མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙུན་མ་ཞིག་གིས་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ་ཁམས་རྟའུ་བྱང་ཆུབ་ཆོས་གླིང་དགོན་པའི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ཡོད་འདུག

ད་ལྟ་རང་གནས་ཚུལ་འབྱོར་གསལ་ལ། དེ་རིང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡༢ ཡོལ་ཙམ་ལ་ཁམས་རྟའུ་བྲོ་ཆོ་གྲོང་ཚོའི་རང་ལོ་ ༣༥ ཡིན་པ་ཕ་ཇོ་ནའི་དང་མ་ཀོས་ལན་གཉིས་ཀྱི་བུ་མོ། རྟའུ་བྲག་དཀར་ཆོས་གླིང་གི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རྟའུ་རྣམ་རྒྱལ་མཆོད་རྟེན་གྱི་ཉེ་འགྲམ་དུ་མི་མང་གིས་སྨྱུང་གནས་ཚོགས་ཏེ་གྲོལ་ལ་ཉེ་བ་དང་བསྟུན། ཁོང་མོས་ལུས་ལ་ས་སྣུམ་གཏོར་ཏེ་ཉེ་སྔོན་རྒྱལ་གཅེས་དཔའ་བོ་རྟའུ་ཚེ་དབང་ནོར་བུ་ལགས་ཀྱིས་སྐུ་ལུས་ལ་མེར་བསྒྲོན་པའི་ས་ཆ་དེར་ཕྱིན་ཏེ་སྐུ་ལ་མེ་བསྒྲོན་ཏེ་མི་མང་གི་ཁྲོད་དུ། “བོད་ལ་རང་དབང་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༸གོང་ས་མཆོག་བོད་ལ་གདན་ཞུ་བྱེད་དགོས” ཞེས་པ་སོགས་ཀྱི་ཞི་རྒོལ་སྐད་འབོད་གནང་ཡོད་འདུག
སྐབས་དེར་ཉེ་འཁོར་གྱི་སེར་སྐྱ་མི་མང་ཚོས་ཀྱང་༧རྒྱལ་བ་བསྟན་འཛིན་རྒྱལ་མཚོ་སྐུ་ཚེའི་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་འབོད་གནང་ཡོད་འདུག་ལ། བཙུན་མ་དཔལ་ལྡན་ཆོ་མཚོ་ལགས་ཀྱི་སྐུ་ལུས་ཀྱི་མེ་འབར་ཤུགས་རྒྱས་ཏེ་འདས་གྲོངས་སུ་གྱུར་པ་དང་། ས་གནས་ཉེན་རྟོག་པ་དང་དམག་མི་ཚོས་སྐུ་ཕུང་ཕྱིར་སློག་དགོས་ཞེས་དགོན་པར་བཙན་ཤེད་བྱས་ཡོད་ཀྱང་། ས་གནས་མི་མང་ཚོས་སྐུ་ཕུང་རྟའུ་ཉ་མཚོ་དགོན་པའི་ནང་གདན་འདྲེན་ཞུས་འདུག ད་ལྟའི་སྐབས་རྟའུ་རྫོང་ཐོག་ཏུ་ས་གནས་ཉེན་རྟོག་པ་དང་དམག་མི་ཚོས་མི་མང་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ད་དུང་ཕྱོགས་མཐའི་དགེ་འདུན་པ་དང་བཙུན་མ། མི་མང་བཅས་ནས་ཉ་མཚོ་དགོན་གྱི་ཉེ་འགྲམ་དུ་འཛོམས་བཞིན་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 32

  1. ནད་པ says:
    ལོ་ 14 སྔོན།

    གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།།
    འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
    ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
    སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།

    ༸ གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་མི་དམངས་ཁྲི་ལོར་བརྟན་པར་ཤོག །བོད་རྒྱལོ།།

    Reply
  2. ནོར་འཛིན་དོན་འགྲུབ། says:
    ལོ་ 14 སྔོན།

    དཔའ་མོ་ལགས་་་་་་་་་་་་་སྐུ་ཉིད་ཀྱི་ལུས་མེ་ལ་སྒྲོན་པ་་་ངས་ལུས་ངག་ཡིད་གསུམ་གྱིས་གུས་འདུད་བྱེད་བཞིན་ཡོད་་་་་་་་་་་་་་

    Reply
  3. ཤག་སྒང་པ། says:
    ལོ་ 14 སྔོན།

    གུས་འདུད་ཞུས། མགོན་པོ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་སླར་ཡང་བྱོན་ངེས། ཁྱེད་རང་འདི་ལྟར་ཕེབས་པ་ནི་དོན་ཆུང་ཞིག་རྩ་ནས་མིན།

    Reply
  4. རོ་ལངས། says:
    ལོ་ 14 སྔོན།

    ངོ་མ་སྙིང་སྟོབས་དང་བློས་གཏོང་གི་ཆ་ནས་ཡིད་སྨོན་སྐྱེ་དགོས་པའི་ཚད་ལ་བསླེབས་ཟིན། ཡིན་ན་ཡང་འཆར་གཞིའི་ཆ་ནས་མ་འདང་ས་གཏན་གཏན་མང་པོ་རེད། མ་གཞི་ཁག་ཡོད་པ་མ་རེད། ལས་འགུལ་སྤེལ་སྟངས་ཉི་མ་གཅིག་ལ་སློབ་སྦྱོང་རག་མྱོང་མེད་པ། ཁོང་ལ་མྱ་ངན་གུས་འདུད་གྲངས་མེད་དང་སེམས་གཏིང་ནས་སྨོན་ལམ་ཞུ།།

    Reply
  5. དམག་ལོག་ says:
    ལོ་ 14 སྔོན།

    སྐྱེས་པ་རླབས་ཆེ་ཞིང་གཤེགས་པ་གཟི་བརྗིད་ཆེ། བོད་མི་རིགས་ཀྱི་ཆེད་དུ་གཤེགས་པ་གཟི་བརྗིད་ཆེན་པོ་རེད། འཕགས་པ་ཐུགས་རྗེ་ཆེན་པོའི་ཚེ་རབ་ནས་ཚེ་རབ་བར་དུ་རྗེས་སུ་འཛིན་པར་སྨོན།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ངོ་མ་ངོ་གནོང་མི་དགོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཅི་འདྲ་ཞིག་མང་ཨང་་ཁྱེད་ཅག་གི་ཚེ་སྲོག་གི་མཆོད་མེ་འདི་དག་བོད་མི་རིགས་ཀྱི་ལོ་རྒྱུས་རྡོ་རིང་ངོས་ནམ་ཡང་ནུབ་མེད་ཀྱི་གསེར་ཡིག་ཆེམ་ཆེམ་ཞིག་ཡིན་ལ། མིའི་རིགས་ཀྱི་ཞི་བའི་བདེན་སྐྱོང་གི་རླབས་ཆེན་དཔལ་འབར་རེ་རེ་ཡང་ཡིན། ཁྱེད་ཅག་གི་རྣམ་ཤེས་རེ་རེ་སྤྱན་རས་གཟིགས་ཀྱི་ཕྱག་ཏུ་འཕུར་ངེས། སྤྱན་རས་གཟིགས་དབང་མཁྱེན།

    http://www.chapdaklhamokyab.fr/%E0%BD%91-%E0%BD%A2-%E0%BD%84-%E0%BD%82-%E0%BD%A6-%E0%BD%96-%E0%BD%84/%E0%BD%A2%E0%BD%84-%E0%BD%A2-%E0%BD%98-%E0%BD%82%E0%BD%A6%E0%BD%A2-%E0%BD%A4-%E0%BD%A6-%E0%BD%81%E0%BD%82/%E0%BD%96-%E0%BD%98-%E0%BD%98%E0%BD%81-%E0%BD%93-%E0%BD%82%E0%BD%9E%E0%BD%A6-%E0%BD%9A-%E0%BD%82-%E0%BD%82%E0%BD%89-%E0%BD%A6/

    Reply
  7. འཇམ་བཟང་། says:
    ལོ་ 14 སྔོན།

    དཔལ་ལྡན་ཆོས་མཚོ་ལགས་ཁྱེད་ཐུགས་སེམས་བདེ་མོ་ངང་ཕེབས་ཤིག ང་ཚོ་ཤུལ་ལུས་ཀྱི་སྤུན་ཟླ་དག་གི་ཁྱེད་ཀྱི་རེ་འདོད་བཞིན་ང་རྗེས་ནས་འགྲུབ་པ་བྱེད་ཆོག །
    ཡུལ་གྱར་བའི་སྤུན་ཟླ་ཚོ། ད་མ་ཉལ་ཡར་ལ་ལོངས་དང་། ཡིན་ཅིག་ལངས་དང་། ང་ཚོ་ཡང་འགྲོ། ཕ་ས་སྨུག་པོ་རྩོད་རུ་འགྲོ། ད་ལྟའི་ཆར་ཕ་ས་སྨུག་པོ་ཁྲག་དང་རྔུལ་ཆུ། བེན་པོ། རྣམ་ཤེས་ཀྱིས་གང་ནས་ཡོད། ང་ཚོ་ལོག་འགྲོ། རང་ས་རང་ཡུལ་ལ་ལོག་འགྲོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  8. འཇམ་བཟང་། says:
    ལོ་ 14 སྔོན།

    དཔལ་ལྡན་ཆོས་མཚོ་ལགས་ཁྱེད་ཐུགས་སེམས་བདེ་མོ་ངང་ཕེབས་ཤིག ང་ཚོ་ཤུལ་ལུས་ཀྱི་སྤུན་ཟླ་དག་གི་ཁྱེད་ཀྱི་རེ་འདོད་བཞིན་ང་རྗེས་ནས་འགྲུབ་པ་བྱེད་ཆོག །
    ཡུལ་གྱར་བའི་སྤུན་ཟླ་ཚོ། ད་མ་ཉལ་ཡར་ལ་ལོངས་དང་། ཡིན་ཅིག་ལངས་དང་། ང་ཚོ་ཡང་འགྲོ། ཕ་ས་སྨུག་པོ་རྩོད་རུ་འགྲོ། ད་ལྟའི་ཆར་ཕ་ས་སྨུག་པོ་ཁྲག་དང་རྔུལ་ཆུ། བེན་པོ། རྣམ་ཤེས་ཀྱིས་གང་ནས་ཡོད། ང་ཚོ་ལོག་འགྲོ། རང་ས་རང་ཡུལ་ལ་ལོག་འགྲོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  9. བྱམས་རྒྱལ། says:
    ལོ་ 14 སྔོན།

    འཛམ་གླིང་གང་སར་གནས་ཚུལ་ཁྱབ་སྒྲག་གནོངས་ཤོག་

    Reply
  10. ཐིག says:
    ལོ་ 14 སྔོན།

    རྒྱལ་ཞེན་ལྷག་བསམ་གྱིས་ཕྱུག་པའི་དཔའ་མོ་དཔལ་ལྡན་ཆོས་མཚོ་ལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་གྲངས་མེད་ཡོད། ཁྱེད་ཀྱི་ཚེ་སྲོག་གི་རིན་ཐང་དེ་ནི་བོད་ཀྱི་ལོ་རྒྱུས་དེབ་ཐེར་སྟེང་ནས་ནམ་ཡང་ཡལ་མི་སྲིད། ང་ཚོས་ཁྱེད་རང་ནམ་ཡང་དྲན་གྱིས་རེད།

    Reply
  11. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    ངོ་མ་ཁོང་ཚོའི་སྙིང་སྟོབས་ལ་བསྔགས་བརྗོད་དང་གདུང་སེམས་མཉམ་བསྐྱེད་ཞུ་དང་ཞུ་བཞིན་ཡོད།

    Reply
  12. མྱུལ་ཞིབ་པ་ says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་སྙིང་ཁུང་རུས་པའི་གཏིང་ནས་གུས་བཏུད་ཞུ་ཁྱེད་རྣམས་དུས་བརྟན་དུ་འཇིག་རྟེན་འདི་ནས་ཞལ་བྲལ་ཡང་ཁྱེད་རྣམས་ཀྱི་རྣམ་ཤེས་དུས་བརྟན་དུ་ང་ཚོ་དང་མཉམ་དུ་ཡོད།

    Reply
  13. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    དཔའ་མོ་ཁོང་ལ་བླ་ན་མེད་པའི་གུས་འདུད་དང་། མིའི་རིགས་ཀྱི་བདེན་དོན་གྱི་ཆེད་དུ་འདི་ལྟར་རང་ལས་མེ་རུ་བསྒྲོན་པ་ནི་ངོ་མ་དཔའ་བོ་དང་དཔའ་མོ་ཞེས་པའི་ཆོ་ལོ་དེ་ཅི་ལ་མི་ཐོབ། ལོ་རྒྱུས་ཀྱིས་ཁྱེད་ཅག་དུས་ནམ་ཡང་གླེང་གི་རེད།

    Reply
  14. སྨྱུག་མདའ། says:
    ལོ་ 14 སྔོན།

    དཔའ་མོ་ཁོང་བོད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེ་ལ་སྒྲོན་ནས་ཚེ་སྲོག་ཤོར་བ་མྱ་ངན་གུས་འདུད་གྲངས་མེད་ཞུ།

    Reply
  15. སྨྱུག་མདའ། says:
    ལོ་ 14 སྔོན།

    དཔའ་མོ་ཁོང་བོད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེ་ལ་སྒྲོན་ནས་ཚེ་སྲོག་ཤོར་བ་མྱ་ངན་གུས་འདུད་ལན་བརྒྱ་ཞུ།

    Reply
  16. ནགས་མཚོ says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་མོ་དཔའ་ལྡན་མཚོ་ལགས་ཀྱི་སྙིང་སྟོབས་དང་འདྲེན་་འདའ་བྲལ་བའི་ལྷག་བསམ་ལ་དུས་ནམ་ཡང་སྙིང་དབུས་ནས་གུས་འདུས་ཞུ། ཁྱེད་ཀྱིས་འབོད་སྒྲ་བཞིན་མྱུར་དུ་འགྲུབ་པར་སྨོན། བོད་རྒྱལ་ལོ། བོད་རྒྱལ་ལོ།།

    Reply
  17. བཙན་པོའི་བུ། says:
    ལོ་ 14 སྔོན།

    ཁྱེད་ཀྱི་བླ་ན་མེད་པའི་བློས་གཏོང་ལ་རྗེས་སུ་ཡིད་རང་ཡོད། ཕྱི་མ་གཏན་བདེ་ཐོབ་པའི་གསོལ་སྨོན་ཞུ།

    Reply
  18. རྐྱང་ཕྲུག ཁེར་རྐྱང་གི་ཆིག་ལབ། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་མོ་དཔལ་ཆོས་འཚོ་ལ་སྙིང་ནས་གུས་འདུད་ཞུ།

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་བས།།
    དཀའ་བ་བརྒྱ་ཕྲག་གྲུབ་པའི་སྐྱེ་བོ་རྣམས།།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།

    ཁྱེད་ཀྱི་སྙིང་སྟོབས་དང་རྒྱལ་ཞེན་གྱི་ལས་འགུལ་དེས་རྒྱལ་སྤྱིའི་ཐོག་བོད་དོན་ལ་དགའ་བའི་སྐྱེས་འགྲོ་རྣམས་ཀྱིས་ཁྱེད་ལ་ཡི་རང་དང་སྔགས་བརྗོད་བྱེད་ཀྱི་མེ་ཏོག་སའི་གོ་ལའི་ཐོག་གཏོར་སོང་། ད་དུང་དེ་རིང་གི་ཉིན་མོ་འདིར་རྒྱལ་སྤྱིའི་ཐོག་རྒྱལ་ཁབ་ཉི་ཤུ་ཙམ་ཚོགས་འདུར་ཚོགས་པའི་ཉིན་མོ་གལ་ཆེན་ཞིག་རེད། བོད་མི་རིགས་ཀྱི་ཡོད་ཚད་ནག་གསུབ་གཏོང་མཁན་གྱི་གཏེ་བོ་ཧུའུ་སྐྱིན་འཐུང་ཡང་དེའི་ཐོག་ཝ་སྐྱེས་སེང་ལྤགས་གྱོན་ནས་ཡོང་ཡོད། ཁྱེད་ཀྱིས་དེ་རིང་ཧུའུ་ཡི་སྙིང་རྩ་འདར་དགོས་པ་བཟོས་སོང་།
    ཁྱེད་ཀྱིས་གཙོས་པའི་རྒྱལ་ཞེན་སྙིང་སྟོབས་ཅན་ཚོའི་དམིགས་ཡུལ་དེ་འགྲུབ་ཆེད་འཛམ་གླིང་ཡུལ་གྲུ་གང་སར་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་བཞིན་པའི་སྐབས་རེད།

    Reply
  19. མིང་མེད says:
    ལོ་ 14 སྔོན།

    བོད་མི་རིགས་རིག་གཞུང་དང་བཅས་པའི་ཆེད་རང་ལུས་མེ་མཆོད་ཕུལ་ཁམས་རྟའུ་བྱང་ཆུབ་ཆོས་གླིང་དགོན་པའི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱི་བྱས་རྗེས་ལ་རྗེས་སུ་ཡི་རངས་བརྗོད་བཅས་དང་སེམས་གཏིང་ནས་གུས་འདུད་གྲངས་མེད་ཞུ་ཞུ།

    Reply
  20. ཕྱུགས་རྫི says:
    ལོ་ 14 སྔོན།

    རྒྱལ་ཞེན་ལྷག་བསམ་གྱིས་ཕྱུག་པའི་དཔའ་མོ་དཔལ་ལྡན་ཆོས་མཚོ་ལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་གྲངས་མེད་ཡོད་ལ། བོད་བསྟན་པ་ཆབ་སྲིད་ཀྱིས་དོན་ལ་ཁ་ཞེ་གཉིས་མེད་ཀྱི་བསམ་ཕོད་ལ་བྱེད་ཕོད་མཁན་གྱི་མི་བུ་སྒལ་ཚིགས་ཅན་ཞེས་པ་འདི་འདྲ་ལ་ངོས་འཛིན་གྱི་ཡོད།

    Reply
  21. ནགས་མེ། says:
    ལོ་ 14 སྔོན།

    འབོད་ཚིག་འདི་ཧ་ཅང་གལ་ཆེན་ཡིན་པས། ༼ བོད་ལ་རང་དབང་བསྐྱར་གསོ ༽ དང ༼ གོང་ས་མཆོག་བོད་ལ་བདེན་འདྲེན་ཞུ་དགོས ༽ ཞེས་སྨྱན་སྦྱོར་ཚན་པ་ཡོངས་རྫོགས་མགྲིན་གཅིག་དབྱངས་གཅིག་ཡིན་དགོས།

    Reply
  22. ཁྱུང་དཀར says:
    ལོ་ 14 སྔོན།

    བཙུན་མ་ཁོང་གི་རྒྱལ་ཞེན་སྙིང་སྟོབས་ལ་གུས་བཀུར་དང་སྐྱོ་གདུང་ཆེན་པོས་མྱ་ངན་ཞུ་ཀི་ཡོད། སྐད་ཆ་འདི་རིགས་ཀྱིས་ཕན་དུ་མེད་ནའང་སེམས་པ་ཀློང་ཀློང་ངེར་རྒྱལ་གཅེས་པ་ཁྱེད་ཀྱི་སྙིང་སྟོབས་ཀྱིས་ང་ཚོའི་གཉིད་གུང་གི་སྤོབས་སེམས་ཆེ་རུ་བསྐྱེད་སོང་། ཕ་ཡུལ་གྱི་གནས་སྟངས་སྡུག་པོ་དྲན་དུ་བཅུག་སོང་།

    Reply
  23. འབའ་སྲས། says:
    ལོ་ 14 སྔོན།

    མིག་ཆུ་སྟོང་གིས་དཔའ་མོ་ཁྱེད་ལ་མྱ་ངན་གུས་འདུད་ཞུ།

    Reply
  24. འདྲེ་མེ་འབུད། says:
    ལོ་ 14 སྔོན།

    གུས་ཕྱག་ལན་བརྒྱར་ཞུ།

    Reply
  25. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་ཇི་སྲིད་བར་དུ་གུས་འདུད་ཞུ།

    Reply
  26. སྐྱ་ཀ says:
    ལོ་ 14 སྔོན།

    དེ་རིང་གནས་ཚུལ་དེ་འབྱུང་རྐྱེན་གང་ཞིག་གི་ཐོག་ནས་བྱུང་བ་མགོ་ནག་བོད་མི་ཞིག་ཡིན་ནས་བཟུང་མི་ཤེས་མཁན་ཧ་ལམ་མེད་སྡད་པ་ཞིག་བྱེད་རྒྱུ་དང་། དེ་ཙམ་དུ་མ་ཟད་དེང་སོང་གི་ཆ་འཕྲིན་གྱི་དུས་རབས་གཅིག་ཏུ་གྲུབ་ཡོད་ཙང་དེ་ལས་གསལ་ཁ་དོད་པའི་རང་དབང་གི་ལུང་པའི་ཆ་སྲིད་མཁན་དང་རྒྱུ་ལམ་ཁག་གི་དབྱིན་བོད་རྒྱ་གསུམ་དང་དེ་མིན་གྱི་ཡིག་རིགས་ཐོག་ནས་གནས་ཚུལ་གསལ་བཤད་བྱེད་དགོས་པ་ཕྱི་ལོག་ཏུ་བཞུགས་པའི་བོད་མི་དག་གིས་འགན་ལེན་ཡིན་པས་ཧ་གོ་བའི་ལས་རིགས་སྤེལ་དགོས། ད་དུང་ཡིན་ནའང་མུ་མཐུད་དུ་ལས་རིགས་དེ་དང་མཚུངས་པའི་ལས་རིགས་དེ་ནི་བོད་མི་ལ་རང་དབང་གི་ཉི་མ་ཞིག་མ་ཤར་གྱི་བར་དུ་འབྱུང་བ་དེ་ནི་གསལ་བོ་གསལ་ཀྱང་རེད་དྲན་སྡད་ཡོད་་

    Reply
  27. ནོར་ཚེ། says:
    ལོ་ 14 སྔོན།

    ཕ་ཡུལ་དྲ་བར་དགའ་ལྡན་ཆོས་གླིང་ངམ། དར་དཀར་ཆོས་གླིང་བཙུན་དགོན་ནས་ཡིན་ཚུལ་ཞིག་བྲིས་འདུག །གོང་དུ་ནི་བྱང་ཆུབ་ཆོས་གླིང་བཙུན་དགོན་ནས་ཡིན་ཚུལ་གསལ།

    Reply
  28. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ཁོང་ཚོས་རང་བསྲེག་གཏོང་དགོས་དོན. ཁོང་ཚོའི་རེ་བ་འམ་འབོད་ཚིག་སོགས་འཁྲུལ་མེད་དོན་འདུས་ཁ་གསལ་བཅས་་་
    དྲ་ཐོག་ནས་ལས་འགུལ་སྤེལ་རོགས
    འུ་ཅག་གི་རིག་འདོན་པ་ཚོ་ནམ་ཡིན་ཡང་ཁ་ནང་ཁོ་ནར་ཕྱོགས་འདུག་པ་ལས་གཞན་ཅི་ཡང་མཐོང་རྒྱུ་མི་འདུག་སྙམ

    Reply
  29. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 14 སྔོན།

    ད་དཔའ་བོ་དང་དཔའ་མོ་ཚོའི་རྗེས་སུ་མ་ཎི་ཚིག་རེ་གཉིས་རེ་བགྲང།
    མིག་ཆུ་ཐིག་པ་རེ་གཉིས་རེ་གཏོང་བ་ལས་གང་ཡང་བྱེད་ཐུབ་ཀྱི་མི་འདུག

    Reply
  30. སྟག་ཚང་རིག་རྒོད་། says:
    ལོ་ 14 སྔོན།

    ཡིད་རང་བྱེད་ཀྱི་ཡོད་
    སྙིང་སྟོབས་ཆེན་པོ་རེད་
    ཕྱི་མ་བོད་པའི་རིགས་སུ་མ་སྐྱེ་བ་ཤོག

    Reply
  31. བཀྲ་ཤིས་ཉི་མ། says:
    ལོ་ 14 སྔོན།

    ད་ནི་མི་ཚང་མར་ཚོར་བ་གང་ཡང་མེད་པ་འདྲ། འཛིན་བཟུང་བྱས་སོང་། ཁྲིམས་ཐག་བཅད་སོང་། མེར་བསྲེགས་བཏང་སོང་། འདི་དག་ཨམ་ཅོག་ནང་སྒྲ་གཅིག་མཚུངས་ཤིག་དང་། འཇུག་བདེ་བོ་ཞིག་ཆགས་ཚར་བ་འདྲ། ད་ཅི་ཞིག་བྱ་རྒྱུ་ཡིན། ང་ཚོ་འདི་ནས་བསྡད་དེ་དོན་སྙིང་འདུག་གམ། མི་འདུག ཁྲག་རྒྱུན་གཅིག་པའི་ཕུ་ནུ་མིང་སྲིང་དེ་དག་གི་རིན་ཆེན་གཅེས་སྲོག་བལྟས་བལྟས་རིག་རིག་ལ་རྫོགས་སུ་འཇུག་རྒྱུ་ཨེ་ཡིན།

    Reply
  32. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    སྙིང་ནས་གུས་འདུད་ཞུ་བ་དང་ཆབས་ཅིག་
    http://www.china.org.cn/china/2011-11/03/content_23817883.htmརྒྱ་ནག་གི་དྲ་ཚིགས་འདི་རུ།ཁོ་མོའི་སྐོར་འདི་ལྟར་བཀོད་འདུག A nun died after setting herself on fire Thursday in a Tibetan county of Sichuan province, the local government said.

    Qiu Xiang from a nunnery in Dawu county of Garze Tibetan autonomous prefecture, set herself on fire at about 12:50 p.m. at a crossing of Binhe road in the county.

    Qiu Xiang, about 35 years old, was a native of the county’s Tongfoshan village. It was unclear why she killed herself.

    The local government has launched an investigation.

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese