མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་དེ་རིང་རྡོ་རྗེ་གདན་དུ་ཞབས་སོར་བཀོད།

བོད་ཀྱི་དུས་བབ།
༢༠༡༡/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང
་༧གོང་ས་མཆོག་དད་ལྡན་ཆོས་ཞུ་བ་འབུམ་ཕྲག་བརྒལ་བའི་ཕེབས་བསུའི་ཁྲོད་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བཀོད་དེ་མཆོད་རྟེན་ཆེན་མོར་མཆོད་མཇལ་དང་། འཛམ་གླིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་གསར་འགོད་པ་ཚོའི་དྲི་བར་བཀའ་ལན་གནང་ཡོད།  

དེ་རིང་ཉིན་གུང་ཆུ་ཚོད་ ༡།༣༠ སྟེང་དད་ལྡན་ཆོས་ཞུ་བ་འབུམ་ཕྲག་ལྷག་གི་ཕེབས་བསུའི་དབུས་སུ་༧གོང་ས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བཀོད་མ་ཐག རྡོར་གདན་མཆོད་རྟེན་ཆེན་མོའི་ནང་མཇལ་སྐོར་དང་སྨོན་ལམ་གསུངས་ཡོད་པ་དང་། རྒྱ་གར་དང་ཕྱི་རྒྱལ་ཁག་ནས་ཕེབས་པའི་གསར་འགོད་པ་ ༥༠ ཙམ་ལ་ཐེངས་འདིའི་ཆིབས་བསྒྱུར་སྐོར་བཀའ་བསྩལ་དོན། “ང་རང་འཛམ་གླིང་འདིར་མི་དུང་ཕྱུར་ ༧༠ ཡོད་པའི་ནང་གི་གཅིག་ཡིན། མི་ཚང་མར་སྐྱོ་བོ་ནས་ཡར་རྒྱས་འགྲོ་རྒྱུའི་ཐོབ་ཐང་ཡོད་ལ། ཚང་མར་མི་ཚེ་བྱ་བ་ལམ་འགྲོ་དང་བདེ་སྐྱིད་མྱོང་རྒྱུའི་ཐོབ་ཐང་ཡོད། དངོས་པོ་ཡར་རྒྱས་འགྲོ་རྒྱུར་སྨོན་ལམ་བརྒྱབ་སྟེ་ཡོང་ཐབས་མེད་པར་ལག་ལེན་ཐོག་ཡོང་དགོས་པ་ཞིག་ཡིན། རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་རིང་གི་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་གཉིས་ནི། ད་ལྟའི་འཛམ་གླིང་འདིར་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད། བཅོམ་ལྡན་འདས་ཀྱི་གསུང་ཡོད་ཚད་གནས་འདི་བརྒྱུད་དེ་འཛམ་གླིང་དུ་ཁྱབ་བརྡལ་ཕྱིན་པ་རེད། ད་ཆར་རྒྱ་གར་གྱིས་འཚེ་བ་མེད་པ་དང་ཆོས་ལུགས་མཐུན་སྒྲིལ་གྱི་ཐོག་ཞི་བདེའི་འཛམ་གླིང་བསྐྲུན་རྒྱུར་དམིགས་བསལ་ནུས་པ་འདོན་དགོས་པ་རེད་ཅེས”གསུངས་བྱུང་།

ཡང་༧གོང་ས་མཆོག་གིས་མུ་མཐུད་དུ་ “ང་རང་གིས་བཅོམ་ལྡན་འདས་ནི་བསམ་བློ་སྨྲ་བ་ཞིག་དང་གནའ་རབས་རྒྱ་གར་གྱི་ཚན་རིག་པ་ཞིག་ལ་ངོས་འཛིན་གནང་གི་ཡོད། སྟོན་པས་དགེ་སློང་དག་གམ་མཁས་རྣམས་ཀྱིས། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། བླང་བར་བྱ་བ་གུས་ཕྱིར་མིན་ཞེས་གསུངས་པ་དེ་ཚན་རིག་དང་མཐུན་པ་ཞིག་རེད། ངོས་རང་སྟོན་པའི་རྗེས་མཇུག་པ་ཞིག་ཡིན་པའི་ཆ་ནས། དུས་རྟག་དུ་སྟོན་པའི་བྱམས་དང་སྙིང་རྗེའི་སྐོར་བརྡ་ལན་སྐྱེལ་གྱི་ཡོད། ལྷག་པར་དུ་སྟོན་པའི་རྟེན་འབྱུང་ལྟ་བ་དེ་ཆོས་ལུགས་གཞན་སུས་ཀྱང་བཤད་ཀྱི་མེད་སྟབས། ལྟ་གྲུབ་དེ་ནང་པའི་དམིགས་བསལ་ཁྱད་ཆོས་ཆགས་ཡོད། ལྟ་གྲུབ་དེ་དེང་དུས་ཚན་རིག་གིས་བརྗོད་བཞིན་པའི་རྡུལ་ཕྲ་རབ་ཀྱི་རྣམ་གཞག་དང་། དངོས་ཡོད་སྤྱི་ཚོགས་དང་མཐུན་པ་ཞིག་རེད། རྟེན་འབྱུང་ལྟ་གྲུབ་ཐོག་མར་བཅོམ་ལྡན་འདས་ཀྱིས་གསུངས་ཡོད་ཀྱང་། ལག་ལེན་དེ་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་དཔལ་འབྱོར་དང་། རྒྱལ་སྤྱིའི་འབྲེལ་ལམ། ས་ཁམས། སྐྱེས་ཁམས། དཔལ་འབྱོར་སོགས་ཕྱོགས་གང་ཐད་ལ་བེད་སྤྱོད་བཏང་ཆོག་གི་ཡོད ” ཅེས་གསུངས།

གསར་འགོད་པས་བོད་ཀྱི་གནད་དོན་ཐོག་བཀའ་འདྲི་ཞུས་སྐབས། ད་ལྟ་ང་ཚོ་དཀའ་ངལ་གྱི་གནས་སུ་ལྷུང་ཡོད་ཀྱང་། ང་ཚོར་བདེན་པ་ཡོད་པ་རེད། མཚམས་རེར་ངས་ང་ཚོའི་འཐབ་རྩོད་ནི་མེ་མདའི་ནུས་པ་དང་བདེན་པའི་ནུས་པ་པ་བར་གྱི་འཐབ་རྩོད་ཅིག་རེད་བརྗོད་ཀྱི་ཡོད། ཕུགས་རྒྱང་རིང་པོའི་ཆ་ནས་བསམ་བློ་བཏང་ན། མེ་མདའ་ལས་བདེན་པའི་ནུས་པ་དེ་ཤུགས་ཆེ་བ་ཡོད་སྐོར་སོགས་གསུངས་བྱུང་།

དེ་རིང་༧གོང་ས་མཆོག་རྡོར་གདན་མཆོད་རྟེན་ཆེན་མོར་མཆོད་མཇལ་དུ་ཕེབས་སྐབས། ལམ་འགྲམ་དུ་མང་ཚོགས་ཁྲི་ཕྲག་མང་པོ་རུབ་རྒྱག་བྱས་ཏེ། ༧གོང་ས་མཆོག་གི་ཕྱག་གཡས་མའི་མཛུབ་ཆུང་སྟེང་རྨ་ཆུང་ཆུང་ཞིག་བཟོས་ཡོད་ཚུལ་གྲགས་སྟབས།  གསར་འགོད་པས་བདེ་སྲུང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་ཕེབས་ལམ་དུ་མང་ཚོགས་ལ་ཕྱག་འཇུ་གནང་སྐབས་མང་ཚོགས་རུབ་བརྒྱབ་སྟེ། ཁོང་གི་ལག་པར་རྨ་བཟོས་པ་རེད། ཡིན་ནའང་རྨ་བཟོ་སྟངས་གསལ་པོ་ཤེས་རྟོགས་བྱུང་མ་སོང་། རྩ་བའི་དུས་དབང་སྐབས་ས་གནས་ཉེན་རྟོག་པ་དང་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ཐུན་མོང་ཐོག་འབད་བརྩོན་གནང་བཞིན་ཡོད། ༧གོང་ས་མཆོག་གི་སྐུ་ཕྱཱའི་ཐོག་རྒྱ་གར་གཞུང་གི་ཚད་གཞི་བཟོས་ཡོད་པ་ལྟར། ང་ཚོ་ཚད་གཞི་དེའི་ཐོག་འགྲོ་བཞིན་ཡོད་སྟབས་དམིགས་བསལ་དཀའ་ངལ་འཕྲད་ཀྱི་མ་རེད། ད་ལོར་བོད་ནས་ཆོས་ཞུ་བ་མང་པོ་ཕེབས་པའི་སྐབས་དང་བསྟུན་ཏེ། རྒྱ་གཞུང་གི་གསང་ཉུལ་བ་གང་འཚམ་བཏང་ཡོད་པ་རེད། དེ་ཡིན་དུས་བོད་ནས་ཕེབས་མཁན་ཁྲོད་རྒྱ་མིའི་གསང་ཉུང་བ་ཡིན་པར་དོགས་པ་བྱུང་ན་དུས་ཐོག་བདེ་སྲུང་ལས་ཁུངས་ལ་བརྡ་ལན་གནང་རོགས” ཞེས་བརྗོད་བྱུང་།

དེ་རིང་ཕྱི་དྲོ་༧གོང་ས་མཆོག་གིས་ཕྱོགས་མཐའ་ནས་ཕེབས་པའི་སྐུ་མགྲོན་ཁག་ཅིག་ལ་མཇལ་འཕྲད་གནང་ཡོད་ལ། སང་ཉིན་ཆུ་ཚོད་ ཕྱི་ཚེས་ ༡ དང་སྐར་མ་ ༣༠ ནས་གསུང་ཆོས་ར་བར་དཔལ་དུས་ཀྱི་འཁོར་ལོའི་སྔོན་འགྲོའི་སློབ་མ་རྗེས་འཛིན་གྱི་ཆོས་འབྲེལ་གནང་རྒྱུ་རེད།

གསར་འགོད་པ། དཔལ་ལྡན་གྱིས་རྡོ་རྗེ་གདན་ནས།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 3

  1. ཁྲི་སྲོང་བཙན། says:
    ལོ་ 14 སྔོན།

    བོད་བལ་ས་མཚམས་ཡིད་གཟབ་གནང་དགོས་པའི་གནས་ཚུལ།
    ཉེ་འཆར་བོད་ཕེབས་ཆོས་ཞུ་བ་ཞིག་གི་རང་གི་མཐོང་ཐོས་དངོས་བརྗོད། ང་ལ་ལག་ཁྱེར་མ་རགས་སྟབས་འགྲམ་བརྒྱུད་ནས་ཡོང་དགོས་ཐུག་སོང་། འགྲམ་ནས་ཤར་པ་བཀྲ་ཤིས་ཟེར་བ་ནམ་རྒྱུན་འགྲམ་དང་བལ་པོའི་རྒྱལ་ས་དབར་མི་སྐྱེལ་འདྲེན་བྱེད་ནས་འཚོ་བ་བསྐྱེལ་མཁན་ཞིག་འདུག་པ་དེར་རྒྱ་སྒོར་ ༡༠༠༠༠ སྤྲད་ནས་ཡོང་བ་ཡིན། བལ་པོའི་ས་ཆར་འབྱོར་དུས་ང་དང་ཅིག་མཚུངས་ལག་ཁྱེར་མེད་མཁན་བུ་མོ་གཉིས་དང་ཐུག་བྱུང་། ཁོང་གཉིས་ནས་གླ་ཆ་སྤྲད་ཡོད་ནའང་། ཤར་པ་བཀྲ་ཤིས་ནས་ང་དང་མཉམ་དུ་མ་ཉལ་ན་རྒྱ་མིའི་དམར་མིར་རྩིས་སྤྲོད་ཀྱི་ཡིན་ཟེར་ནས་ཉིན་བཞིའི་རིང་མགྲོན་ཁང་ཞིག་ཏུ་ཉར་འདུག། ད་དུང་དེ་འབྲེལ་གྱི་གནས་ཚུལ་མང་པོ་འདུག་པས་མུ་མཐུད་བཀོད་ཆོག

    Reply
  2. གཙང་ཞོལ་བདེ་གསལ། says:
    ལོ་ 14 སྔོན།

    ཨ་མའི་བུ་རྒོད། ཁྱོད་འདུག་ས་སྦྲ་ནག་གྲུ་བཞིའི་ཕ་ཁྱིམ་ཡོད།། ཁྱོད་སྐྱིད་ས་ཡངས་བའི་རྩ་ཐང་ཆེན་མོ་ཡོད།། ཁྱོད་འགྲོ་ས་ལྔ་ཟུང་རིག་པའི་ཐང་ཆེན་ཡོད།།
    ཨ་མའི་བུ་རྒོད། ཁྱོད་འདུག་ས་གངས་དཀར་ཨ་མའི་ཕ་ཁྱིམ་ཡོད།། ཁྱོད་སྐྱིད་ས་ཉི་མ་ལྷ་སའི་གྲོང་ཁྱེར་ཡོད།། ཁྱོད་འགྲོ་ས་བྱམས་དང་སྙིང་རྗེའི་ཞིང་ཁམས་ཡོད།།
    ཨ་མའི་བུ་རྒོད། ཁྱོད་འདུག་ས་དུང་ཟླ་ལྷ་མོའི་ཞིང་ཁམས་ཡོད།། ཁྱོད་སྐྱིད་ས་ཉི་མ་དམར་པོའི་རྒྱལ་ཁམས་ཡོད།། ཁྱོད་འགྲོ་ས་འཛམ་གླིང་ཞི་བདེའི་ཐང་ཆེན་ཡོད།། གཞིས་བཞུགས་ན་གཞོན་རྡུང་ལེན་པ་ཚེ་རིང་དོན་གྲུབ་ཀྱི་འོད་སྡེར་ལས་ཕབ་སྟེ། མིའི་རིགས་ཀྱི་སྐྱབས་མགོན་ཆེན་པོ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོར་ཕུལ་བ་དང་། གནས་མཆོག་རྡོ་རྗེ་གདན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་མཆོག་ལེགས་པར་གྲུབ་ཅིང་(གངས་ལྗོངས་ནས་འོངས་པའི་སྤུན་ཟླ)་རྣམ་བདེ་བླགས་ངང་རང་ཡུལ་དུ་འབྱོར་བ་དང། གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་མྱུར་ཏུ་འཆར་བའི་ལྷག་བསམ་གཙང་མའི་རྦ་རླབས་དྲག་ཏུ་འཕྱོ་བའི་རེ་སྨོན་བཅས། གཙང་ཞོལ་བདེ་གསལ་གྱིས་རི་བོ་རྡ་རམ་ས་ནས་ཕུལ།།

    Reply
  3. ཐོ་རེངས། says:
    ལོ་ 14 སྔོན།

    བཅོམ་ལྡན་འདིར་ནི་བྱོན་པ་ལ། །བདག་ཅགས་བསོད་ནམས་སྐལ་བ་བཟང་། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །
    དཔལ་དུས་ཀྱི་འཁོར་ལོའི་དབང་གི་སྟ་གོན་ནས་བཟུང་སྟེ་མཇུག་མ་དྲིལ་ཀྱི་བར་དུ་ཕྱི་ནང་གསང་གསུམ་གྱི་ཉེ་བར་འཚེ་ཐམས་ཅན་ཞི་ཞིང་དོན་གཉིས་ལྷུན་གྱིས་འགྲུབ་པའི་སྨོན་ལམ་དང་མཐུན་འགྱུར་ཞུ་ཞུ་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese