མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲ་ཚིགས་ཀློག་མཁན་འབུམ་ ༣༥ ཡོད།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

ད་ནངས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཚིགས་ (www.tibet.net) ཞེས་པ་དབུ་འབྱེད་གནང་སྟེ། དྲ་རྒྱའི་བརྒྱུད་ལམ་ནས་རྒྱལ་སྤྱི་དང་རྒྱ་ནག་ནང་བོད་དོན་དྲིལ་བསྒྲགས་དགོས་པའི་འབོད་སྐུལ་གནང་ཡོད།   

དེ་རིང་ཕྱི་ཚེས་ ༡༤  ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཉེ་ལམ་བསྐྱར་བཟོ་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཚིགས་(www.tibet.net) ཞེས་པ་དབུ་འབྱེད་གནང་སོང་ལ།མཛད་སྒོའི་ཐོག་བཀའ་ཁྲི་བློ་བཟང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་བསྐྱར་བཟོ་བྱེད་མཁན་དང་འབྲེལ་ཡོད་ལས་བྱེད་ཚོར་བསྔགས་བརྗོད་དང་འབྲེལ། དྲ་ཚིགས་བསྐྱར་བཟོ་དགོས་དོན་དང་དྲ་ཚིགས་ཀྱི་གལ་ཆེའི་རང་བཞིན་སྐོར་ངོ་སྤྲོད་གནང་སྟེ། “ ད་ཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཚིགས་ཀློག་མཁན་ཟླ་རེར་འཛམ་གླིང་རྒྱལ་ཁབ་ཁག་ ༡༤༥ ཙམ་ནས་མི་  ༣༥༠༠༠༠༠  ཙམ་ཡོད་ཅིང་། དེ་དག་ཁྲོད་ཀློག་མཁན་མང་ཤོས་ཀྱི་རྒྱལ་ཁབ་ཨ་རི་དང་རྒྱ་གར། ཁེ་ན་ཌ། ཡུ་རོབ། རྒྱ་ནག་བཅས་ཡིན་སྟབས། གཞུང་འབྲེལ་དྲ་རྒྱ་འདི་ལ་བོད་དང་རྒྱ་ནག་ས་ཁུལ་ཁག་ཏུ་ལྟ་ཀློག་བྱེད་བཞིན་པ་ཧ་ཅང་གསལ་པོ་རེད། མ་འོངས་པར་དྲ་རྒྱ་འདི་ཡར་རྒྱས་བཏང་སྟེ་ཟླ་རེར་ཀློག་མཁན་མི་ས་ཡ་ ༦ ཙམ་བྱུང་ན་བོད་མི་ས་ཡ་ ༦ ཡོད་སྟབས་རྟེན་འབྲེལ་ཡག་པོ་ཞིག་ཏུ་མཐོང་གི་ཡོད། འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་དྲ་རྒྱ་འདི་གལ་ཆེན་ཡིན་པ་མ་ཟད། བོད་མིའི་ཆབ་སྲིད་དང་སྤྱི་ཚོགས་ལའང་དྲ་རྒྱ་འདི་གལ་ཆེན་ཆགས་ཡོད་དུས། ང་ཚོས་མུ་མཐུད་དུ་བོད་ཡིག་དང་རྒྱ་ཡིག་དྲ་རྒྱ་གཉིས་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་ ” ཞེས་གསུངས་སོང་།

བཀའ་དྲུང་ཡིག་ཚང་གི་ལས་བྱེད་བསྟན་འཛིན་ལེགས་བཤད་ཀྱིས་ངོ་སྤྲོད་བྱས་དོན་ལྟར་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཚིགས་འདི་ཕྱི་ལོ་ ༢༠༠༡ ལོར་ (TCRC) གློག་ཀླད་སྡེ་ཚན་གྱིས་གསར་བཟོ་གནང་བ་ཞིག་ཡིན་ཞིང་། དུས་ཀྱི་དགོས་མཁོ་དང་བསྟུན་ཏེ་ཉེ་ཆར་བསྐྱར་བཟོ་བྱས་པ་ཞིག་ཡིན་འདུག དྲ་ཚིགས་དེའི་ཇུས་འགོད་ཐོག་སྔར་དང་མི་འདྲ་བར་གསར་གཏོད་ཀྱི་རྣམ་པའི་ཐོག་བསྐྱར་བཟོ་བྱས་ཡོད་པ་མ་ཟད། ངོ་དེབ་ (facebook) དང་། ཡོ་ཊོ་བྷི་(youtube)།  ཟིན་བྲིས་(blog)། ཊེ་ཊེར་(twitter)།  (social network )སོགས་ལེ་ཚན་ཁ་ཤས་གསར་དུ་ཁ་སྣོན་བརྒྱབ་ཡོད་འདུག གཞན་དྲ་ཚིགས་དེར་གསར་འགྱུར་གྱི་པར་དང་དུས་དེབ་(Tibetan Bulletin)། དཔེ་དེབ། གལ་ཆེའི་ཡིག་ཆ་སོགས་ནང་འཇུག་དང་། གནས་ཚུལ་དང་གསར་འགྱུར་རིགས་ལ་ཐོ་འགོད་བྱས་ཏེ་རང་ཉིད་ཀྱི་མཆན་སོགས་བཏབ་ཆོག་པ་བཟོས་འདུག ལྷག་པར་དུ་བོད་ནང་ཛ་དྲག་གི་གནས་ཚུལ་སོགས་བྱུང་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དྲ་ཚིགས་བེད་སྤྱོད་གཏོང་མཁན་ཚོའི་(Email) གློག་འཕྲིན་ཁ་བྱང་ཐོག་གནས་ཚུལ་ངོ་སྤྲོད་ཞུ་རྒྱུ་ཡིན་ལ། དྲ་ཚིགས་དེའི་ངོ་དེབ་སྟེང་བཀའ་བློན་ཁྲི་པ་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་རྣམས་ཕྱོགས་བསྐྱོད་སྐབས་ཀྱི་གནས་ཚུལ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་ཚུལ་སོགས་ཞིབ་ཕྲར་འགོད་རྒྱུ་ཡིན་འདུག  

སྐུ་ཞབས་བསྟན་འཛིན་ལེགས་བཤད་ལགས་ཀྱིས་བརྗོད་དོན། “ ང་ཚོས་དྲ་རྒྱ་འདི་འདྲ་ཞིག་བཟོ་དགོས་པའི་དམིགས་ཡུལ་ནི་དྲ་རྒྱ་འདི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱ་ཆགས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་བདུན་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ། བོད་མི་མང་སྤྱི་འཐུས་ལྷན་ཁང་། ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་ཀྱི་གནས་སྟངས་རྣམས་མང་ཚོགས་ལ་གསལ་བཤད་གནང་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་དུས་ཐོག་རྒྱལ་སྤྱིའི་སྟེང་ངོ་སྤྲོད་དང་དྲིལ་བསྒྲགས། རྒྱལ་སྤྱིའི་ངོས་ནས་བོད་མིའི་སྒྲིག་འཛུགས་དང་བོད་དོན་ལ་དོ་སྣང་ཡོང་ཐབས་སུ་འབད་བརྩོན་ཞུ་རྒྱུ་བཅས་ཡིན ” ཞེས་བརྗོད་སོང་།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཚིགས་དེ་བོད་ཡིག་དང་དབྱིན་ཡིག རྒྱ་ཡིག་བཅས་སྐད་ཡིག་གསུམ་ནང་བཀོད་སྤྱོད་བྱེད་ཀྱི་ཡོད་པ་དང་། ད་ཆར་གཞུང་འབྲེལ་དྲ་ཚིགས་འདི་འཛམ་གླིང་རྒྱལ་ཁབ་ཁག་ ༡༤༥ ནང་ལྟ་ཀློག་བྱེད་ཀྱི་ཡོད་འདུག  

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 9

  1. སྟག་ཕྲུག says:
    ལོ་ 14 སྔོན།

    དགོངས་དག བསྟན་འཛིན་ཆོས་རྒྱལ་མིང་ཅན་གྱི་རིག་པ་ལས་“མི་སྤར་མོ་གང་གིས སྐད་རིགས་ལོང་བ་གང་ཤེས་མཁན་ བཙན་བྱོལ་བོད་རིགས་ཡན་པས་དཀའ་ངལ་རང་སེལ ཆ་རྐྱེན་ལྷུན་གྲུབ་ཡིན་ཡིན་ཏུ བེད་མེད་འཇོག་དགོས་ཅི”ཞེས་པ་འདི་དག་གོ་བ་ལྟ་ཅི་ཀློག་སྐབས་ཀྱང་སྔགས་ཡིག་ཀློག་པ་བཞིན་འདུག དྲ་རྒྱ་དོ་དམ་པས་དྲ་བའི་སྟེང་དུ་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པར་སྟངས་འཛིན་བྱས་ན་ལེགས། འདི་དྲ་རྒྱ་ཞིག་གི་སྤུས་ཚད་དང་འབྲེལ་ཡོད་པ་མ་བརྗེད་རོགས།

    Reply
  2. ཤར་མདའ། says:
    ལོ་ 14 སྔོན།

    རྒྱལ་སྤྱིའི་ཐོག་བོད་མིའི་སྒྲིག་འཛུགས་ཟེར་པ་ཚང་མའི་ཤེས་ཐུབ་བྱུང་ན་ཡག་པོ་རེད།  རྒྱ་མི་རིགས་ཡིན་ན་ཡང་བོད་མིའི་དམིགས་ཡུལ་དང་ལྟ་བ་བསམ་བློའི་འཛིན་སྟངས་སོགས་ཕན་ཚུན་ངོ་ཤེས་ན་དེ་ནས་གྲོས་མོར་སོགས་གང་ཡིན་རུང་ལྟ་ཚུལ་གསར་བ་ཡོད་ངེས་ཡིན་དུས་ང་ཚོས་གཙོ་བོ་ད་དུང་བསྟོན་པ་མ་ཡིན་པར་དངོས་ཡོད་ཐོག་ཕན་ཐོག་ཡོད་པ་ཞིག་དང་རྒྱལ་སྤྱིའི་ཐོག་ནས་དྲ་ལམ་འདི་རྒྱུད་ནས་བོད་དོན་ཧ་གོ་ཐུབ་པ་ཞིག་བྱུང་བ་ཡིན་ན་དགེ་མཚན་རེད་ཟེར་ན་ཆོག་འདི་ནི་ཡང་བཀའ་ཁྲི་མཆོག་གི་དེང་དུས་ཀྱི་ཤེས་ཡོན་གྱི་གོ་རྟོགས་ལེགས་བས་རྟགས་མཚན་ཞིག་མ་ཡིན་ནམ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ད་ཆ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཚིགས་ཀློག་མཁན་ཟླ་རེར་འཛམ་གླིང་རྒྱལ་ཁབ་ཁག་ ༡༤༥ ཙམ་ནས་མི་ ༣༥༠༠༠༠༠ ཙམ་ཡོད་ན། དེའི་ནང་ན་བོད་རིགས་ཀློག་མཁན་བརྒྱ་ཆ་ག་ཚོད་ཟིན་ཡོད་དམ།
    རང་རིགས་ས་ཡ་༦་པོ་ཡིག་རྨོངས་ལས་གྲོལ་མ་ཐུབ་པར་གཞན་མི་ས་ཡ་༦གིས་བཀླགས་པ་ཙམ་གྱིས་གློ་བ་བདེ་བར་ཅིག་ཡོང་ཐུབ་བམ།
    ད་དུང་བོད་ཡིག་དྲ་རྒྱ་ཀློག་མཁན་གྱི་གྲངས་ཐོ་མ་བཏོན་ན་མ་གཏོགས་ངོ་ཚ་བའི་གནས་སུ་འགྱུར་ངེས་མ་རེད་པེ། ལགས། སྲིད་སྐྱོང་བློ་སེང་མཆོག་ལགས།

    Reply
  4. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ཧ་ཅང་ལེགས སྲིད་སྐྱོང་མཆོག་གིས་གནད་དུ་འཁེལ་བའི་ཕྱག ལས་གནང་གི་འདུག་ག དུས་ཡུན་སྐར་མ་གཅིག་ལ་མི་ཁྲི་མ་འབུམ་ལ་ཤེས་སུ་འཇུག་ཐུབ་པས དྲ་རྒྱ་ལས་གལ་ཆེན་ནུས་ཆེན་ཅིག་མེད་ཅེས་བཤད་ཆོག རྒྱལབ་རིན་པོ་ཆེའིཁྲྀ་ཝེ་ཁྲྀ་ལ་རྗེ་འབྲེང་བ་ས་ཡ་གཉིས་ལྷག་ཡོད་པ་བཞིན་ནོ
    ད་དུང་རེ་སྐུལ་ཅིག་ནི ཧྥ་རིན་སྀ་དང་འཇར་མིན སྀ་པྀན་ནི་ཞྀ་བཅས་ཀྱི་ཐོག་ཏུ་ཡོད་པའང་གནང་རོགས་ཞུ མི་སྤར་མོ་གང་གིས སྐད་རིགས་ལོང་བ་གང་ཤེས་མཁན་ བཙན་བྱོལ་བོད་རིགས་ཡན་པས་དཀའ་ངལ་རང་སེལ ཆ་རྐྱེན་ལྷུན་གྲུབ་ཡིན་ཡིན་ཏུ བེད་མེད་འཇོག་དགོས་ཅི

    Reply
  5. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 14 སྔོན།

    བཀའ་ཁྲི་འདི་མི་རྣམ་རྟོག་ཆེན་པོ་ཅན་ཞིག་རེད། དང་པོར་བརྒྱད་བརྒྱད་བརྒྱད་ཡིན་ནམ་ཞིག་བརྩིས་སོང་། ད་ནི་ས་ཡ་དྲུག་བརྩིས་སོང་། ཁྲིམས་ལུགས་མཁས་ཅན་ཞིག་རྣམ་རྟོག་གི་རྒྱ་རུ་ཚུད་པ་འདི་ནི་ལེགས་ཉེས་གང་ཡིན་ནམ། བཀའ་ཁྲིའི་བོད་ཡིག་གི་དྲུང་ཡིག་ཡག་པོ་ཞིག་རྒྱང་འཕུད་བཏང་ནས་ཅང་མ་འགོར་བར་དབྱིན་ཡིག་གི་དྲ་རྒྱ་གསར་བ་ཞིག་སྒོ་འབྱེད་བྱས་སོང་། ཡ་ཡ་ཡ། ད་ཉི་མ་རིང་དུ་རིང་དུ། རྩམ་པ་ཞིམ་དུ་ཞིམ་དུ་འགྲོ་ལེ་རེད་ད།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    དྲ་ཚིགས་ལེགས་བཅོས་གནང་བ་བཟང་གི ཁ་བྱང་བརྗེས་པ་ཡིན་ནམ་ཅི། དེ་རིང་ད་དུང་སྒོ་འབྱེད་ཐུབ་ཀྱི་མི་འདུག

    Reply
  7. ཤིང་ལོ། says:
    ལོ་ 14 སྔོན།

    རེད་རེད། ངོ་ཚོས་མུ་འཐུད་ནས་དྲྭ་ལམ་འཚོལ་རྒྱུ་གལ་ཆེན་ཡིན།

    Reply
  8. འཇིགས་མེད་སེང་གེ says:
    ལོ་ 14 སྔོན།

    པེ་ཡག་པོ་འདུག བྱོལ་སོང་རྒྱལ་བོ་སེང་གེ་ཡིས་ཨིན་ཡིག་གནམ་དུ་འཕྱར། བོད་ཡིག་རྨག་མེད་དུ་བཅོམས། བོད་ཡིག་གི་དྲ་རྒྱ་ནག་ཁུངས་སུ་བཞག གཞུང་འབྲེལ་ཡིག་ཆ་ཚང་མ་ཨིན་ཡིག་ནང་བཟོས་སོང་། ད་མི་འདིས་བསྐྱལ་ཐག་ཆོད་ཅིག་ལ་བསྐྱལ་ས་རེད།

    Reply
  9. འཇིགས་མེད་སེང་གེ says:
    ལོ་ 14 སྔོན།

    པེ་ཡག་པོ་འདུག བྱོལ་སོང་སེང་གེ་འདི་པེ་ཡག་པོ་རེད། ད་བོད་ཡིག་རྨག་མེད་དུ་ཐོངས། བོད་ཡིག་དྲ་བ་ནག་ཁུངས་ནས་བཞག་སྟེ་གཞུང་འབྲེལ་ཡིག་ཆ་ཚང་མ་ཟླ་བ་ཁ་ཤས་ནང་ཨིན་ཡིག་ནང་བསྒྱུར་ཚར་སོང་། ད་མི་འདི་ལ་རེ་བ་མེད་ཐག་ཆོད་རེད། ཚང་མས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཕྱོགས་སུ་ཆས་ན་མི་དགའ་འམ། ཧཧཧཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese