མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇེག་སན་གྱི་སྨན་པར་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གཞས་པ་གྲགས་ཅན་མའེ་ཁལ་ཇེག་སན་གྱི་འཆི་རྐྱེན་ཐད་ཁོང་གི་སྨན་པ་མུ་རའེ་ལ་ལོ་བཞིའི་ཉེས་ཆད་ཁྲིམས་ཐག་བཅད་འདུག

ཕྱི་ཚེས་ ༧ ཉིན་ཨ་རིའི་ཁཱ་ལེ་ཧྥོར་ནེ་ཡའི་(Superior Court of California) མཐོ་རིམ་ཁྲིམས་ཁང་དུ་ཁྲིམས་དཔོན་པཱ་སི་ཊོར་(Michael Pastor) གྱིས། ༢༠༠༩ ཟླ་ ༦ ཚེས་ ༢༥ ཉིན་གཞས་པ་གྲགས་ཅན་མའེ་ཁལ་ཇེག་སན་(Michael Jackson) རྐྱེན་ལམ་དུ་ཕྱིན་པ་དེ་ནི། ཁོང་གི་སྨན་པ་མུ་རའེ་(Conrad Murray) ཡིས་ཚད་ལས་བརྒལ་པའི་སྨན་སྤྲད་པ་ལ་བརྟེན་ནས་བྱུང་པར་ངོས་འཛིན་ཐོག སྨན་པ་མུ་རའེ་ལ་ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་པའི་ཁྱབ་བསྒྲགས་བྱས་ཡོད་འདུག

གཞས་པ་ཁོང་རྐྱེན་ལམ་དུ་ཕྱིན་པའི་རྗེས་སྨན་པས་སྨན་སྤྲོད་སྟངས་མ་འགྲིག་པའི་རྐྱེན་གྱིས་ཡིན་པར་ཁྲིམས་གཏུག་བྱས་ཡོད་སྟབས། སྐབས་དེ་ནས་བཟུང་སྨན་པ་མུ་རའེ་ལ་སྨན་བཅོས་བྱ་མི་ཆོག་པའི་བཀག་འགོག་བྱས་ཡོད་པ་དང་།  ད་ལོའི་ཕྱི་ཟླ་ ༩ ཚེས་ ༢༧ ནས་དངོས་སུ་དོན་རྐྱེན་དེའི་སྐོར་ལ་ཁྲིམས་བཤེར་བྱས་ཏེ་བདུན་ཕྲག་དྲུག་གི་རྗེས་སུ་སྨན་པ་མུ་རའེ་ལ་ཉེས་ཆད་ཁྲིམས་ཐག་བཅད་ཡོད་པ་རེད།

ཕྱི་ཚེས་ ༧ ཉིན་གྱི་ཁྲིམས་བཤེར་སྐབས་ཇེག་སན་གྱི་ཕ་མ་གཉིས་དང་སྤུན་ཆེད་ཁག་ཅིག་ཁྲིམས་རར་སླེབས་ཡོད་པ་དང་།  མུ་རའེ་ལ་ཁྲིམས་ཐག་བཅད་པའི་ཁྱབ་བསྒྲགས་བྱས་སྐབས་ཁོང་ཚོར་རྒྱལ་ཁ་ཐོབ་པའི་སེམས་ཚོར་ཆེན་པོས་ཕན་ཚུན་འཐམ་འཁྱུད་ཀྱིས་མཆི་མ་ཤོར་ཡོད་པ་མ་ཟད། ཁྲིམས་ཁང་ཕྱི་རོལ་དུ་གཞས་པ་ཇེག་སན་ལ་དགའ་མོས་ཡོད་པའི་མི་ཚོགས་མང་པོ་འདུས་ཡོད་པ་རྣམས་ཀྱིས་ཀྱང་རྒྱལ་ཁ་ཐོབ་པའི་རྣམ་འགྱུར་སྣ་ཚོགས་བསྟན་ཡོད་འདུག

 

གསར་འགོད་པ། བནྡེ་སྐྱབས།
 

འབྲེལ་ཡོད་གསར་འགྱུར།

Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༢ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༢ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧

མཆན། 4

  1. མངའ་རིས་བུ། says:
    ལོ་ 15 སྔོན།

    ཨ་རིའི་ལུང་པར་ཁ་མཆུ་རྒྱབ་རྒྱུ་ནི་ཁོང་ཚོའི་ཡོང་མཁོ་ཆེ་ཤོས་ཤིག་རེད།
    དཔེ་མཚོན་ཞིག་ཞུས་ན། ད་ལྟ་ཀླུ་སྨྱོན་བཞུགས་སའི་གྲོང་ཁྱེར་གྱི་ཉེ་འགྲམ་པོརཌ་ལན་གྱི་བུད་མེད་ཞིག་གིས་ཁོ་འཚིག་ཇ་ཚོང་ཁང་ཞིག་ནས་འཚིག་ཇ་པོར་བ་གང་ཉོས་ཏེ་འཐུང་བཞིན་སྣུམ་འཁོར་བཏངས་ཏེ་འགྲོ་སྐབས་འཚིག་ཇ་དེ་བུད་མེད་དེ་ཡི་བརླ་ཤར་འབོ་སྟེ་ཤ་ཡི་ཁ་དོག་ཅུང་ཙམ་འགྱུར་བར་མོས་ཁྲིམས་ཁང་ལ་བཏུག་བཤེར་བྱས་ཏེ་མོ་ཡི་མི་ཚེ་འཁྲོ་ལག་ལ་བཏང་སོང་ཟེར་ནས་མཐར་བུད་མེད་དེ་ཐོབ་སྟེ་ཨ་སྒོར་ས་ཡ་མང་པོ་ཐོབ་རབས་བཤད་ཀྱི་འདུག
    དེ་བཞིན་ཨ་རིའི་གྲོང་ཁྱེར་འགའ་ཞིག་གི་རྒྱ་ལམ་ལ་སྣུམ་འཁོར་ནང་དུ་འགྲུལ་པ་གཅིག་ལས་མང་པ་ཡོད་ཚེ་དམིགས་བསལ་གྱི་ལམ་ཁ་སྟོང་པ་སྟེ་སྣུམ་འཁོར་གྱི་འཚང་ཁག་མེད་སར་འགྲོ་ཆོག་གི་ཡོད་འདུག
    ཉིན་གཅིག་མི་ཞིག་གིས་ཞོགས་པ་སྣུམ་ལམ་བྲེལ་ཟིང་ཆེ་བའི་སྐབས་ཤིག་ཏུ།
    ཁོ་རང་གི་ཁྱི་དེ་དང་མཉམ་དུ་འགྲུལ་པ་གཉིས་ཅན་གྱི་རྒྱ་ལམ་ལ་སྣུམ་འཁོར་བཏང་བར་ཉེན་རྟོག་པས་ཁོ་བཀག་འགོག་བྱེད་སྐབས་ཁྱོད་རང་གཅིག་པོ་ཡོད་པའི་སྣུམ་འཁོར་འདི་རྒྱ་ལམ་འདི་ཡི་ནང་དུ་གཏོང་མི་ཆོག་པའི་ཁྲིམས་འགལ་གྱིས་ཉེས་འཛུགས་བྱས་པར་ཁོས་ཁྲིམས་ཁང་དུ་ཁྲིམས་བཏུག་བྱས་སྐབས་ཁོས་ཁྲིམས་དཔོན་ལ་ང་ཡི་ཁྱི་འདི་ནི་ང་ཡི་གཏན་དུ་འགྲོགས་པའི་ཆུང་མ་དང་གཉིས་སུ་མེད་ཅིང་ང་དང་མཉམ་དུ་གར་འགྲོ་གར་འདུག་གར་ཉལ་བྱེད་ཀྱིན་ཡོད། ཁྱི་འདི་ནི་མི་དང་ཁྱད་པར་རྩ་བ་ནས་མེད་ཅིང། དེས་ན་ང་འགྲུལ་པ་གཅིག་ལས་མང་བའི་རྒྱ་ལམ་ལ་འགྲོ་ཆོག་ཅིག་ཁྲིམས་དང་ནམ་ཡང་འགལ་བ་མེད་ཅེས་བཤད་པར་ཁོ་ཐོབ་རབས་བཤད་ཀྱི་འདུག

    Reply
  2. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 15 སྔོན།

    ལས་འགུལ་འདྲ་མིན་སྤེལ་ན་དངོས་ནས་ཁྱད་པར་ཆེན་པོ་ཡོད་ས་རེད་དྲ་གྲོགས་ཟིལ་ཁྲོལ་ལེགས་ཀྱིས་གསུངས་པ་ལྟར་མི་མང་ལ་སེམས་འགུལ་ཐེབ་ངེས་ཀྱི་ལས་འགུལ་རྩོམ་རྒྱུ་ནི་གདན་དོནཆུང་ཆུང་ཞིག་གཏན་ནས་མ་རེད་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཐད་ལ་མི་སོ་སོའི་བསམ་ཚུལ་གང་མང་སྟོན་ཐུབ་ན་ནུས་པ་ཐོན་པའི་ལས་་འགུལ་སྤེལ་ཐུབ་སྲིད་པ་རེད་

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    དོན་རྐྱེན་འདིའི་བྱུང་རིམ་གསལ་བོ་ཞིག་ཤེས་ན་འདོད། ཁྲིམས་ཆད་འདི་བདེན་པའི་བའི་ཐག་གཅོད་ཅིག་ཡིན་པར་སྨོན།

    Reply
  4. ཟིལ་ཁྲོམ། says:
    ལོ་ 15 སྔོན།

    ང་ཚོས་བོད་རང་དབང་རང་བཙན་གྱི་ཆེད་དུ། <<ང་ཚོ་བོད་པའི་དཀའ་ངལ་སེལ་བ་ལ་ཁྱེད་ཚོས་རྒྱབ་སྐྱོར་གནང་རོགས། ང་ཚོས་ཁྱེད་ཀྱི་འཁོར་ཡུག་ལ་བཙང་སྦྲ་བྱེད་ཡོངས།>>ལྟ་བུའི་སྐད་ངག་གཅིག་དང་འབོད་སྦྲ་གཅིག་གིས་འཁོར་ཡུག་གཙང་སྦྲའི་ལས་འགུལ་ཞིག་བོད་རིགས་དང་བོད་དོན་རྒྱབ་བསྐྱོར་བ་ཚང་མས། འཛམ་གླིང་ཡུལ་གྲུ་གང་ས་ནས་ཉིན་གཅིག་དུས་གཅིག་ལ་སྤེལ་ཐུབ་ན། འཛམ་གླིང་ཡུལ་མི་རྣམས་ལ་དམིགས་བསལ་གྱི་ཚོར་སྣང་ཞིག་སྤྲོད་ཐུབ་ཀྱི་རེད་སྙམ། དེང་སང་འཛམ་གླིང་ཡུལ་གྲུ་མང་པོ་ནས་ལས་འགུལ་དང་ངོ་རྒོལ་རིགས་སྤེལ་དུས་འཁོར་ཡུག་དང་དཔལ་འབྱོར་ལ་གཏོར་སྐྱོན་གྱོང་གུད་ཚབ་ཆེན་བཏང་བཞིན་ཡོད་པ་མ་ཚད། ཡུལ་མིའི་སེམས་ཁམས་ལ་འཇིགས་སྐྲག་དང་ཕོག་ཐུག་ཚབ་ཆེན་བཏང་བཞིན་ཡོད་པས། འཁོར་ཡུག་བཙང་སྦྲ་ནི་དེ་ལས་བཟློག་ཏེ་ཡུལ་མི་རྣམས་ཀྱི་ལུས་སེམས་ཀྱི་འཕྲོད་བརྟེན་ཡིན་པར་མ་ཟད། དཔལ་འབྱོར་ལ་གྱོང་གུད་མེད་པ། ཡུལ་མི་རྣམས་ལ་འཇིགས་སྐྲག་དང་ཕོག་ཐུག་མི་འགྲོ་བ། ཡུལ་མི་སོ་སོར་ལ་འཁོར་ཡུག་བཙང་སྦྲ་བྱེད་རྒྱུའི་ཡར་བསྐུལ་བྱེད་ཐུབ་པ། བོད་རིགས་དང་ཡུལ་མི་རྣམས་ཀྱི་མཐུན་འབྲེལ་གོང་འཕེལ་ཡོངས་བ་ལ་ཕན་པ། ལས་འགུལ་ནང་ཞུགས་མཁན་ཡུལ་མི་མང་དུ་འགྲོ་སྲིད་པ། འཁོར་ཡུག་བཙང་སྦྲ་ནི་ནང་ཆོས་དང་ཡོངས་སུ་མཐུན་པ། མི་རིགས་སུས་མཐོང་ཐོས་སུ་གྱུར་ན་སེམས་ལ་མི་བདེ་བ་མེད་པ། བོད་དོན་རྒྱབ་བསྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་སྲིད་པ། བོད་རིགས་ཀྱི་བསམ་སྤྱོད་བཟང་པོས་རླབས་ཆེན་གྱི་བྱས་རྒྱས་འཇོག་ཐུབ་སོགས་དགེ་མཚན་མང་པོ་ལྡན། མི་རིགས་དང་ཆོས་ལུགས་གི་དབྱེ་བ་མེད་པར་ཚང་མས་འཁོར་ཡུག་གཙང་སྦྲ་ནི་རྩ་ཆེན་ཞིག་ལ་བརྩི་བཞིན་ཡོད་པས་ང་ཚོ་ལ་རྒྱབ་བསྐྱོར་བྱེད་མཁན་ཡང་མང་ནས་མང་དུ་འགྲོ་བ་ཐེ་ཚོམ་མེད་པ་རེད། གཅིག་བྱས་ན་འཛམ་གླིང་གི་ལས་འགུལ་དང་ངོ་རྒོལ་རིགས་སྤེལ་མཁན་རྣམས་ཀྱིས་འཁོར་ཡུག་དང་དཔལ་འབྱོར་ལ་གཏོར་སྐྱོན་དང་གྱོང་གུད་མི་ཕོག་པ། ཡུལ་མིའི་སེམས་ཁམས་ལ་འཇིགས་སྐྲག་དང་ཕོག་ཐུག་མི་འགྲོ་བའི་ལས་འགུལ་རིགས་སྤེལ་རྒྱུའི་ཀུན་སློང་བཟང་པོ་སྐྱེ་བ་དང་ང་ཚོའི་ལས་འགུལ་དེ་སྔོན་འགྲོ་རུ་འགྱུར་སྲིད་པ་ཞིག་ཀྱང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese