད་པར་སྔ་ཕྱིར་གཉིས་ལ་བསམ་ཞིབ་མཐིལ་ཕྱིན་ཞིག་དང་བློ་རྒྱ་ཡངས་བོ་ཞིག་དགོས་པ་འདུག  ཐེངས་འདིའི་སྐུ་ཕུང་མཆོད་མེ་རུ་ཕུལ་བ་འདི་ཡང་འབྲི་མཁན་ཚོས་དྲན་ཚུལ་མི་བྱེད་ལ་བསྒྲགས་མཁན་ཚོས་ཀྱང་ཡིན་ཤག་མི་བྱེད་པར། གོ་རིམ་ཞིག་དང་སྔ་གཞུག་ཞིག་ཡོད་པའི་ཐོག་ནས་ལས་འགུལ་སྤེལ་བ་ལས་ཡང་བསྐྱར་རྒྱ་ནག་གི་གནད་དོན་ཆུང་ངུ་ཞིག་རྒྱལ་སྤྱིའི་སྟེང་གཡུག་རྗེས་ང་ཚོས་དེའི་སྐྱོན་གནད་སེལ་མ་ཐུབ་པར་ལྷག་པ་ལྟ་བུ་བྱེད་མི་རུང་ངོ་།།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༡ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 7

  1. འཇམ་མགོན། says:
    ལོ་ 15 སྔོན།

    གྲོགས་གཡུ་རྔོགས་ལགས། སྐུ་ཉིད་ཕེབས་པ་ཧ་ཅང་དགའ་ཡོད།
    ཉིད་ཀྱིས་གསུངས་བ་དེ་དང་བསམ་རྒྱ་དེ་འདྲ་ཞིག་ང་ཚོའི་ཤེས་ཡོན་པ་ཚང་མ་ལ་ཡོད་ན་ཅི་མ་རུང་བསམ་པའི་འདོད་བློ་ཡང་དེ་རིང་ང་ལ་སྐྱེ་རུ་བཅུག་སོང་།
    དྲང་མོར་རེད་པེ་ཅིན་སྲིད་གཞུང་གིས་གང་འདོད་དང་གང་དྲན་བཤད་པ་ཚང་མ་རྒྱལ་སྤྱི་ཅན་དུ་འགྱུར་དོན་ལ་ང་ཚོ་དང་ང་ཚོའི་གཞུང་གིས་བསམ་ཞིབ་གནང་དགོས་པ་འདུག་ལ། ལྷད་དོན་ང་ཚོ་དོན་གནད་གཅིག་གི་ཐོག་ལ་མགོ་བོ་རྦད་དེ་འཐོམ་ནས་བསྡད་ན་ཉེན་ཁ་འདུག ཡིན་ཡང་ཉེན་ཁ་འདུག་ཞེས་པ་ཙམ་གྱིས་སུས་ཀྱང་ཡ་ལེན་མི་བྱེད་ལ། ད་དུང་རང་རང་གི་དྲན་ཚུལ་ཁོ་ན་བདེན་པ་ཡིན་པར་བསྒྲོགས། རང་ཉིད་བདེན་ཚད་ལས་གཞན་གྱི་བསམ་ཚུལ་ནོར་བར་འདོད་པ་དེས་ཉེར་ལེན་གྱིས་ང་ཚོ་ལ་དུས་ནམ་ཡང་འབབ་ས་བདེ་བ་ཞིག་རྙེད་མི་སྲིད་བསམ།
    ངའི་རེ་བ་ཡང་ཉིད་ཀྱི་འདོད་ཚུལ་འདི་བཞིན་ང་ཚོ་ཚང་མས་བསམ་ན་ང་ཚོ་ཡང་ཐབས་རྡུགས་ཤིག་ཡིན་མི་སྲིད་ལ། ཐབས་རྡུགས་པའི་ལམ་ཁ་ཞིག་ལ་ཕྱོགས་བསྐྱོད་ཀྱང་དུས་ནམ་ཡང་བྱེད་མི་སྲིད་འདོད།

    Reply
  2. འཇམ་མགོན། says:
    ལོ་ 15 སྔོན།

    གྲོགས་རང་དབང་རྒྱལ་ལགས། སྐུ་ཉིད་ཀྱི་བསམ་ཚུལ་དེ་འདྲ་ཞིག་ངས་སྔ་ས་ནས་འདོད་ཡོད་ལ་ཁ་ནས་ཕྱིར་འབུད་སྟངས་མ་ཤེས་བར་ལྷག་པ་རེད། ངོ་མ་རེད་རྒྱ་ནག་གིས་ང་ཚོ་ལ་མི་འོས་པའི་ཚིག་ངན་ཞིག་བརྗོད་རྒྱུ་ཡིན་པ་ནི་ཚང་མ་གསལ་གསལ་ཐིང་ཐིང་ཡིན་ལ། དེ་འདྲའི་ཚིག་ངན་ཞིག་མི་བརྗོད་པའི་སྟ་གོན་དང་ལས་འགུལ་ཞིག་ཀྱང་དང་ཐོག་ནས་སྤེལ་དགོས་པ་འདུག ང་ཚོས་ཐད་ཀར་བྱུང་བའི་གནད་དོན་ཁོ་ན་ལ་བལྟས་ནས་ངར་ངར་བྱེད་པ་ལས་དེའི་མཇུག་འབྲས་ལ་བསམ་བློ་གཏོང་གི་མི་འདུག དོན་དངོས་ཐོག་དེའི་མཇུག་འབྲས་ལ་བསམ་བློ་བཏང་ནས་ལས་འགུལ་སྤེལ་ན་རྒྱ་ནག་གིས་ཀྱང་དོན་མེད་༸གོང་ས་མཆོག་ལ་སྐུར་འདེབས་བྱེད་མི་ཕོད་ལ། སྐུར་བ་འདེབས་ན་ཡང་དོན་དངོས་ཀྱི་རྒྱུ་མཚན་དང་བརྡར་ནས་འདེབས་པ་ལས་ད་ལྟའི་ནང་བཞིན་གང་དྲན་ལྟ་བུ་ཞིག་ཡོང་མི་ཐུབ།
    དེ་བས་ཁྱོད་ཀྱི་གསུངས་བ་ལྟར་ང་ཚོ་ལ་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་ཞིག་དགོས་ངེས་རེད་ལ། ཛ་དྲག་འབྲེལ་མཐུད་དེ་ཡོད་ན་མི་དམངས་དང་གཞུང་བཅས་ལ་དྲན་སྐུལ་དང་སྐུལ་འདེད་བྱས་ན་འབྲི་མཁན་ཚོས་ཀྱང་རང་རང་གི་འདོད་ཚུལ་འབྲི་མི་ཐུབ། གླེང་འདེབས་མཁན་ཚོས་ལ་ཡང་བར་ལྷག་གི་ཁེ་བཟང་ཞིག་རྙེད་མི་ཐུབ། དེ་མིན་འདི་ལྟར་རང་སྒར་འགྲོ་ན་རང་རང་མ་ཤི་རང་རང་ལས་དོན་དམ་གྱི་གོ་རྟོགས་ཤིག་ཡོང་བཞིན་མེད་པའི་ཚོར་སྣང་བྱུང་།

    Reply
  3. གཡུ་རྔོགས། says:
    ལོ་ 15 སྔོན།

    འཇམ་མགོན་ལགས་ཀྱི་བསམ་ཚུལ་འདི་དུས་ལ་བབ་པའི་གླེང་གཞི་དེ་རེད་འདུག རེ་བ་ལ་དཔྱད་མཆན་འདེབས་མཁན་དག་གིས་དོ་སྣང་ཆེ་ཙམ་བསྐྱེད་ནས་ཕུ་འདེད་ཅུང་ཙམ་རེ་བྱེད་ཐུབ་སོང་ན་དགེ་ཕན་ཆེ་བ་འདུག་བསམ་བྱུང་།
    ཕྲན་ལ་མཚོན་ཀྱང་མི་ལོ་བཅུ་ལྷག་གི་རིང་བཙན་བྱོལ་བའི་འཚོ་བ་འདི་སྐྱེལ་ནས་ཨམ་ཅོག་ཅོར་ཅོར་དང་མིག་རིག་རིག་བྱས་བསྡད་པའི་རིང་། པེ་ཅིན་གཞུང་གིས་རྒྱལ་སྤྱིའི་ཁྲོད་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་དང་། དེ་བཞིན་ཁ་བྲལ་རིང་ལུགས་བའི་ངན་ཇུས། མགོ་སྐོར། ཐ་ན་སྐུལ་སློང་བྱས་ནས་འཇིགས་སྐུལ་བྱེད་འཆར་ཡོད་ཚུལ་སོགས་གླེང་འདེབས་གོམས་དུ་གྱུར་པའི་བྱ་སྤྱོད་འདི་རིགས། པེ་ཅིན་གཞུང་གི་ཞལ་འདོན་གཏིང་ནག་པོ་དེ་རེད། དེ་བཞིན་རྒྱལ་སྤྱིའི་སྒང་གི་སྲིད་དོན་པ་ཚོས་ཀྱང་ཡིན་ལ་མིན་གྱི་སྐད་ཆ་རེ་བཤད་ནས་རང་ཉིད་ཀྱི་འདོད་དོན་འགྲུབ་སོང་ན། དེ་གས་འགྲིག་བསྡད་ཡོད་བཟོ་བལྟ་ཐེངས་མང་ལ་འུ་ཅག་གིས་མཐོང་ནས་འཕྲད་ཀྱིན་བའི་བྱ་བ་རེད། སྐབས་རེ་རྒྱལ་སྒང་གི་སྲིད་དོན་པ་ཚོས་དྲང་བདེན་ལ་དེ་ཙམ་རྒྱབ་སྐྱོར་བྱེད་ཐུབ་ཀྱིན་མེད་པའི་ཉམས་དེ་ཕྱིར་ཐོན་ནས་ཡོང་དུས། ང་ཚོས་དུས་ཡུན་སྦྲེལ་དེ་པེ་ཅིན་གཞུང་གིས་བསམ་བཞིན་དུ་འུ་ཅག་གདོང་ལ་བྱུགས་བའི་ནག་རྩི་སྟེང་། དཀར་རྩི་འབྱུག་རྒྱུའི་ལས་དེ་དམིགས་བྱ་རང་ལ་བཟུང་། ནུས་བ་རྩལ་ཏུ་བཏོན། ཛ་དྲགས་སྐབས་ཀྱི་གནས་སྟངས་ལ་བབ་པའི་འཐབ་རྩོད་རིམ་པ་དེ་ག་ལེར་རྒྱལ་སྤྱིའི་སྲིད་སྟེགས་ཀྱི་གནག་སྡུར་ཁྲོད་ལ་བསྟིམས་བཞིན་པ་རེད།
    དཔེར་ན་་་ ཁ་སང་དེ་རིང་དྲ་ཐོག་འདིར་རང་རང་གི་བསམ་པའི་དཔུང་རོགས་ལ་ལུང་འདྲེན་ལུང་བ་གང་རེ་དྲུད་ནས་ངར་ངར་ཤོར་ཤོར་ར་ཡོད་པའི་གནས་སྟངས་འདི་ཡང་པེ་ཅིན་གཞུང་གིས་བཟོས་བ་ཤ་སྟག་རེད། འདི་ལྟར་བསམ་པའི་དབང་གིས་གང་ཅིའི་ཐད་ནས་བསྐྱར་ཞིབ་བྱེད་རྒྱུའི་ལས་ཞིག་ལྷག་ནས་བསྡད་འདུག་བསམ་པ་དྲན་བྱུང་།

    Reply
  4. རང་དབང་རྒྱལ། says:
    ལོ་ 15 སྔོན།

    འཇམ་མགོན་ལགས།
    གང་ལྟར། ཁྱོད་ཀྱིས་བརྗོད་ཀྱིན་པའི་དཀའ་ངལ་འདི་ནས། ཟུར་དུ་ཛ་དྲག་འབྲེལ་མཐུད་ཞིབ་འཇུག་ཚོགས་ཆུང་ཞིག་མ་ཡོད་པས་རེད་བསམས་སོང་། གལ་སྲིད། དེ་འདྲའི་བརྒྱུད་ལམ་ཞིག་གཞུང་གི་ངོས་ནས་སྔ་ས་ནས་གྲ་སྒྲིབ་བྱས་ཡོད་རྒྱུ་ཡོད་ན། དགོན་སྡེ་དང་མི་སྒེར་བྱེ་བྲག་པའི་མིང་ཐོག་ནས་ཁྱབ་སྤེལ་བྱེད་མི་དགོས་པར་གཞིས་བཞུགས་བོད་མིའི་ཛ་དྲག་གི་གནས་ཚུལ་དེ། རྒྱལ་སྤྱིའི་ཐོག་ལ་དྲིལ་བསྒྲགས་བྱེད་ཕྱོགས་དེ་མགོ་རྔ་ཡོད་པ་ཞིག་དང་གྲུབ་འབྲས་ཡོད་པ་ཞིག་ཏུ་འགྱུར་གི་རེད་འདོད་དོ།།

    གལ་སྲིད། དེ་འདྲའི་ཛ་དྲག་འབྲེལ་མཐུད་ཞིབ་འཇུག་ཚོགས་ཆུང་ཞིག་ཡོད་ན། གཞུང་ངོས་ནས་བཀོད་ཁྱབ་བཏང་ནས། བོད་ནང་གི་ཛ་དྲག་གི་གནས་ཚུལ་སུས་སྔ་སུས་མགྱོགས་མི་བྱེད་པར་གོ་རིམ་དང་འཆར་གཞི་ཡོད་པའི་སྒོ་ནས་གཞུང་ངོས་ནས་གསར་འགོད་ལྷན་ཚོགས་རེ་དུས་ཐོག་ཏུ་བསྐོངས་ནས་ཛ་དྲག་གི་གནས་ཚུལ་རྣམས་ངོ་འཕྲོད་བདེ་བ་དང་། ཁུངས་བཙན་པ་སོགས་ལ་རང་བཞིན་གྱིས་འགྱུར་འགྲོ་གི་མ་རེད་དམ།

    ལྷག་པར་དུ། དེ་འདྲའི་བརྒྱུད་ལམ་ཞིག་བསྐྲུན་པ་ཡིན་ན། འབྲེལ་མཐུད་ཉམས་ཞིབ་ཚོགས་ཆུང་གི་ནང་དུ། བོད་རྒྱ་དབྱིན་ཧིན་སྐད་སོགས་ཀྱི་བསྒྱུར་ཐུབ་མཁན་མི་སྣ་གང་མང་ཞིག་བསྡུ་རུབ་བྱས་ནས། དུས་གཅིག་ཉིན་གཅིག་ལ་ཛ་དྲག་གི་གནས་ཚུལ་སྤེལ་བ་ཡིན་ན། དམིགས་བསལ་གྱིས་བོད་གཞུང་གི་ཆེ་མཐོང་དང་ཛ་དྲག་གི་གནས་ཚུལ་དེ་ཚད་གཞི་ཇེ་ཡག་ཏུ་འགྲོ་ངེས་པས་ན། དེ་ལྟར་ཡོང་བར་དྲ་གྲོགས་ཚང་མའི་ངོས་ནས་བསམ་ཚུལ་རེ་འདོན་རོགས་ཞུ།

    མ་གཏོགས་ཉིས་སྟོང་བརྒྱད་ནས་ད་ལྟའི་བར་དུ། བཙན་བྱོལ་བའི་གནས་ཚུལ་སྤེལ་ཕྱོགས་ནི། དགོན་པ་ཞིག་དང་མི་སྒེར་ཞིག་གི་ཁ་ལ་ཉན་བསྡད་པའི་གནས་ཚུལ་དེ་ཆེས་མཚར་བོ་ཞིག་རེད། ལྷག་པར་གོ་རིམ་དང་འཆར་གཞི་མེད་པའི་སྒོ་ནས་གང་འདོད་འདོད་དུ་གནས་ཚུལ་སྤེལ་ཕྱོགས་དེས་རང་རང་གི་མིང་འགྲོ་ཕྱོགས་ལ་སྙོབས་ཀྱིན་པའི་བཟོ་ཞིག་མི་འདུག་གམ།

    བཀའ་ཁྲི་བློ་བཟང་སེངྒེས་ཁངས་བླངས་ཟིན་པ་ལྟར། ད་ཡིན་ན། ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་ལ་བསྐྱར་ཞིབ་བྱས་ཟིན་ཡོད་རྒྱུ་རེད། ཡོད་ན། ད་ནས་བཟུང་། གཞིས་བཞུགས་སྤུན་ཟླ་རྣམ་པའི་ངོས་ནས་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་བྱེད་སྟངས་ཀྱི་གནས་ཚུལ་དེ་རྒྱལ་སྤྱིའི་ཐོག་ཏུ་ཞིབ་ཚགས་དང་གོ་རིམ་ཡོད་པའི་སྐྱེལ་རན་པའི་དུས་ཚོད་ཡལ་གྱིན་པ་མ་ཡིན་ནམ།

    Reply
  5. འཇམ་མགོན། says:
    ལོ་ 15 སྔོན།

    རང་དབང་རྒྱལ་ལགས། སྐུ་ཉིད་འདི་ལྟར་ཕེབས་ཡོང་བསམ་མ་བྱུང་ལ་ད་དུང་འདི་འདྲ་ཞིག་བརྗོད་ཡོང་ཡང་དེ་བས་ཀྱང་བསམ་མེད།
    བསམ་མ་བྱུང་ས་ཞིག་ནས་ང་ལ་ཡང་བློ་རྒྱ་ཞིག་བསྐྱེད་ཐ་ཞེ་ན་སྤྲེལ་ལད་རེད་མ་བསམ་རོགས། དྲང་མོར་བརྗོད་ན་ང་ཚོ་དང་ང་ཚོའི་སྤྱི་ཚོགས་འདི་གཙོ་ཆེར་རང་ཉིད་གཟབ་ས་ཞིག་ལ་ལངས་ནས་ད་གཟོད་འུ་ཤོད་བྱེད་པ་དང་། རང་ཉིད་སྐྱོན་མེད་ས་ཞིག་ལ་བསྒྲེགས་ནས་ད་གཟོད་གཞན་ལ་འགྲིག་མི་འདུག་ཟེར། དེ་ནི་ང་ཚོའི་དགོས་འདུན་མིན་ལ་ཐབས་རྩོད་ཀྱང་མ་རེད་འདོད། གང་ཞིག་ན་འགྲིག་གི་མེད་པ་དེ་སར་ཕྱོགས་ནས་ཁ་ཕྱོགས་དང་ལངས་ཕྱོགས་འཚོལ་དགོས་པ་ལས་བཤད་རྗེས་མི་འབྲངས་བ་དང་། བསྒྲུབ་ཚུལ་ཡིན་མིན་བརྟག་རྒྱུ་ནི་རང་ཉིད་ཁོ་ན་ལ་ཐུག་ཡོད་བསམ།
    དེ་བས་ཀྱང་ང་ཚོ་ལ་གཅིག་དགོས་པ་ནི་རང་ཉིད་ཀྱི་འདོད་ཚུལ་ཁོ་ན་ཡིན་མི་རུང་སེམས། རང་ཉིད་ཀྱི་བསམ་ཚུལ་དང་འདོད་དོན་ཁོ་ན་གཅེས་འཛིན་ལ་ཤོར་རྐྱེན་རྒྱ་གཞུང་གིས་ཀྱང་བར་ལྷག་དེ་ནས་ང་ཚོ་ལ་གཏོར་རྒོལ་གྱི་ཚིག་ངན་གང་ཞིག་འོས་ཤིང་འཚམས་མིན་གྲ་སྒྲིག་སྔ་ས་ནས་བྱས་ཡོད་པ་རེད། ཚིག་ངན་གཅིག་བརྗོད་ཐེངས་གཅིག་གིས་ང་ཚོ་གཞི་ནས་གཉིད་སངས་བཞིན་ཡོད་རུང་། གཉིད་སངས་བའི་རྗེས་ནས་ཇི་ལྟར་བརྗོད་རུང་ཆུ་ལ་རྡོ་གཡུག་པ་ལྟ་བུ་ལས་ཞེ་དྲག་ཡ་ལན་དང་ཉན་འཇོག་བྱེད་བཞིན་མེད། དེས་སྟབས་ཀྱིས་ང་ཚོས་ཀྱང་སྟ་གོན་དང་རང་སྒེར་ཚིག་ངན་ཆུང་ངུ་ཞིག་ལ་གཏོར་རྒོལ། གཉའ་གནོན། ཁ་ཕྱོགས་འགྱུར་མི་རུང་བར་བ་ངེས་དགོས་པ་ཡིན།

    Reply
  6. རང་དབང་རྒྱལ། says:
    ལོ་ 15 སྔོན།

    བསམ་ཚུལ་འདིའི་རིགས་ཀྱིས། བཙན་བྱོལ་བའི་ལས་འགུལ་སྤེལ་ཕྱོགས་ལ་གཟབ་དགོས་སའི་ཕྱོགས་སུ་ཁྲིད་ཀྱིན་པ་ཡག་པོ་འདུག་རུང་། གཞུང་མང་ཚོགས་སྒེར་སུ་ཞིག་གིས་ལས་འགུལ་སྤེལ་སྐབས་སུ། འདིའི་རིགས་ཀྱི་བསམ་ཚུལ་ལ་དོ་སྣང་བྱེད་མཁན་ཡོད་དམ།

    ད་ལྟའི་བར་དུ། བཙན་བྱོལ་བའི་གཞུང་མང་སྒེར་ཚོགས་པ་སོགས་ཀྱི་ངོས་ནས་ལས་འགུལ་རབ་དང་རིམ་པ་མང་སེ་སྤེལ་ཡོད་པ་རེད་དེ། མཉམ་རུབ་ཀྱི་སྒོ་ནས་འབོད་སྒྲ་གཅིག་དང་གཅིག་གྱུར་གྱི་ལངས་ཕྱོགས་ཤིག་མ་བཟུང་བར་རང་རང་གི་ས་ནས་རང་སྣང་དྲན་གྱིས་ལས་འགུལ་སྤེལ་བ་དེའི་མཇུག་འབྲས་དེ་སྤྱི་ལ་ཁྱབ་པ་ཞིག་མ་བྱུང་བ་འདྲ།

    ད་ཡིན་ན། འདས་པའི་ཉམས་མྱོང་དང་ལེན་བྱས་ཏེ། ད་ལྟའི་ཁ་ཕྱོགས་ལ་འགྱུར་བ་ཞིག་བཏངས་ནས་སང་ཉིན་གྱི་ལས་འགུལ་གྱི་གྲུབ་འབྲས་འབུར་དུ་ཐོན་སེ་ཞིག་གི་ཕྱོགས་སུ་འབད་དགོས་པ་ནི། བཙན་བྱོལ་བ་ཞིག་ལ་འཁྲི་བའི་འཐབ་རྩོད་བྱེད་ཕྱོགས་ཤིག་ཡིན་པ་འདྲ།

    སང་ཉིན་ལས་དེ་རིང་གི་ལས་འགུལ་བྱེད་ཕྱོགས་འདི་གལ་གནད་ཆེ་བས་ན། དེ་རིང་གི་ལས་འགུལ་དེ་རིང་རང་ལ་སྨིན་ཐུབ་ཐབས་སུ་འབད་དགོས་པ་ནི། བཙན་བྱོལ་བ་ཞིག་ལ་མ་སྐུལ་རང་འཁྲིའི་ལས་འགན་ཞིག་རེད་ཨང་།

    འདི་ནི། རྨི་ལམ་ཞིག་མིན་པར་ད་ལོའི་དཀྱིལ་ཤར་ཨེ་ཤ་ཡེའི་རྒྱལ་ཁབ་ཁག་ཅིག་གིས་དེ་རིང་གི་གྲུབ་འབྲས་དེ་དེ་རིང་རང་ལ་བླངས་པ་མ་ཡིན་ནམ། ང་ཚོས་མི་ལོ་ལྔ་བཅུ་ངང་སྒྲུག་བྱས་རུང་། དེ་རིང་མ་དགོས་སང་ཉིན་གྱི་གྲུབ་འབྲས་གང་ཞིག་འགྲོ་གི་ཡོད་མེད་ཆ་མ་མཚལ་བ་འདི་མ་རེད་དམ།

    མ་གཞི་ངའི་བསམ་ཚུལ་ནོར་མེད་ན། བཙན་བྱོལ་བའི་སྲིད་བྱུས་འཛིན་མཁན་དག་ལ། ཆབ་སྲིད་ཀྱི་བསམ་བློ་དང་འགན་འཁུར་ཏག་ཏག་ཅིག་མ་ཡིན་པས་ཡིན་ན་ཐང་། དེ་ལས་ཀྱང་ཚབས་ཆེ་བ་ཞིག་ལ་རྒྱ་གཞུང་དང་དེའི་སྲིད་བྱུས་ལ་ཉམས་ཞིབ་བྱེད་མཁན་ནི། ཆེས་ཉུང་ངུ་ཞིག་ཡིན་པ་མ་ཟད། རྒྱ་གཞུང་གིས་བོད་ཐོག་ལ་ཉམས་ཞིབ་བྱེད་སྟངས་དང་བསྡུར་བ་ཡིན་ན། ཧ་ལམ་མེད་པའི་ཚད་དུ་ལྷུང་བ་མ་ཡིན་ནམ།

    Reply
  7. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    དྲང་མོར་བཤད་ན་བརྗོད་གཞི་འདི་དང་བསམ་ཚུལ་འདི་ལ་གང་མང་ཞིག་བརྗོད་རྒྱུ་འདུག་མོད། ང་ཚོ་ནི་འཕོག་ཐུག་འགྲོ་ཆོག་ཆོག་རྐྱང་ཡིན་སྟབས་བཤད་སྙིང་མ་སྤྲོ། ཡིན་ཡང་བསམ་ཚུལ་འདི་སྤེལ་སྐབས་ཤིག་ལ་སྤེལ་བ་ཧ་ཅང་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese