མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚང་མ་མཉམ་རུབ་ཐོག་ལས་འགུལ་མཐར་འཁྱོལ་པ་ཞིག་སྤེལ་དགོས།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དབུ་མའི་ལམ་ལས་འགུལ་ཁང་གིས་ཛ་དྲག་གི་གསར་འགོད་གསལ་བསྒྲགས་སྤེལ་ཏེ། རྒྱ་གཞུང་གིས་བོད་ནང་དྲག་གནོན་མཚམས་འཇོག་བྱས་ཏེ། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་རེ་འདུན་བཏོན་སོང་ལ། བོད་པ་མི་རེ་ངོ་རེ་ནས་ནུས་པ་འདོན་རྒྱུའི་དུས་ལ་སླེབས་ཡོད་པའི་སྐུལ་མ་ཡང་གནང་བྱུང་།

དེ་རིང་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་ངྷ་ས་མེག་གྷན་ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་ཚོགས་ཁང་དུ། དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་ཛ་དྲག་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་། གསར་འགོད་ལྷན་ཚོགས་ཐོག་དབུ་མའི་ལམ་ལས་འགུལ་ཁང་གི་ཚོགས་གཞོན་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་སྟེ། ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་ནས་ཟླ་འདིའི་ཕྱི་ཚེས་ ༤ ཉིན་བར། བོད་ནང་བོད་མི་ ༡༡ གིས་བོད་མིའི་རང་དབང་ཆེད་སྐུ་ལུས་མེར་བསྲེགས་བཏང་བ་དེས། བོད་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་གཞུང་གི་སྲིད་བྱུས་ནོར་འཁྲུལ་ཡིན་པ་དང་། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་གཉིས་བོད་མིའི་མགྲིན་ཚབ་པ་ཡིན་པ་ར་སྤྲོད་གསལ་པོ་བྱས་ཡོད་པ། བོད་མི་དེ་དག་གིས་བོད་ནང་གི་ཆོས་དད་རང་དབང་དང་རྩོམ་འབྲིའི་རང་དབང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། ༧གོང་ས་མཆོག་བོད་དུ་གདན་ཞུ་དགོས་པའི་འབོད་ཚིག་བསྒྲགས་པ་སོགས་ནི། འབྲེལ་མོལ་ཐེངས་ ༨ པའི་སྐབས་རྒྱ་གཞུང་ལ་སྤྲད་པའི་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽དང་། དེའི་༼རྒྱབ་ལྗོངས་འགྲེལ་བཤད་༽ཀྱི་དགོངས་དོན་དང་ཡོངས་སུ་མཐུན་པས། རྒྱ་གཞུང་གིས་རང་སྲོག་བློས་བཏང་བའི་བོད་མིའི་མངོན་འདོད་རྡོག་རོལ་མི་གཏོང་བར་དྲག་སྤྱོད་མཚམས་འཇོག་དང་། རྔ་པ་དང་དཀར་མཛེས་ཁུལ་གྱི་དམ་དྲག་སྲིོད་བྱུས་ཕྱིར་འཐེན་གྱིས། རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་གཞི་རྩར་བཞག་སྟེ་འབྲེལ་མོལ་བསྐྱར་གསོ་དགོས་སྐོར་སོགས་བརྗོད་ཡོད།  

 

བསྒྲགས་ཡིག་དེའི་ནང་དགོས་འདུན་ཁག་ཅིག་བཏོན་ཡོད་པ་ནི།  “ གཅིག རྔ་པ་ཀིརྟི་དགོན་དང་རྟའུ་ཉ་མཚོ་དགོན་པ་གཙོས་པའི་བོད་ཀྱི་དགོན་སྡེ་ཁག་ཏུ། ཆོས་ལུགས་ཀྱི་ནོར་འཁྲུལ་སྲིད་བྱུས་རྒྱལ་གཅེས་ཆོས་གཅེས་ཟེར་བ་དང་། ཡང་སྲིད་དོ་དམ་བྱེད་ཕྱོགས་ཡིག་ཆ་ཨང་ ༥ ཟེར་བ་སོགས་ཀྱི་དམ་དྲག་སྲིད་བྱུས་ཕྱིར་འཐེན་གྱིས། གྲྭ་བཙུན་ཚོར་གྲོས་བསྡུར་ཐབས་ལམ་བརྒྱུད་ཁོང་ཚོའི་མངོན་འདོད་ལག་བསྟར་དགོས་རྒྱུ། གཉིས། རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་གཙོས་པའི་ཆེས་མཐོའི་དཔོན་རིགས་ཚོ། མེར་བསྲེགས་དོན་རྐྱེན་བྱུང་སའི་རྔ་པ་དང་དཀར་མཛེས་ཁུལ་དུ་ཕེབས་ཏེ། ས་གནས་མང་ཚོགས་ཀྱི་བསམ་ཚུལ་ལ་གསན་ཞིབ་གནང་རྒྱུ་དང་། རྒྱལ་སྤྱིའི་རྟོག་ཞིབ་སྡེ་ཚན་དང་གསར་འགོད་པའི་ཚོགས་པ་ཞིག་བོད་ནང་བསྐྱོད་དེ་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་དགོས་རྒྱུ།

གསུམ། སྐུ་གཤེགས་བོད་མི་ ༡༡ གཙོས་བོད་ཀྱི་བདེན་དོན་ཆེད་རང་སྲོག་བློས་གཏོང་མཁན་ཚོར་བཀའ་དྲིན་རྗེས་དྲན་དང་། ཁོང་ཚོའི་ཞལ་ཆེམས་མངོན་འགྱུར་ཡོང་བར་ང་ཚོའི་ངོས་ནས་གང་ཐུབ་གནང་རྒྱུ་དང་། རྒྱལ་ཚོགས་དང་ཨ་རིའི་གཞུང་། ཡུ་རོབ་གྲོས་ཚོགས་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས། བོད་ནང་ཛ་དྲག་གནས་སྟངས་ཐོག་སྔར་ལས་རྒྱབ་སྐྱོར་ཡོང་བར་འབོད་སྐུལ་ཞུ་རྒྱུ། བཞི། ཉེ་ཆར་ཨ་རིའི་ཧར་ཝར་ཌི་གཙུག་ལག་སློབ་ཆེན་གྱི་མཁས་དབང་སྐུ་ཞབས་ཡཱང་ཅན་ལིས་སྣེ་ཁྲིད་པའི་རྒྱ་རིགས་ཤེས་ཡོན་ཅན་དང་རྩོམ་པ་པོ་ ༢༠༠ ལྷག་གིས། ས་རྟགས་བསྡུ་རུབ་ཀྱིས་བོད་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་གཞུང་གི་ནོར་འཁྲུལ་སྲིད་བྱུས་ལ་གསལ་ཁ་འདོན་པ་དང་། ཨ་རི་དང་འཇར་མན་དུ་རྟེན་གཞི་བྱས་པའི་རྒྱ་ནག་དམངས་གཙོ་ཚོཊ་པ་ཁག་གིས་ས་རྟགས་བརྒྱབ་པའི་སྙན་ཞུ་དེ། རྒྱལ་ཚོགས་དང་ཨ་རིའི་གཞུང་། ཡུ་རོབ་སྤྱི་མཐུན་བཅས་ལ་འབུལ་འཆར་ཡོད་པར་བསྔགས་བརྗོད་ཞུ་རྒྱུ་  ” ཞེས་འཁོད་འདུག

 

དེའི་ཐད་དབུ་མའི་ལམ་ལས་འགུལ་ཁང་གི་མགོ་ལོག་དམ་ཆོས་དཔལ་བཟང་ལགས་ཀྱིས་བརྗོད་དོན།  “ ཁ་སང་དེ་རིང་བོད་ནང་གི་གནས་ཚུལ་རེ་རེ་ཐོས་ཡོང་སྐབས། སྡོད་མ་ཚིགས་པ་ཞིག་དང་འགྲོ་མ་ཤེས་པ་ཞིག་ཡོང་གི་འདུག བོད་པ་མི་རེ་ངོ་རེ་ཡིས་ནུས་པ་འདོན་རྒྱུའི་དུས་ཚོད་བསླེབས་ཡོད། ད་ལྟ་ལས་འགུལ་ནང་ཞུགས་ཐུབ་མཁན་ཚོ་ལས་འགུལ་ནང་ཞུགས། ཞུགས་མི་ཐུབ་མཁན་ཚོས་སྒོར་མོའི་ཞལ་འདེབས་གནང་དགོས་ཀྱི་འདུག ཆོས་བསྒྲུབ་མཁན་ཚོས་ཆོས་ཕྱོགས་ནས་ལས་ཀ་བྱས་ཏེ། ཚང་མ་མཉམ་རུབ་ཐོག་ལས་འགུལ་མཐར་འཁྱོལ་པ་ཞིག་སྤེལ་དགོས་ཀྱི་འདུག ང་རང་ལ་མཚོན་ན། ལུས་སེམས་གཉིས་ཀྱི་མི་ལྕོགས་ནའང་། བོད་ནང་མེར་བསྲེགས་བཏང་བའི་བོད་མི་ཚོར་ཉིན་རེར་མ་ཎི་ཆིག་ཁྲི་རེ་གསོག་བཞིན་ཡོད་ལ། སྒོར་མོ་ཡོད་མེད་ལ་མ་ལྟོས་པར་དུས་འཁོར་དབང་ཆེན་སྐབས་གྲྭ་པ་རེར་སྒོར་མོ་ ༡ རེ་འབུལ་རྩིས་ཡོད” ཅེས་བརྗོད་བྱུང་།

དབུ་མའི་ལམ་ལས་འགུལ་ཁང་ནི་ ༢༠༠༨ ལོར་གསར་དུ་བཙུགས་པ་ཞིག་ཡིན་ཞིང་། ད་ཆར་ཚོགས་པ་དེར་ས་གནས་ཁག་ ༢༥ ནང་ཚོགས་མི་༩༦ ཙམ་ཡོད་འདུག་ལ། ད་བར་དེབ་སྐྱེལ་བྱེད་མཁན་ ༡༥༠༠༠ ལྷག་བྱུང་ཡོད་འདུག  

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡

མཆན། 9

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    གསར་འགོད་གསལ་བསྒྲགས་འདི་རིན་ཐང་ལྡན་པ་ཞིག་རེད།
    ལ་ལ་ཞིག་གིས་འོག་གི་ཁ་བརྡའི་ནང་གི་དཔའ་རྒོད་ཚོའི་འབོད་ཚིག་ཕྱོགས་བསྡེབས་དེར་གཅིག་གཟིགས་དང་དེ་ནས་མངོན་འདོད་ངོ་མ་དེ་མཐོང་ཐུབ།
    http://www.khabdha.org/

    Reply
  2. བློ་བཟང་། says:
    ལོ་ 15 སྔོན།

    ཤར་ཕྱོགས་ཁུག་རྟ་ལ་གོ་ས་ཡག་པོ་ཐོབ་འདུག རྒན་དམ་ཆོས་དང་དྭངས་ཤར་གཉིས་ཀྱི་སར་སླེབས་འདུག དགའ་བསུ་ཞུ།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཚེ་སྔོན་ལས་དབང་གིས་ཤ་ཁྲག་གཅིག་དང་རྒྱལ་ཁབ་གཅིག་གི་མི་ཡིན་པའི་དབུ་མའི་ལམ་གྱི་ལས་འགན་ཁང་གི་སྤུན་གྲོགས་རྣམས་པའི་དྲུང་དུ། གུས་པ་ཅོ་རི་ཡིས་ཁ་ཁོག་མེད་པར་སྐད་ཆ་དྲང་པོ་ཞུ་རྒྱུ་ཡིན།

    དེ་ཡང་རང་རིགས་ནང་དུ་ཁུལ་དུ་བསམ་ཚུལ་མ་མཐུན་པ་དང་ལམ་ཕྱོགས་མ་མཐུན་པ། འཐབ་རྩོད་ཀྱི་ལམ་ཕྱོགས་མ་མཐུན་པ། མཐར་ཐུག་གི་མཇུག་འབྲས་མ་མཐུན་པ། ཐོབ་ཐང་གི་རྩོད་ལེན་མ་མཐུན་པ། འཐབ་རྩོད་ཀྱི་འབོད་ཚིག་མ་མཐུན་པ། རྒྱལ་སྤྱིའི་ཐོག་རེ་ཞུ་མ་མཐུན་པ། ཨ་རི་ལ་འབོད་སྐུལ་མ་མཐུན་པ། ཡུང་རོལ་ལ་སྙན་ཞུ་མ་མཐུན་པ་སོགས།
    མི་མཐུན་སའི་ས་མཚམས་མང་ཙམ་ཡོད། ང་རང་ཚོ་ལ་མཐུན་ལམ་དང་ཆིག་སྒྲིལ་མེད་ན་ལས་འགུལ་གྱི་ནུས་པ་ཐོན་གྱི་མེད་པ་ཡང་ཕྲུ་གུ་ལོ་བརྒྱད་ཅན་གྱིས་ཀྱང་བཤད་ཀྱི་འདུག་ལ་དྲ་ཐོག་གི་ཤེས་ཡོན་པ་ཚོས་ཁ་གཅིག་གྲགས་རེད། བོད་གངས་པའི་ཕོ་ཉ་ཚོས་ཆིག་སྒྲིལ་ཞེས་གླུ་དབྱངས་ལེན་བཞིན་འདུག རྒྱུ་མཚན་ཆེན་པོ་གཅིག་རེད།
    མེད་ཏུ་མི་རུང་བ་ནི་ཆིག་སྒྲིལ་། ཆིག་སྒྲིལ་་་་་་་་་་་་་མཐུན་ལམ་་་་་ཡིན་པར་ཆ་ཞོགས། དབུ་མ་ལམ་གྱི་ལས་འགུལ་ཁང་གིས་་་་བསྒྲགས་གཏམ་ནང་དུ་བོད་རང་དབང་རང་བཙན་ཞེས་པའི་ཚིག་ཙམ་ཡང་བཏོན་མེད་པ་ནི་་་་རང་ལུས་མཆོད་མེ་ཕུལ་མཁན་གྱི་རྒྱལ་གཅེས་པ་ཚོའི་རྣམ་ཤེས་ཀྱང་སེམས་སྐྱོ་ཡོད་ངེས་ཡིན། མ་ཟད་ཤུལ་ལུས་རྒྱལ་གཅེས་པ་ཚོའི་སེམས་སུ་སྨྲ་ཁ་བཟོ་ཡི་ཡོད། དེ་འདྲ་མ་གནང་རོགས། སྐྱེས་ཕ་བཟང་གི་བུ། བོད་རང་བཙན་གྱི་ཆེད་དུ་རང་སྲོག་བཏང་གི་ཡོད་པར་རྣམས་པ་ཚོས་མཁྱེན་ངེས་རེད།

    Reply
  4. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    བོད་ཀྱི་རྩ་དོན་ཆེད་དུ་ལས་འགན་སྤེལ་མཁན་ཞིག་བྱུང་ན་དེ་ཐུགས་རྗེ་བླ་མེད་ཞུ་མཁན་ཞིག་ཡིན། རང་གི་མི་འཇོན་གཞན་གྱི་ལས་དོན་ལ་འགག་པ་རྒྱུ་འདི་ཞེ་དྲག་གི་ལས་སླ་བོ་ཞིག་མ་ཡིན་པ་ཤེས་ཡོད། རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད།

    Reply
  5. བཀྲ་ཤིས། says:
    ལོ་ 15 སྔོན།

    དབུ་མ་ལམ་གྱི་ལས་འགུལ་ཁང་གིས་ག་རེ་བྱེད་ཀྱི་འདུག སྐུ་སྒེར་དྲུང་ཡིག་བྲེ་སྲང་དང་དབུ་མའི་ལས་འགུལ་ཁང་གིས་ད་བར་དུ་རྒྱ་མི་ལ་ལས་འགུལ་སྤེལ་རབས་གོ་མ་མྱོང་། བོད་པའི་ལས་འགུལ་བ་ཚོར་མགོ་རྡུང་སྤྲད་པ་གོ་མྱོང་། བོད་རང་བཙན་ཡིན་ཟེར་མཁན་ཚོ་རྒྱ་མིའི་སོ་བ་ཡུལ་ཚུལ་བསྒྲགས་པ་གོ་མྱོང་། གཞོན་ནུ་ཚོགས་པ་དང་༸རྒྱལ་བ་རིན་པོ་ཆེའི་བར་འགལ་བ་བཟོས་པ་གོ་མྱོང་ཡོད། དབུ་མའི་ལམ་ཟེར་བ་ཁ་ལ་ཁྱེར་ནས་བོད་པ་ནང་ཁུལ་སེམས་ཤུགས་ཅན་ཚོ་ལ་གནོད་ཤུགས་སྤྲད་པ་གོ་མྱོང་ཡོད། ནང་དཀྲུགས་བྱས་བ་གོ་མྱོང་ཡོད་ཡ།

    ད་ཡང་བོད་ནང་གི་དཔའ་ཚོས་བྱས་རྗེས་དེ་དག་རྒྱ་རི་བླ་རྫུན་ལ་རྒྱ་ཚེ་ཞིམ་པོ་ཟ་རྒྱུ་གོ་སྐབས་ཙམ་ལ་མ་བརྗེ་རོགས། སྐུ་མཁྱེན།

    Reply
  6. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    བོད་དོན་ཆེད་གཞུང་དང་སྒེར་གྱི་ཚོགས་པ་གང་དང་མི་སྒེར་གང་ཡིན་ཡང་ལས་འགུལ་རིགས་ག་འདྲ་ཞིག་སྤེལ་མཁན་འབྱུང་ན་དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་ཡི་རངས་བྱེད་རན་འདུག

    Reply
  7. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 15 སྔོན།

    གནས་ལུགས་མི་དགོས་ས་ན་དྲག་གནོན་ཡོད་པ་རེད། དེ་ན་དམ་པ་མང་པོའི་གཟི་བརྗིད་ཀྱིས་བཞེངས་པའི་འོད་ཀྱི་དབུ་ཁྱུད་ཀྱང་དེ་རུ་ཡོད་ལ། དེ་ཡི་བདེན་དཔང་ནི་ད་ལྟའི་འུ་ཚང་གི་དཔའ་བོ་དཔའ་མོ་ཚོ་ཅི་ལ་མིན།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་རང་སྲོག་བློས་བཏང་གིས་བོད་རང་དབང་རང་བཙན་གྱི་ཆེད་དུ་འཐབ་རྩོད་བྱས་དང་བཞིན་པ་རེད། ཡིན་ནའང་ཁ་ཡོད་ལག་གི་ཁེ་ཕན་གང་ཡང་ཐོབ་མེད།

    འཐབ་རྩོད་པ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་འབོད་ཚིག་དང་དམིགས་ཡུལ། རེ་བཞག་རྣམས་ཇི་མ་ཇི་བཞིན་ཡུང་རོ་གྲོས་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་འགྲོ་ཐུབ་ཀྱི་མེད་པ་རེད།

    རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་ཤི་ཁའི་འབོད་ཚོག་གི་་ནང་དུ་་་བོད་རང་དབང་རང་བཙན་དགོས་ཟེར་བ་དང་༧གོང་ས་མཆོག་བོད་ཀྱི་མི་རྗེ་ཕོ་བྲང་པོ་ཏ་ལའི་ནང་དུ་ཁྲི་ལ་འཁོད་དགོས་ཞེས་པ་འདི་གཉིས་རེད།

    རང་ལུས་གསོན་བསྲེགས་བྱས་པའི་རྒྱུ་མཚན་ཡང་བོད་རང་བཙན་ཐོབ་ཆེད་དང་༧གོང་ས་མཆོག་བོད་ཀྱི་མི་རྗེ་ལ་་ཕོ་བྲང་པོ་ཏ་ལའི་ཆོས་སྲིད་ཀྱི་བདག་དབང་བསྐྱར་གསོ་བྱེད་ཆེད་དུ་རེད།

    དབུ་ལམ་གྱི་ལས་འགུལ་ཁང་གིས་ངོས་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་།།།།།་
    །༼༼༼བོད་མི་དེ་དག་གིས་བོད་ནང་གི་ཆོས་དད་རང་དབང་དང་རྩོམ་འབྲིའི་རང་དབང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། ༧གོང་ས་མཆོག་བོད་དུ་གདན་ཞུ་དགོས་པའི་འབོད་ཚིག་བསྒྲགས་པ་སོགས་ནི། འབྲེལ་མོལ་ཐེངས་ ༨ པའི་སྐབས་རྒྱ་གཞུང་ལ་སྤྲད་པའི་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽དང་། དེའི་༼རྒྱབ་ལྗོངས་འགྲེལ་བཤད་༽ཀྱི་དགོངས་དོན་དང་ཡོངས་སུ་མཐུན་པས། རྒྱ་གཞུང་གིས་རང་སྲོག་བློས་བཏང་བའི་བོད་མིའི་མངོན་འདོད་རྡོག་རོལ་མི་གཏོང་བར་དྲག་སྤྱོད་མཚམས་འཇོག་དང་། རྔ་པ་དང་དཀར་མཛེས་ཁུལ་གྱི་དམ་དྲག་སྲིོད་བྱུས་ཕྱིར་འཐེན་གྱིས། རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་གཞི་རྩར་བཞག་སྟེ་འབྲེལ་མོལ་བསྐྱར་གསོ་དགོས་སྐོར་སོགས་བརྗོད་ཡོད།༽༽༽༽ ཞེས་གསུངས་འདུག་པས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་འབོད་ཚིག་དང་རེ་བཞག་རྣམས་བརྩིས་མེད་རྡོག་རོལ་དུ་བཏང་འདུག

    རྒྱལ་དཔའ་བོ་དཔའ་མོ་ཚོས་རང་ལུས་གསོན་གྱིས་རེ་འབོད་བྱས་པ་ནི་བོད་རང་དབང་རང་བཙན་རེད། དབུ་མའི་ལམ་གྱི་ལས་འགུལ་ཁང་གི་བསྒྲགས་གཏམ་འདིའི་ནང་དུ་བོད་རང་དབང་རང་བཙན་ཞེས་པའི་ཚིག་ཙམ་ཡང་མེད་པར་བོད་མི་རྒྱལ་གཅེས་པ་ཚོའི་དམིགས་ཡུལ་ངོ་མར་རྡོག་རོལ་བཏང་འདུག གནས་ཚུལ་འདི་དག་གིས་སྐྱོན་པས་བོད་མི་རྒྱལ་གཅེས་པ་ཚོའི་ཚེ་སྲོག་དོན་མེད་གཏོང་གི་ཡོད་པས་བོད་མི་སེམས་ཡོད་་ཚོས་ཐུགས་བསམ་བཞེས་དགོས་པར་འདོད།

    འགའ་རེས་རང་སྲོག་རང་བཙན་ཆེད་དུ་ཕུལ།
    འགའ་རེས་རང་བཙན་རྡོག་རོལ་གཏོང་ཐབས་བྱེད།
    གནད་ལུགས་མགོ་མཇུག་ལོག་པའི་འགལ་ཟླ་འདིས།
    མེ་ལྕེའི་འཐབ་རྩོད་ནུས་པ་ཐོན་མི་བཅུག

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཚང་མ་དཔུང་པ་མཉམ་རུབ་ཐོག་ལས་འགུལ་མཐར་འཁྱོལ་པ་ཞིག་སྤེལ་དགོས་ཀྱང་། རང་ལུས་མེར་བསྲེག་བཏང་ནས་མ་གནོངས་རོགས། རང་གི་ལུས་པོ་དང་དཔུང་པ་མཆོད་མེར་ཕུལ་ན་དཔུང་པ་མཉམ་རུབ་གྱི་དཔུང་པ་ཉམས་པས། བོད་དོན་ནུས་པ་ཡང་ཉམས་འགྲོ་བས། བོད་ལུས་མེར་བསྲེག་གཏོང་རྒྱུ་འཚམས་འཇོག་གནང་རོགས་ཞུ་རྒྱུ་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese