མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུས་དུས་དབང་ལ་མཐུན་འགྱུར་འདི་ལྟར་གནང་འཆར་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ངྷ་རམ་ས་ལར་གསལ་བསྒྲགས་སྤེལ་ཏེ། དུས་དབང་སྐབས་གཞོན་ལྷན་གྱིས་རྒྱ་བལ་ས་ཚིགས་ཆེ་ཁག་ཏུ་བོད་ནས་ཕེབས་མཁན་ཚོར་སྐད་བསྒྱུར་དང་། རྡོར་གདན་དུ་མང་ཚོགས་ལ་རྣམ་པ་འདྲ་མིན་ཐོག་རོགས་རམ་གནང་འཆར་ཡོད་ཟེར། 

དེ་རིང་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་ངྷ་ས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཁང་དུ། གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་དང་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་རྣམ་གཉིས་ཀྱིས།  ད་ལོའི་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་སྐབས། གཞོན་ནུ་ལྷན་ཚོགས་ཀྱིས་བོད་ནས་གསར་དུ་ཕེབས་མཁན་ཚོར་རོགས་རམ་གནང་སྟངས་དང་། རྡོར་གདན་དུ་འཛམ་གླིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་ཞུ་བ་ཚོར་མཐུན་འགྱུར་ཇི་ལྟར་གནང་གི་ཡོད་མེད་ཐོག་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་།



གསལ་བསྒྲགས་དེའི་ནང་གཞོན་ལྷན་གྱི་ངོས་ནས་རྣམ་པ་འདྲ་མིན་གྱི་ཐོག་བོད་ནས་ཕེབས་མཁན་ཚོར་ཞབས་ཞུ་བསྒྲུབ་རྒྱུ་ཡིན་ཚུལ་བཀོད་འདུག་ཅིང་། དེ་དག་ལས་དང་པོ་ནི།  “ གྷ་ཡཱ་མེ་འཁོར་འབབ་ཚུགས་སུ་རྒྱང་བསྒྲགས་ཁང་ཞིག་ཆེད་འཛུགས་བྱས་ཏེ། མང་ཚོགས་ལ་དུས་ཐོག་སྐད་བསྒྱུར་དང་རླངས་འཁོར་བཀོད་སྒྲིག་ཞུ་རྒྱུ། གཉིས་པ། པཱ་ཊི་ཎ་མེ་འཁོར་འབབ་ཚུགས་སུ་ཆོས་ཞུ་བ་ཚོར་ཕེབས་བསུའི་ཐོག དོ་བདག་གི་ཅ་དངོས་བདག་ཉར་བྱེད་སྟངས་ཐོག་ལམ་སྟོན་དང་། གོང་ཚད་དམའ་བའི་གླ་འཁོར་རིགས་གོ་སྒྲིག གསུམ་པ། དངོས་གཞིའི་གསུང་ཆོས་སྐབས་གསུང་ཆོས་ར་བའི་ཁོར་ཡུག་གཙང་གཅེས་ཉར་དང་། མང་ཚོགས་ལའང་ཁོར་ཡུག་བཙོག་པ་མི་བཟོ་རྒྱུར་འབོད་སྐུལ་ལམ་སྟོན། བཞི་པ། གསུང་ཆོས་ར་བ་དང་རྡོར་གདན་མཆོད་རྟེན་ཆེན་པོའི་སུམ་མདོ་རུ། རྒྱང་བསྒྲགས་ཁང་ཆེན་པོ་ཞིག་བཙུགས་ཏེ། བོད་སྐད་དང་རྒྱ་གར་སྐད། དབྱིན་སྐད་ཐོག་ཉིན་རེའི་གསུང་ཆོས་མཛད་རིམ་ངོ་སྤྲོད་དང་། ཅ་དངོས་བོར་བརླག་ཏུ་ཕྱིན་པ་དང་། དགའ་ཉེ་སྤུན་མཆེད་འཚོལ་མཁན་རིགས་ལ་དམིགས་བསལ་རོགས་རམ། ལྔ་པ། མང་ཚོགས་ཀྱི་སྡོད་གུར་རྒྱག་སའི་གྷ་ངྷ་གཙུག་ལག་སློབ་གྲྭའི་ཐང་ཆེན་དུ། རྒྱང་བསྒྲགས་ཁང་དེའི་ཡན་ལག་བཙུགས་ཏེ། བོད་དབྱིན་གཉིས་ཐོག་མང་ཚོགས་ཀྱི་དགོས་མཁོ་ལྟར་རོགས་རམ། དྲུག་པ། ཛ་དྲག་གནས་སྟངས་དང་ནད་པ་སོགས་ལ་དམིགས་ཏེ་ཛ་དྲག་སྡེ་ཚན་ཞིག་ཆེད་འཛུགས་གནང་རྒྱུ། བདུན་པ། ད་ལོའི་དུས་དབང་སྐབས་བོད་ནས་ཕེབས་མཁན་ཚོར་ཝ་རཱ་ཎ་སི་དང་ངྷ་རམ་ས་ལ། རྒྱལ་ས་ལྡི་ལི། ལྷོ་ཕྱོགས་ཀ་ཎ་ཊ་ཀ བལ་ཡུལ་བཅས་སུ་མེ་འཁོར་དང་རླངས་འཁོར། གླ་འཁོར་བཅས་སུ་དུས་ཐོག་གོ་སྒྲིག་ཞུ་རྒྱུ་ཡིན་ཞེས་ ” འཁོད་འདུག
 

ཡང་གསལ་བསྒྲགས་དེར་བོད་ནས་ཕེབས་མཁན་གཙོས་པའི་ཆོས་ཞུ་བ་ཡོངས་ལ་འབྲེལ་གཏུག་ཁ་པར་ཨང་གྲངས་འགའ་མཁོ་སྤྲོད་གནང་ཡོད་པ་དག་ནི།  “ ཝ་རཱ་ཎ་སི་ ༨༦༠༤༣༣༠༨༨༨། དྷ་སམ་ས་ལ་ ༩༤༡༨༠༧༩༨༣༢ ། ལྡི་ལི་ ༩༩༡༡༧༨༥༧༥༦།  ཡང་ན།  ༩༨༩༡༧༥༤༥༢༢།  ལྷོ་ཕྱོགས་ཀ་ཎ་ཊ་ཀ་ ༩༩༠༠༩༨༢༤༢༥།  བལ་ཡུལ་ ༩༨༠༨༥༦༠༡༦༣ བཅས་ ” ཡིན་འདུག

མཐར་གསར་འགོད་པས་དུས་དབང་སྐབས་ཀྱི་བདེ་འཇགས་སྐོར་བཀའ་འདྲི་ཞུས་པར། ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་བརྗོད་དོན།  “ གཞོན་ལྷན་གྱིས་དུས་དབང་གྱི་མགོ་ནས་མཇུག་པར་གང་ཐུབ་ཀྱིས་རོགས་རམ་གནང་རྒྱུ་ཡིན། གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱིས་དང་བླང་པ་ཚོར་གཞོན་ནུ་ལྷན་ཚོགས་ཀྱི་འཛིན་བྱང་རེ་བཟོས་ཡོད་སྟབས། སྐབས་དེར་སྲི་ཞུ་བ་ཚོས་གཞོན་ནུའི་སྟོད་གོས་སེར་པོ་དེ་དང་འཛིན་བྱང་གཉིས་ངེས་པར་དུ་བསྣམ་དགོས་པ་རེད། གཞན། གཞོན་ནུའི་ངོས་ནས་དུས་དབང་སྐབས་ཉིན་རྟག་པར་མང་ཚོགས་ལ་ད་ལོའི་ལོ་གསར་མི་གཏོང་བའི་འབོད་སྐུལ་སོགས་ཞུ་འཆར་ཡོད་ ” ཅེས་བརྗོད་བྱུང་།

བདེ་སྲུང་ལས་ཁུངས་ཀྱིས་བརྗོད་གསལ་ལྟར་ན། ད་ལོའི་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་ཐེངས་སོ་གཉིས་པའི་སྟེང་། བོད་ནང་དུ་བོད་མི་ ༧༠༠༠ གཙོས་པའི་ཁྱོན་ཆོས་ཞུ་བ་ ༢༠༠༠༠༠ ཉིས་འབུམ་ལྷག་ཕེབས་འཆར་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༣ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༥ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༦ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

མཆན། 18

  1. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 14 སྔོན།

    ཡག་པོ་འདུག རྗེས་སུ་ཡི་རངས་ཡོད། དུས་དབང་དམར་ཟས་སྤ་དགོས་པའི་རེ་སྐུལ་ཀྱང་ཞུ་དགོས་པ་འདུག

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཡིད་བཞིན་ནོར་བུ་ཡིད་བཞིན་ནོར་བུ་ངོ་མར་ཁས་ལེན་ན། ༸སྐྱབས་མགོན་ཆེན་པོ་འདི་ཕྱིའི་༸སྐྱབས་མགོན་ཆེན་པོར་གསོལ་འདེབས་ན། ༸གོང་ས་མཆོག་བླ་ན་མེད་པའི་གོང་དུ་བཀུར་ངེས་ན། ཞི་བདེའི་དེད་དཔོན་ཆེན་པོ་ཉིད་འཚེ་མེད་ཞི་བདེའི་ལམ་སྟོན་ཉིད་དུ་བསྟེན་ངེས་ན། ལྷག་པར་དུ་ཡང་བོད་ཀྱི་བདེན་མཐའ་གསལ་བྱེད་ཀྱི་བདེན་པ་ཉིན་རྣམ་པར་རྒྱལ་བ་ངེས་ཀྱི་སྲོག་ཤིང་ངོ་མར་ཡིད་ཆེས་ཤིང་བཀའ་བཞིན་སྒྲུབ་ངེས་ན། ང་ཚོ་ཚང་མས་ཁ་ཡོད་ལག་ཡོད་ཀྱིས་ནུས་པ་འདོན་ཅི་ཐུབ་བྱེད་དགོས་པའི་རྩ་དོན་ནི་ཚིགས་སུ་བཅད་པ་གཅིག་ཉིད་དེ།
    མཉེས་གཤིན་བྱམས་བརྩེས་འགྲོགས་ཐབས་འཚེ་མེད་ལམ། །མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ། །འཇིགས་རུང་དྲག་མཚོན་མ་མཆིས་ཞི་བདེའི་ཡུལ། །བསྐྲུན་པའི་ཐབས་ཚུལ་འགྲུབ་པའི་མཐུ་དཔུང་སྐྱེད། །ཅེས་པའོ། གལ་ཏེ་སུ་དག་འདི་དག་ལས་རིང་དུ་འགྲོ་བཞིན་ཡོད་ན་དེ་ནི་ངོ་གཉིས་པ་ཞིག་མིན་ན་རང་མགོ་རང་གིས་སྐོར་མཁན་རྨོངས་པ་ཞིག་མ་ཡིན་ནམ།
    གོང་དུ་ཞུས་པ་ནི། ནོར་བུ་ནོར་བུར་མི་བརྩི་མཁན་ཚོར་འབྲེལ་བ་ཅི་ཡང་མེད་དོ།

    Reply
  3. མེལ་ཚེ་པ། says:
    ལོ་ 14 སྔོན།

    རབ་ཡིན་ན་བལ་ཡུལ་ནས་རྒྱ་གར་ལ་མགྲུལ་སྐྱེལ་རླུང་འཁོར་རུ་ཁག་བཅུ་གཉིས་ཙམ་ཡོད་པ་ཁོང་ཚོ་དང་འབྲེལ་བ་གནང་ནས་མཉམ་འབྲེལ་ཐོག་ནས་ས་མཚམས་རྒལ་བར་གོ་སྒྲིག་ཞུ་ཐུབ་ན་ཧ་ཅང་དགེ་མཚན་ཆེ།

    Reply
  4. མེལ་ཚེ་པ། says:
    ལོ་ 14 སྔོན།

    བོད་ཀྱི་གཞོན་ནུ་ཚོགས་གོ་སྒྲིག་གནང་སྟངས་ལ་དགའ་བསུ་ཞུ།
    སྤྱིར་གཞོན་ལྷན་གྱིས་དུས་སྐབས་འདི་འདྲ་གོ་སྒྲིག་སྔོན་ནས་ཡག་པོ་གནང་གིན་ཡོད་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
    གཞོན་ལྷན་ལ་འབོད་བསྐུལ་གལ་ཆེ་ཞིག་ཞུ་རྒྱུ་ནི། བལ་ཡུལ་གྱི་མཆོད་རྟེན་ཆེན་མོ་གཉིས་ཀྱི་འགྲམ་དང་། རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ས་མཚམས་སུ་བོད་ནས་ཕེབས་མཁན་ཚོར་རྒྱ་གར་གཉེན་རྟོགས་པ་དང་བལ་ཡུལ་གཉེན་རྟོགས་སོགས་ཀྱིས་གང་བྱུང་གིས་སྒོར་མོ་དང་ཅ་ལག་འཕྲོག་བཞིན་པའི་གནས་སྟངས་ཧ་ཅང་ཛ་དྲག་ཡོད་པའི་གནས་ཚུལ་གོ་ཚུལ་འདུག་པ་ལགས་ན་ས་གནས་གལ་ཆེ་འདི་ཚོར་ངེས་པར་གཞོན་ལྷན་གྱིས་ཞབས་པ་གོ་སྒྲིག་གནང་ཐུབ་ན་བོད་ནས་ཕེབས་མཁན་ཚོར་ཕན་ཐོག་ཧ་ཅང་ཆེན་པོ་ཡོད་པའི་གནས་ཚུལ་འདུག་པས་དེ་ལ་དགོངས་པ་ཞིག་བཞེས་རོགས་གནང་།

    Reply
  5. རང་དབང་རྒྱལ། says:
    ལོ་ 14 སྔོན།

    རམ་འདེགས་ནི་མཐུན་པའི་སྟོབས་ཤུགས་སུ་འགྱུར་གི་རེད། མཐུན་སྒྲིལ་ནི་སྤྱི་བའི་གྲུབ་འབྲས་སུ་འགྱུར་གི་རེད། དེ་འདྲ་ཡིན་དུས། དབུས་གཞོན་ལྷན་གྱིས་ལས་འཆར་དང་གྲ་སྒྲིག་ལ་ཡི་རངས་དང་རྒྱབ་སྐྱོར་ཡོད།

    Reply
  6. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    གཞོན་ནུའི་དུས་དང་མཚམས་པའི་ལས་འགུལ་སྤེལ་བ་ལ་བསྔགས་བརྗོད་ལན་མང་ཞུ། འདི་ནི་གཞོན་ནུའི་རྒྱུན་ལས་སྐབས་འདི་ཙམ་མ་ཡིན་པར་སྐབས་ཆ་ཚང་གི་རིང་ལ་སྤེལ་ཡོད་པས་ཐུགས་རྗེ་ཆེ།

    འགའ་ཞིག་གིས་འབོད་སྐུལ་ཞུས་པ་བཞིན། དུས་དབང་གི་སྐབས་སུ་བོད་ཀྱི་ས་ཁུལ་མང་པོའི་ནང་དང་དམིགས་བསལ་ཁམས་དང་ཨ་མདོའིས་ཁུལ་ཁག་ཁ་ཤས་ནང་དུ་བོད་མི་དབར་ནང་དམེ་བཏང་ནས་ནང་ཁུལ་གསོད་རེས་བྱས་ནས་རྐྱེན་ལམ་དུ་ཕྱིན་པ་ཡང་མང་པོ་བྱུང་ཡོད་པ་ནི་ཡོངས་གྲགས་ཡིན། བྱས་ཙང་། དུས་དབང་སྐབས་སུ་དམིགས་བསལ་ཁམས་དང་ཨ་མདོའི་ས་ཁུལ་ཁག་ནས་བོད་མི་འབོར་ཆེན་ཞིག་སླེབས་ཡོད་པར་སོང་། ༸གོང་ས་མཆོག་ནས་བཀའ་སློབ་ལམ་སྟོན་གནང་ནས་བོད་མི་ནང་ཁུལ་ལ་མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་དགོས་རབས་ཀྱི་གསུང་སྩལ་ན་ཕན་ཐོགས་ཡོང་རྒྱུར་སྨོས་མེད་རེད་སྙམ། བྱས་ཙང་། བོད་མི་ནང་ཁུལ་གསོད་རེས་ཀྱི་བྱ་སྤྱོད་འདི་ནི་དེང་སང་ལྷ་ས་ཁུལ་དུ་ཡང་ཐོན་བཞིན་པ་ནི་གཙོ་བོ་ཕྱོགས་མཐའ་ཁག་ནས་འབྱོར་བ་རྣམས་ཀྱིས་བྱེད་པ་ཞིག་ཡིན། བྱས་ཙང་། བོད་མི་དེ་དག་གི་རྒྱུད་ལ་བྱམས་སྙིང་རྗེ་དང་བཟོད་སྲན་ཞིག་སྐྱེ་བའི་སྨོན་འདུན་ཡོད།

    Reply
  7. རྡ་སའི་ཕོ་ཉ། says:
    ལོ་ 14 སྔོན།

    རྒྱང་བསྒྲགས་ཚན་པའི་ནང་འབྲུག་སྐད་ཚན་པ་ཞིག་བླུག་ཐབས་གནང་རོགས།་འབྲུག་ནས་ཕེབས་མཁན་མང་པོ་ཡོད་རེད།

    Reply
  8. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 14 སྔོན།

    གཞོན་ནུ་ལྷན་ཚོགས་ཀྱིས་གསུང་ཆོས་གང་གི་སྐབས་ཡིན་ཡང་མི་མང་ལ་གང་ཕན་ཅི་ཕན་གྱིས་རོགས་རམ་གནང་བར་ཡིད་རང་དང་ཐུགས་རྗེས་ཆེ་ཞུ་རྒྱུ་མ་ཟད་རྒྱུན་དུ་གཞོན་ནུ་ལས་འགུལ་ལ་རྒྱབ་བསྐྱོར་ཞུ་རྒྱུ་ཡིན།རེ་བསྐུར་ཞུ་རྒྱུ་ཞིག་ལ་ བོད་དོན་ཆེད་རང་ལུས་མེ་ལ་སྒྲོན་མཁན་ཚོའི་སྐུ་དཔར་མེ་འབར་བཞིན་པའི་རྣམ་པ་ཅན་ཆེས་ཆེ་བ་རེ་ངེས་པར་དུ་གཤམ་རོགས། མེ་རུ་འབར་བཞིན་པའི་རྣམ་པ་མཐོང་དུ་མི་རྣམས་ཀྱི་སེམས་ལ་རང་བཞིན་གྱིས་གཡོ་འགུལ་ཆེན་པོ་ཞིག་ཐེབས་ངེས་ཡིན།

    Reply
  9. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    དུས་ཐོག་ཏུ་སྨན་ཞེས་པ་བཞིན་ད་ལན་ཅོ་རི་ལགས་ཀྱི་འབོད་བསྐུལ་བཞིན་གུས་པས་ཀྱང་ཕ་ཡུལ་གྱི་ནང་བསད་ཐབས་སྡུག་དེ་ཚོ་དང་ནང་རྐུན་ཐབས་སྡུག་དེ་ཚོ་དུས་གཏན་དུ་མི་བྱེད་པའི་ཐབས་ལམ་ཡག་ཤོས་དེ་༧གོང་ས་ཡིད་བཞིན་ནོར་བུ་མཆོག་གི་གསུང་ཆོས་ཀྱི་སྐབས་སུ་དམིགས་གསལ་གྱི་བཀའ་ཆོས་དང་། ཕྱག་བྲིས་ཞིག་ཅི་ནས་ཀྱང་གནང་ཐུབ་དགོས་ཀྱི་འདུག བཀའ་ཁྲི་ལ་ནུས་ཤུག་མེད་པ་མ་རེད་དེ།
    དེ་ལས་ད་དུང་གོང་ས་མཆོག་ལ་བཀའ་ལ་ཉན་པ་གསུང་ལ་བརྩི་བསྐུར་བརྒྱ་འགྱུར་གི་ཆེ་བ་ཡིན་པས། ༧གོང་ས་མཆོག་ཉིད་ནས་བཀའ་སློབ་དང་ཕྱག་བྲིས་གནད་སྨིན་ཟབ་མོ་ཞིག་ཅི་ནས་ཀྱང་གནང་ཐུབ་པའི་རེ་འབོད་སྙིང་ནས་ཞུ་གི་ཡོད།

    ཕ་ཡུལ་གྱི་ཕུ་ནུ་ནང་གསོད་དང་དང་རྐུན་ནི་ཆུང་ཆུང་ཞིག་གཏན་མིན་པར་བོད་ནང་ཕུང་གི་བྱ་བ་གཞི་རྒྱ་ཆེན་པོ་ཞིག་ཏུ་འགྲོ་བའི་ཉེན་ཁ་ཤིན་ཏུ་ཆེ་བ་འདུག གང་ཡིན་ཞུ་ན། ཁམས་ཕྱོགས་ཀྱི་ལུང་པ་འགའ་རེ་ནང་སྡེ་པ་ཕན་ཚུན་རྩ་ས་ཆུ་ས་རྩོད་རེས་བྱེད་ནས་མི་བདུན་བརྒྱད་ཙམ་གསོད་རེས་བྱེད།
    མི་ལྔ་བཅུ་དྲུག་ཅུ་སྨས་མ་བཟོ་རེས་བྱེད་པའི་གནས་ཚུལ་ཐོན་དང་ཐོན་བཞིན་པ་དང་། དེང་སང་ལྷ་ས་སོགས་རྒྱལ་ས་ཆེ་ཁག་རྣམས་སུ་ཇག་རྐུན་ཁྱོ་བང་འཁྲབ་ཉནདེ་ཚོ་ལ་རྒྱ་དམར་ཕྱོགས་ནས་མི་སེར་ནང་འགལ་ཞེས་པའི་མིང་བསྙད་ནས་དོན་དུ་ཆབ་སྲིད་དང་འབྲེལ་བ་མེད་དུས་བདག་པོ་གཏན་ནས་མི་བྱེད་པར་ལྷོད་ཡེང་དུ་བཏང་བ་མ་ཚད་བོད་མི་ནང་འགལ་རྐང་གཙུག་ནས་བསོད་རེས་དང་བཅོམ་རེས་ཡ་ང་བ་ཡི་མུག་པ་ཞིག་ཤོམ་དུ་བཅུག་གི་ཡོད་པ་ཕྱི་གསལ་ནང་གསལ་རེད་འདུག་པས།

    ད་རེས་ལས་གོ་སྐབས་ཡག་བ་ཞིག་ཤིན་ཏུ་འབྱུང་དཀའ་བར་འདུག་པས། དྲ་གྲོགས་ཚོས་ཀྱང་བསམ་གཞིག་ཟབ་མོའི་སྒོ་ནས་འབོལ་བསྐུལ་འདི་ལ་ཀུན་གྱིས་མཐུན་འགྱུར་གནང་བའི་ཡིད་ཆེས་ཡོད་ལ་ངེས་པར་དུ་འབོད་བསྐུལ་ནན་མོ་གནང་རོག་ཞུ་གི་ཡོད། ༧གོང་ས་ཡིད་བཞིན་ནོར་བུས་ཀྱང་ངེས་པར་དུ་སྙན་ལ་བསན་ཐུབ་པའི་རེ་བསྐུལ་ཡང་ཡང་ཞུ་གི་ཡོད།།།།།།།།།།།།།།།།།།།།།།།།།།།།།།།།

    Reply
  10. ནགས་མཚོ says:
    ལོ་ 14 སྔོན།

    དུས་དང་རྣམས་པ་ཀུན་ཏུ་གཞོན་ནུ་ལྷན་ཚོགས་ཀྱིས་ལས་དོན་བྱེད་ཕྱོགས་ལ་ཡིད་རང་ཡོད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་རང་ཡིན། ལྷག་དོན་ད་ལོའི་རྡོར་གདན་དུས་དབང་སོ་གཉིས་པ་གནང་སྐབས་ཁ་ཡོད་ལག་ཡོད་ཀྱི་མི་དམངས་ལ་ཕན་པའི་ཕྱག་ལས་ཡག་པོ་ཞིག་གནང་གི་འདུག་པའི་དེ་ལ་ཡང་ཡིད་རང་ཞུ་རྒྱུ་དང་ཁྱེད་རྣམས་ཀྱི་ལས་དོན་རྣམས་ལྷུན་འགྲུབ་ཡོང་བ་སྨོན། དེ་ནས་གུས་པའི་རེ་འདུས་ཞུ་རྒྱུ་ཞིག་ལ་ཁྱེད་རྣམས་ཀྱིས་གསར་གྲགས་བྱེད་སྐབས་དང་ཕྱག་ལས་གནང་སྐབས་ད་ལོ་དུས་འཁོར་དབང་ཆེན་སྐབས་ཆོས་ཞུ་བ་རྣམས་ཀྱིས་ཤ་མེད་དཀར་གཙང་གི་ཟས་ལ་རོལ་བའི་འབོད་སྐུལ་གནང་རྒྱུ་དང་། ཉེ་ཆར་བོད་མི་རིགས་དང་རིག་གཞུང་རྣམས་ཀྱི་ཆེད་རང་སྲོག་མཆོད་མེ་ལ་སྒྲོན་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་དུས་འཁོར་དབང་སོ་གཉིས་པའི་སྐབས་འདིར་སེམས་ཅན་གཅིག་གི་ཚེ་སྲོག་ལ་ཡང་གནོད་འཚེ་མི་བྱེད་པའི་ཆེད་དུ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡོང་ནས་ལས་འགུལ་ཡག་པོ་ཞིག་གནང་རོག་ཞུ་རྒྱུ་དང་མི་དམངས་རྣམས་ཀྱིས་ཀྱང་དེ་དོན་ཡིན་གཟབ་གནང་རོག་ཞུ་ཞུ།།

    Reply
  11. ལུང་རྟོགས། says:
    ལོ་ 14 སྔོན།

    གཞོན་ནུས་དུས་དབང་ནམ་ཡོད་ལ་མི་མང་ལ་ཞབ་འདེགས་སྒྲུབ་བཞིན་ཡོད་པས་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།

    Reply
  12. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    གཞོན་ནུ་ལྷན་ཚོགས་ཀྱིས་འདིའི་ཐོག་ཏུ་ཐུགས་བསམ་བཞེས་རོགས་ཞུ་ཞུ།།

    ༧གོང་ས་མཆོག་ཞི་བདེའི་དེད་དཔོན་ཆེན་པོ་ཞིག་ཡིན་པར་འཛམ་གླིང་གི་ཐོག་ཏུ་ཡོངས་གྲགས་རེད། གཞན་ཕན་དང་སྙིང་རྗེ། འཚེ་མེད་དང་ཞི་བདེ་ཡི་ལྟ་གྲུབ་དུས་དང་རྣམ་པ་ཀུན་དུ་གསུངས་ཀྱི་ཡོད།

    ཕུ་ནུ་ནང་ཁུལ་དུ་ཆ་བཞག་ན་བསད་རེས་དང་རྡུང་རེས་བྱས་དང་བྱེད་བཞིན་པ་རེད། བོད་མི་རིགས་ནང་ཁུལ་དུ་སྙིང་ལ་གྲི་རྒྱབ་དགོས་ན་དཔའ་པོ་སྟག་འདྲ་གཟིག་འདྲ་མང་པོ་རེད། མ་ཟད་ལོ་ཤས་གོང་ནས་མེ་མདའ་ཉོ་ཡི་ཡོད། དེ་ཡང་རིང་མདའ་དང་ཐུང་མདའ་བཅས་ཉོ་ཡི་ཡོད།

    ཁམས་དང་ཨ་མདོའི་ས་ཁུལ་མང་ཆེ་བ་ལ་བོད་མི་ཚོས་ཡོད་ཚོད་སྤྲད་ནས་མེ་མདའ་ཉོ་གི་ཡོད། དེ་ཡང་བོད་རིགས་སྤུན་ཟླའི་ཐོག་ཏུ་རྒྱབ་ཀྱིས་ཆ་གཞི་དང་དམིགས་ཡུལ་རེད། མེ་དམའ་བརྒྱབས་ནས་ཕུ་ནུ་ནང་བསད་བཏང་བར་ཉུང་ཉུང་རྩ་བ་ནས་མིན། དངོས་ཡོད་གནས་ཚུལ་རེད།

    རི་བོ་སྒང་དྲུག་ཡུལ་གྱི་བོད་མི་རྣམས་སུ་དམ་པའི་ལྷ་ཆོས་དང་བྱམས་སྙིང་རྗེ་བཤད་ཀྱང་མ་ཕན། རྒྱ་ཁྲིམས་མགོ་ཐོག་ཏུ་བཞག་ཀྱང་མ་སྐྲག་པར་ཕུ་ནུ་ནང་བསད་བཏང་བསྡད་པ་རེད། ད་ག་དུས་མཚམས་ཆད་ཀྱི་རེད་དམ། ༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་སུ་འདི་འདྲ་ཡིན་ན་མ་བཞུགས་པའི་སྐབས་སུ་གནས་ཚུལ་སྡུག་རེར་འགྲོ་གི་རེད།

    ད་རིང་དུས་འཁོར་དབང་ཆེན་གྱི་ཆེད་དུ་བོད་ནས་བོད་མི་མང་པོ་ཞིག་ཕེབས་ཀྱི་ཡོད་ཚོད་འདུག་པས་གཙོ་བོར་༧གོང་ས་མཆོག་དང་བཀའ་ཁྲི་བློ་བཟང་སེང་གེ་རྣམ་གཉིས་ཀྱིས་མ་འོང་ཕུ་ནུ་ནང་གསོད་གཏོང་རེས་མི་བྱེད་པའི་བསླབ་བྱ་ཟབ་མོ་ཞིག་རྒྱབ་དགོས་ཀྱི་འདུག་ཞེས་ཞུ་རྒྱུ་ཡིན།

    ཁྱེད་རྣམ་པ་གཉིས་ཀྱིས་བོད་མི་རིགས་ཀྱི་བློ་ཁ་སྒྱུར་མ་ཐུབ་ན་ཕུ་ནུ་ནང་གསོད་ཀྱི་ལུགས་སྲོལ་ངན་པ་འདི་མཚམས་ཆད་ས་མ་རེད། བོད་མི་རིགས་ནང་ཁུལ་དུ་སྙིང་ལ་གྲི་བརྒྱབས་རེས་བྱས་བསྡད་ཀྱི་ཡོད་པའི་གནས་སྟངས་ཀྱི་འོག་ཏུ་འཛམ་གླིང་ཞི་བདེ་ཞེས་གཞན་ལ་བཤད་དུས་སུ་ངོ་ཚ་དགོས་པའི་གནས་སྟངས་དང་མ་ཐུབ་གོང་ཁྲན་ཏང་ལ་འཚེ་མེད་ཞི་བདེ་བཤད་དུས་ཀྱང་ཁོ་ཚོས་ཅི་བསམ་གྱི་རེད་དམ།

    ༧གོང་ས་མཆོག་དང་བཀའ་ཁྲི་གཉིས་ཀྱིས་བོད་མི་རིགས་ཀྱི་ཕུ་ནུ་ནང་བསད་ཀྱི་ལུགས་སྲོལ་ངན་པ་འདི་མཚམས་གཅོད་རོགས་བྱོས་ཞེས་ཆེད་དུ་བྱ་བའི་གདུལ་བྱ་ཅོ་རིས་སྙིང་ནས་རེ་སྐུལ་ཞུ་བཞིན་ཡོད་ལགས། གལ་སྲིད་ད་རིང་དུས་དབང་གི་སྐབས་སུ་བོད་ནས་ཕེབས་པའི་བོད་མི་རྣམས་སུ་ཕུ་ནུ་ནང་གསོད་མི་ཡོང་བའི་ཆེད་དུ་བསླབ་བྱ་གོ་ཐོས་ཡོད་པ་ཞིག་མ་རྒྱབ་ན་དེ་ནས་བཟུང་འཚེ་མེད་ཞི་བདེ་དང་འཛམ་གླིང་ཞི་བདེ་ཞེས་བཤད་ཀྱི་མཚམས་བཞག་དགོས་ཡོད། མ་བཞག་ནའང་ངོ་ལེན་བྱ་རྒྱུ་མིན།

    Reply
  13. བློ་བཟང་། says:
    ལོ་ 14 སྔོན།

    གཞོན་ལྷན་ལ་དགའ་བསུ་ཡོད།་སྔ་ཕྱིར་བ་གསུམ་དུ་ལས་དོན་ཡག་པོ་བསྒྲུབ་ཡོད

    Reply
  14. སྨར་དྷཱིཿཟེར། says:
    ལོ་ 14 སྔོན།

    སྒྲགས་གཏམ་རྫིག་པོ་རེ་སྤེལ་དོན་ལ་ཐུགས་དུས་གསར་འགྱུར་ཚོར་ཕྱུ་རའི་དྲི་མ་ཁག་གི་འདུག འཁྲུགས་པ་རྒྱག་གི་འདུག སྐད་ཆ་གོ་ཡི་མི་འདུག ཕྱ་མོད་སྣ་ཚོགས་མ་བྱེད་རོགས། སྐུ་རྩེད་ཡིན་ད་དཔེར་དགའ་སོང་ང་ཡང་ད་ལོ་རྡོ་གདན་ལ་གསར་འགྱུར་བ་ཞིག་ཡིན། སྐབས་ཐོག་འདི་འདྲ་ཞིག་ཡོད་ན་བསམ་ནས་འདུག་ཡོད། ད་དུང་མི་མང་བསྡོད་གུ་རིན་མེདཐོག་ཡོད་མེད་ཀྱི་གསལ་བཤད་ཅེས་གནང་རོགས།

    Reply
  15. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ཆ་གཞི་ཡག་པོ་འདུག་པས་དགའ་པོ་བྱུང་། ཐུགས་རྗེ་ཆེ།

    Reply
  16. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དེ་ལེགས།
    གལ་སྲིད་གསར་འབྱོར་མི་ལྔ་རྡོ་རྗེ་གདན་ནས་ཝ་ན་རུ་འགྲོ་མ་ཤེས་ན་དེ་ལ་སྐད་བསྒྱུར་བྱ་ན་འགྲོ་སོང་དེ་གཞོན་ནུས་གཏོང་ཐུབ་བམ།
    གནས་ཚུལ་དེ་འདྲ་མང་པོ་ཡོད་རེད་དེཚོ་ལ་གང་འདྲ་བྱ་འདོད་ཡོད།
    ལན་དང་གསལ་བཤད་ཡོད་པ་འཚལ།

    Reply
  17. ཤག་སྒང་པ། says:
    ལོ་ 14 སྔོན།

    ཤིན་ཏུ་ལེགས། དགོས་ངེས་རེད། ཐུགས་རྗེ་ཆེ། བསྔགས་བརྗོད་ཡོད།

    Reply
  18. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ཨ་མ་ཡིན་ཤག་དང་ནུ་མ་ནུ་རྐྱང་རེད. ཆོས་ཞུ་བ་ཚང་མས་གཞོན་ནུའི་རོགས་རམ་ཡོད་ཤག་ཤག་གིས སྔ་ས་ནས་བོད་ནང་དུ་དུས་དབང་སྐབས་གཞོན་ནུས་རོགས་བྱེད་ཀི་རེད་ཅེས་བོད་ལན་སྤྲོད་ཀྱིན་འདུག་. གཞོན་ནུ་ཚོགས་པས་སྲུངས་ཤིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese