མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྭ་རྒྱ་དགོན་དུ་བོད་ཀྱི་རྒྱལ་དར་བསྒྲེངས།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་ཞོགས་པར་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་གྲྭ་གངས་སྐྱེས་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། ཁ་སང་རེས་གཟའ་ཉི་མིའི་ཞོགས་པར་ཨ་མདོ་མགོ་ལོག་རྭ་རྒྱ་དགོན་པའི་ཚོགས་ཆེན་འདུ་ཁང་གི་གསེར་ཏོག་སྟེང་། བོད་ཀྱི་རྒྱལ་དར་གཉིས་ཀྱི་བར་དུ་༧གོང་ས་མཆོག་གི་སྐུ་པར་བཅས་གཤམས་ཡོད་འདུག་ལ། སྐུ་པར་དང་རྒྱལ་དར་གཉིས་ཀྱི་འོག་ཏུ་ཡི་གེ་མང་པོ་ཞིག་བྲིས་ཡོད་ཀྱང་། ཡི་གེ་ནང་དོན་གང་ཡིན་གསལ་བོ་ཤེས་རྟོགས་ཐུབ་མི་འདུག

ཁ་སང་ནི་བོད་ཨ་མདོ་ཁུལ་གྱི་ལོ་ཐོ་རྩི་སྟངས་ལྟར་ན་ཧོར་ཟླ་བཅུ་བའི་ཚེས་ ༢༥ ལྔ་སྟེ། དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་ཆེན་ལ་འཁེལ་ཡོད་སྟབས། ཞོགས་པ་སྔ་བོ་ཆུ་ཚོད་ ༧།༣༠ ཙམ་ནས་དགོན་པའི་གྲྭ་མང་དང་མཇལ་སྐོར་བ་ཚོས་འདུ་ཁང་གསེར་ཏོག་སྟེང་གི་བོད་ཀྱི་རྒྱལ་དར་དང་༧གོང་ས་མཆོག་གི་སྐུ་པར་བཅས་གསལ་བོར་མཐོང་ཡོད་ཀྱང་། ཆུ་ཚོད་ ༨ ཙམ་ལ་རྭ་རྒྱ་དགོན་པའི་ཉེ་འཁྲིས་སུ་ཡོད་པའི་རྒྱུད་མགོ་ཞང་གི་ཉེན་རྟོག་པ་དང་དགོན་པའི་དོ་དམ་ཁང་གི་མི་སྣ་སྐོར་ཞིག་ཡོང་སྟེ་བོད་ཀྱི་རྒྱལ་དར་དང་སྐུ་པར་སོགས་མར་བླངས་ཏེ་གཞུང་ལས་ཁང་དུ་འཁྱེར་ཡོད་འདུག  དེའི་རྗེས་སུ་གནས་ཚུལ་ཅི་བྱུང་དང་། སྲིད་གཞུང་གི་མི་སྣས་བརྩད་གཅོད་བྱེད་ཀྱི་ཡོད་མེད་ད་སྔ་ཤེས་རྟོགས་ཐུབ་མ་སོང་ཟེར།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

མཆན། 9

  1. བརྩོན་རྒྱམ། says:
    ལོ་ 11 སྔོན།

    བོད་མི་རིགས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་ཞིག་ཡིན་ཟེར་བཞིན།  ཡུལ་ཕྱོགས་འདྲ་མིན་ནས་རྒྱ་ནག་དམར་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།  འདི་འདྲ་མདོ་དབུས་ཁམས་གསུམ་ནས་ལས་འགུལ་སྤེལ་ཐུབ་ན་ཧ་ཀྱང་དགེ་མཚན་ཆེ། ཡུལ་ལུང་བྱེད་བྲག་རེ་ནི་ཁུ་སིམ་མེར་བཞུགས་འདུག་ཡ།

    Reply
  2. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 11 སྔོན།

    རྗེས་སུ་ཡིད་རིང་ཞུ་འོས་པ་རེད་ཡིན་ན་ཡང་རྭ་རྒྱ་དགོན་པ་ནི་ཆོས་ཀྱི་འཆད་ཉནཡག་པོ་ཡོད་པ་གོས་མྱོང་ལས་འགུལ་སྤེལ་བས་རྐྱེན་གྱི་ཆོས་སྒོ་རྒྱབ་ན་དཔེ་ཟག་སོང་ནི་ཤེས་ཡོན་རིགས་གནས་ལ་གྱོང་གོད་ཐེབ་ཀྱི་རེད་རྗེས་མར་ཟབ་ཟབ་གནང་རོགས་

    Reply
  3. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 11 སྔོན།

    བོད་ནང་མི་མང་གིས་སེམས་ཤུགས་དང་ཆོད་སེམས་དཔའ་ངར་དེ་དག་ངའི་སྙིང་ཁོང་ན་འཕག་འཚག་རྒྱག་ཀིན་འདུག

    Reply
  4. ཐོ་རེངས། says:
    ལོ་ 11 སྔོན།

    འདི་ལྟ་བུའི་རྒྱ་གཞུང་ལ་ངོ་རྒོལ་དང་སྐད་འབོད་བྱེད་རྒྱུའི་རིགས་འདི། རང་རྒྱལ་ལ་དགའ་ཞེན་ཆེ་བ་དང་སེམས་ཤུགས་ཡོད་པའི་མཚོན་རྟགས་ཞིག་ཡིན་མོད། འོན་ཀྱང་མགོ་ལོག་རྭ་རྒྱ་དགོན་པ་ལྟ་བུ་ལ་མཚོན་ན། བོད་གྱི་ཆོས་དང་རིགས་གཞུང་གི་སྟེ་གནས་ཞིག་ཆགས་ཡོད། དེས་ན་དོན་སྐྱེན་འདི་ལྟ་བུ་ལ་བརྟེན་ནས་མ་འོངས་པའི་དགོན་པའི་ཆོས་ཕྱོགས་ཀྱི་ཐོས་བསམ་དང་སློབ་གཉེར་ལ་བར་ཆད་དུ་གྱུར་ན། བོད་སྤྱི་དང་ལྷག་པར་དུ་དགོན་པའི་མདུན་ལམ་ལ་དཔྱད་ནས་ཕྲལ་ཕུགས་ཀྱི་ཁེ་ཕན་ལ་བལྟ་རྒྱུ་གལ་ཆེ།
    དེང་དུས་སུ་འུར་འུར་དང་ཟིང་ཟིང་བྱས་ན་རྒྱལ་ཞེན་ཅན་དང་། དེ་མིན་རླབས་ཆེ་བའི་བྱ་བ་རིམས་ཀྱིས་བསྒྲུབ་མཁན་རྣམས་མི་མཐོང་བས་གནས་ཚུལ་འདི་ནི་མ་འོངས་བོད་པའི་མདུན་ལམ་ལ་བསམ་གཞིན་མ་བྱས་པའམ་བྱེད་མ་ཤེས་པའི་རྒྱུ་མཚན་ཞིག་རེད།

    Reply
  5. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 11 སྔོན།

    དགའ་ལྡན་ལྔ་མཆོད་ད་ལྟ་ཡིན་གྱི་མ་རེད། ད་དུང་ཟླ་བ་གཅིག་གི་རྗེས་ལ་མ་རེད་དམ། ལྷ་བབ་དུས་ཆེན་ཡིན་གྱི་རེད། རྩོམ་སྒྲིག་པ་མཆོག་ལ་རྨོངས་འཆར་ཙམ་ཡིན།

    Reply
  6. མིང་མེད says:
    ལོ་ 11 སྔོན།

    རྟེན་འབྲེལ་ཞུ་༸གོང་ས་མཆོག་གིས་ག་དུས་ཡིན་ཡང་གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོ་བོད་ཀྱི་དོན་གྱི་བདག་པོ་ཡིན་གསུངས་བ་དེ་ག་རང་རེད། ཐུགས་རྗེ་ཆེ།

    Reply
  7. བཞག་སྲས། says:
    ལོ་ 11 སྔོན།

    ལམ་ལེམ་དྲགས་ཏུ་འབར་བའི་མེ་ལྕེ་དང་།།
    ལྷབ་ལྷུབ་་མིག་ལ་བསྟར་བའི་བཙན་པོའི་རྟགས།།
    ལྷོག་ལྷོག་ཁོག་ན་ཁོལ་བའི་སྙིང་གི་ཁྲག།
    འདི་གསུམ་བོད་པ་ཚང་གི་གོ་བའི་བརྡ།།

    Reply
  8. དོན་འགྲུབ། says:
    ལོ་ 11 སྔོན།

    བོད་མི་རྣམས་ཀྱི་སྙིང་བསྟོད་དང་སེམས་ཤུགས་ལ་རྗེས་སུ་ཡིད་རང་དང་། ཕྱི་ནང་གི་བོད་མི་ཡོངས་ཀྱི་ངོས་ནས་བོད་རང་དབང་གི་ཆེད་དུ་འགན་ཁུར་འདི་འདྲ་ཞིག་ཡོད་ན་རིང་པོ་མི་དགོས་པར་འབྲས་བུ་ཡོད་པར་གདོན་མི་ཟའོ། །

    Reply
  9. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    བོད་མི་རེ་རེའི་དད་པའི་སྤྱི་གཙུག་ཏུ་ཡིད་བཞིན་ནོར་བུ་དང་སེམས་ཀྱི་གཏིང་ན་གངས་ཅན་བོད་འདི་བསྒོམས་ཡོད་པའི་མཚོན་བྱེད་དང་རྟེན་འབྲེལ་ཤིན་ཏུ་བཟང་བོའོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist