མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་དབང་དང་ར་ལུག་གི་ཚེ་སྲོག

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

ད་ནངས་རྡོར་གདན་མཆོད་རྟེན་ཆེན་མོའི་མཱ་ཧཱ་བྷོ་ཏི་སྲང་ལམ་དུ། བོད་ནས་ཕེབས་པའི་ཆོས་ཞུ་བ་ཞིག་གིས་བཤས་རའི་ར་མ་ཆུང་ཆུང་ ༤ ཉོས་ཏེ་ཚེ་ཐར་ལ་བཏང་སོང་།  

ཉིན་ཤས་གོང་ནས་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ལ་ཕེབས་མཁན་མང་དུ་ཕྱིན་པ་དེས། རྡོར་གདན་ས་གནས་ཀྱི་ར་ལུག་གཙོས་པའི་སེམས་ཅན་གྲངས་མེད་ཀྱི་ཚེ་སྲོག་ཤོར་བཞིན་ཡོད་འདུག་ལ། དུས་དབང་གོ་སྒྲིག་ཚོགས་ཆུང་གིས་འབོད་སྐུལ་ཇི་ལྟར་ཞུས་མིན་ལ་མ་ལྟོས་པར། བོད་མི་ཆོས་ཞུ་བ་ཚོས་དམར་ཟས་སྤྱོད་ཐལ་ཆེ་བའི་དབང་གིས་ས་གནས་ཡུལ་མི་ཚོས་ས་ཚིགས་མང་པོར་ཉིན་ལྟར་ར་མ་བཅུ་ཕྲག་འགའ་རེ་འཚོང་འགྲེམས་བྱེད་ཀྱི་ཡོད་པ་མ་ཟད། ཐ་ན་ཟླ་ཤས་ལས་ཕྱིན་མེད་པའི་ར་མའི་རེའུ་ཆུང་ཆུང་དག་ཀྱང་རིན་གོང་ཐོན་པོས་བཤས་རྭར་འཚོང་བཞིན་ཡོད་འདུག

ད་ནངས་ཞོགས་པ་འདི་གའི་གསར་འགོད་པ་རྡོར་གདན་མཆོད་རྟེན་ཆེན་མོའི་འགྲམ་གྱི་མཱ་ཧཱ་བྷོ་ཏི་སྲང་ལམ་དུ་སྐྱོད་སྐབས། བོད་མི་སྐོར་ཞིག་བཤས་ར་ཆུང་ཆུང་ཞིག་ཏུ་འཚང་ཁ་རྒྱག་བཞིན་པ་མཐོང་སྟེ་དེ་གར་རྒྱུས་ལོན་བྱས་པར། ས་གནས་ཡུལ་མི་ཤ་བཙོང་བ་ཞིག་གིས་བཙས་ཏེ་ཟླ་ཤས་ལས་ཕྱིན་མེད་པའི་རེའུ་ཆུང་ཆུང་ ༤ བཤས་རྭའི་ནང་གསོད་རྩིས་བྱེད་ཀྱི་ཡོད་པ་བོད་ནས་ཕེབས་པའི་ཆོས་ཞུ་བ་ཞིག་གིས་མཐོང་སྟེ། སེམས་ཀྱིས་མ་བཟོད་པར་རེའུ་ཆུང་ཆུང་དེ་དག་གི་ཚེ་སྲོག་སྐྱོབ་ཆེད་ཧིན་སྒོར་ ༨༠༠༠ སྤྲད་དེ་ཉོ་གྲབས་བྱས་སྐབས། མཐར་ལ་དྭགས་པ་སྐོར་ཞིག་གིས་སྐད་བསྒྱུར་རོགས་རམ་འོག་ར་མ་དེ་ཚོར་ཧིན་སྒོར་ ༤༠༠༠ ཙམ་སྤྲད་དེ་ཉོས་སོང་།  

གནས་ཚུལ་དེའི་ཐད་གསར་འགོད་པས་བོད་ནས་ཕེབས་པའི་ཆོས་ཞུ་བ་དེར་སེམས་ཚོར་དྲིས་པར།  “ང་རང་གནས་མཆོག་རྡོ་རྗེ་གདན་ལ་སངས་རྒྱས་མཇལ་རྒྱུ་དང་དུས་འཁོར་དབང་ཆེན་ཞུ་རུ་ཡོང་བ་ཡིན། ཞོགས་པ་ལམ་ཁ་ནས་ཚུར་ཡོང་སྐབས་རྒྱ་གར་འདིས་རེའུ་ཆུང་ཆུང་འདི་དག་བཤས་རར་གསོད་རྩིས་བྱེད་ཀྱིན་པ་མཐོང་སོང་། དེ་ནས་སེམས་ཀྱིས་མ་བཟོད་པར་ཁ་ཐུག་ཉོས་པ་ཡིན ” ཞེས་བརྗོད་སོང་།

ཁྱེད་རང་ཉིན་ཤས་རྗེས་བོད་དུ་ལོག་རྒྱུ་ཡིན་སྟབས། རེའུ་འདི་དག་བདག་པོ་ཇི་ལྟར་རྒྱག་འཆར་ཡོད་མེད་དྲིས་སྐབས། “ངས་གློ་བུར་དུ་རེའུ་འདི་དག་གསོད་བཞིན་པ་མཐོང་སྟེ་ཉོས་པ་ཡིན། ཉོས་ཚར་བའི་རྗེས་འདི་ཚོ་སུ་ལ་སྤྲོད་དགོས་མིན་ཤེས་ཀྱི་མི་འདུག དང་ཐོག་རེའུ་ཆུང་ཆུང་རེ་རེའི་མགོ་ལ་ཁ་བཏགས་རེ་བཏགས་ཏེ་ཕྱི་ལོགས་ལ་གཏོང་བསམས་ཀྱང་། ང་རང་སོང་ཤུལ་དུ་ར་མའི་བདག་པོས་ཡང་བསྐྱར་བཟུང་སྟེ་གསོད་རྒྱུ་རེད། དེའི་སྟབས་ཀྱིས་རེའུ་འདི་དག་ཁྲིད་དེ་དགོན་པ་ཞིག་ལ་འབུལ་རྒྱུ་ཡིན། དགོན་པར་སྤྲད་ན་སྲོག་སླུ་ཡོང་གི་རེད། ” ཅེས་བརྗོད་བྱུང་།

དུས་དབང་གྲ་སྒྲིག་ཚོགས་པས་ཆོས་ཞུ་བ་ཚོར་ད་ལོའི་དུས་དབང་སྐབས་དཀར་སྐྱོང་ཁོ་ན་གནང་རྒྱུའི་འབོད་སྐུལ་ཡང་ཡང་ཞུས་ཡོད་ཀྱང་། རྡོར་གདན་སྲིང་ལམ་ཁག་གི་ཟ་ཁང་དང་། ཆོས་ཞུ་བ་དག་གིས་ཞལ་ལག་མངགས་ཕྱོགས་བཅས་སུ་དཀར་སྐྱོང་གནང་མཁན་ཧ་ཅང་ཉུང་རེད།

རྡོར་གདན་གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 3

  1. རིག་པའི་རལ་གྲི says:
    ལོ་ 15 སྔོན།

    དུས་དབང་རྒྱུད་སྡེ་དང་མཐུན་པ་ཞུ་ཤེས་མཁན་ཤིན་ཏུ་ནས་ཉུང་།
    དེར་བརྟེན་གནས་མཆོག་ཁྱད་པར་ཅན་འདི་རུ་ར་ལུག་རེའི་སྲོག་སྐྱོབས་ནུས་པ་ལུས་དབང་བྲལ་ལ་སྡད་པ་ལས་ཀྱང་ཕན་ནུས་ངེས་པར་ཅན་དུ་ཆེ། སྤྱིར་རྒྱུད་སྡེ་བླ་མེད་ལས་ཤ་ལྔ་བདུད་བརྩི་ལྔར་སྤྱོད་པར་གསུང་ནའང། མི་ཤ་ཟ་ཞིང་མི་གཙང་རྟུག་པ་ལྡག་མི་ནུས་པ་སུས་ར་ལུག་ལ་སོགས་ཀྱི་ཤ་ཟོས་ན། གསང་སྔགས་ཀྱི་རྒྱུད་སྡེ་དང་འགལ། བྱང་སེམས་ཀྱི་བསླབས་བྱ་དང་འགལ། ད་དུང་ཐེགས་ཆེན་གྱི་འདུལ་བ་དང་རོ་རྒྱབ་ཁུར་བཞིན་གྱུར་པས། སོ་སོ་ཤ་ལ་སྲེགས་ཅིང་ཁྲག་ལ་རྐམ་པའི་རང་འཚང་འགེབས་པའི་སླད་དུ་ལུང་རིགས་ལྟར་སྣང་ཁྱེར་ནས་ཤ་ཟོས་ན་ཉེས་པ་མེད་རབ་བཤད་མཁན་ནུ་བཤིན་པའམ་གདོལ་བའི་རིགས་དང་གཉིས་སུ་མེད་པའི་ཐོག ད་དུང་ལས་འབྲས་བླང་དོར་ཤེས་བཞིན་ཁྱད་གསད་བྱས་པའི་རྣམ་སྨིན་ཤིན་ཏུ་ནས་ལྕི་བས་བག་ཟོན་མཛོད།

    བོད་པས་ཤ་ཟོས་པས་ཐེགས་ཆེན་གྱི་གྲས་ལས་ཕུད། རྒྱ་གར་གྱི་ཡུལ་མིས་ཕན་ཚུན་བསྲེ་མི་རུང་བའི་རིགས་སུ་བརྩིས། དེ་དག་གི་ཤུགས་རྐྱེན་ངན་པ་དེས་བོད་རྣམས་གང་སར་མགོ་འཕང་ཇེ་དམའ་བྱེད་དགོས་ཀྱི་ཡོད། ཚེ་འདིར་ལུས་ཀྱི་འཕྲོད་བསྟེན་ལ་གནོད་པས་ཚེ་སྲོག་ཐུང་བའི་ཤུགས་རྐྱེན་ཆེ་ཤོས་ཀྱི་རྒྱུ་རུ་གྱུར། ཚེ་ཕྱི་མ་དམྱལ་བ་ཡང་སོས་ཀྱི་གནས་སུ་སྲོག་ལམ་ལྔ་བརྒྱ་འཇལ་དགོས་པ་སོགས་འདི་ཕྱི་གཉིས་ཕུང་གི་བྱ་ངན་འདི་ད་ལྟའི་དུས་འཁོར་དབང་ཆེན་སྐབས་སུ་རང་རེ་ཧི་མ་ལ་ཡི་རི་རྒྱུད་དུ་གནས་པས་སྔོན་གྱི་དུས་འཁོར་དབང་ཆེན་སྐབས་སུ་སྤགས་རིགས་གྱོན་པ་འཚམས་བཞག་པ་ནང་བཞིན་འཚམས་བཞག་ཐུབ་ན་རྒྱལ་བའི་བརྟན་བཞུགས་ལ་དེ་ལས་ལྷག་པ་ཞིག་སུས་ཀྱང་མི་ཐོན།

    Reply
  2. ཤག་སྒང་པ། says:
    ལོ་ 15 སྔོན།

    ང་ཚོ་བོད་པ་དེང་རབས་དང་རྗེས་སུ་ལུས་པའི་གོམས་ངན་གཅིག་ནི། ཁ་ནས་མ་ཎི་དང་སྙིང་རྗེ་ཟེར་ཡང་། ཤ་ལ་སྲེད་པའི་ཆགས་ཞེན་དོར་མ་ཐུབ་པ་དེེ་ཁོ་ནས་ཡིན་པས། ཤ་མེད་བསྟེན་ཅིག་རིགས་ཀྱི་སྤུན་ཟླ་ལགས།

    ང་ཚོར་རྒྱ་ནག་ནང་པས་བོད་པའི་དགེ་བཤེས་ཤ་གཟན་དང་། སེངྒ་ལ་པ་སོགས་ཀྱིས་བོད་པའི་དགེ་སློང་ཕྱི་དྲོ་ཁ་ཟས་སོགས་ཀྱིས་བསྙད་དེ་ནང་པའི་ཁོངས་སུ་མི་བརྩིས་པར་ལ་ཡང་དགོསཔའི་གནས་ལུགས་ཀྱིས་ཕོངས་པ་མིན་པས། དུས་ཀྱི་འགྱུར་འགྲོས་དང་བསྟུན་པའི་བསམ་བློ་དང་གོམས་གཤིར་བཅོས་བསྒྱུར་གཏོང་དགོས་པར་སེམས།

    ང་ཚོས་འཚེ་མེད་ཀྱི་ལྟ་བ་ཆེས་ཆེར་བསྒྲགས་ཤིང་། སྒོས་སུ་དཔལ་དུས་ཀྱི་དབང་ཆེན། འཛམ་གླིང་ཞི་བདེའི་སྨོན་ལམ་སོགས་དང་དེ་བས་ཀྱང་མི་མཐུན་པས་ཡིད་གཟབ་གནོངས་ཤིག་བོད་པ་ལགས།

    བོད་ནས་ཕེབས་པའི་གནས་མཇལ་བ་དེས་སྙིང་རྗེ་དོན་དུ་ལག་བསྟར་མིག་དཔེ་བཟང་པོ་བསྟན་པར་ཡིད་རང་བསྔགས་བརྗོད་ཡོད་དོ།།

    གནས་དེར་འདི་ལྟའི་བྲོ་གར་དངོས་དང་ཟོག་པོ་མང་པས་དབྱེ་འབྱེད་ཀྱང་དུས་བསྟུན་འབེན་ལ་འཁེལ་དགོས་པར་ཡིན་ནོ།།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    འཕགས་པ་ཀ་ཏ་ཡ་ནས།
    ཕ་ཤ་བཟའ་ཤིང་མ་ལ་སྦྱིན། །
    སྡང་བའི་དགྲ་བོ་པང་དུ་བླངས། །
    ཞེས་སོགས་འཁོར་བར་སྐྱེ་བ་སྔ་ཕྱིའི་འགྱུར་བ་ལ་གོད་བྲོ་བ་དང་། སྙིང་པོ་མེད་ལ་ངེས་པར་འབྱུང་དགོས་པ་མངོན་ཤེས་ཀྱིས་བླང་དོར་སྤང་བླངས་སྐོར་གསལ་སྟོན་གནང་བར་བརྟེན། ང་ཚོ་བོད་རིགས་ཚོས་ཀྱང་དུད་འགྲོའི་སྲོག་གཅོད་དང་། ཤ་པགས་རུས་ལ་ཆགས་པ་ཉུང་དུ་གཏོང་དགོས་པ་མི་འདུག་གམ། ཤ་གཟན་བོད་རིགས་ཚོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese