མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཆོད་འབུལ་སྨོན་ལམ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

ད་ནངས་རྡོར་གདན་མཆོད་རྟེན་ཆེན་མོའི་མདུན་དུ་༧གོང་ས་མཆོག་དབུ་བཞུགས་ཐོག་བོད་ཀྱི་ཆོས་ལུགས་དང་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོས་ཐུན་མོང་ཐོག་མཆོད་འབུལ་སྨོན་ལམ་གཟབ་རྒྱས་ཤིག་གནང་སོང་།

དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ད་ནངས་པའི་ཞོགས་པའི་ཆུ་ཚོད་ ༦ དང་ཕྱེད་ཀའི་སྟེང་གནས་མཆོག་རྡོ་རྗེ་གདན་མཱ་ཧཱ་བྷོ་ཏི་མཆོད་རྟེན་ཆེན་མོའི་མདུན་ཐང་དུ། ༧གོང་ས་མཆོག་མཆོག་དབུ་བཞུགས་ཐོག དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་དང་། རྒྱལ་བ་ཀརྨ་པ་མཆོག དགའ་ལྡན་གསེར་ཁྲི། སྨན་རིའི་ཁྲི་འཛིན། གླིང་མཆོག་སྤྲུལ་རིན་པོ་ཆེ་གཙོས་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་ཆེན་དང་། རིས་མེད་ཆོས་སྡེ་ཁག་གི་དགེ་འདུན་པ་དང་། དད་ལྡན་ཆོས་ཞུ་བ་ཁྲི་ཚོ་བརྒལ་བས་མཆོད་འབུལ་སྨོན་ལམ་གཟབ་རྒྱས་ཤིག་གནང་སོང་ལ། མཆོད་འབུལ་སྨོན་ལམ་གྲུབ་རྗེས་མང་ཚོགས་ལ་ཚོགས་རྫས་སོགས་བཀྲམས་སོང་།

གསར་འགོད་པ། དཔལ་ལྡན་གྱིས་རྡོ་རྗེ་གདན་ནས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 9

  1. དོན་འགྲུབ། says:
    ལོ་ 14 སྔོན།

    དུས་རབ་འདི་དང་མཐུན་པའི་གཉིད་ལས་སད་ཚར་བའི་མི་ཞིག་ཡིན་ན་ངའི་བླ་མའི་གདན་དང་ཁོའི་བླ་མའི་ཁྲི་ཟེར་བས་རྩོད་པར་མ་རྒྱག་རོག ཨེ་གོ་ཐལ། དུས་རབ་འདི་ཐོབ་ཐང་དང་གདན་ཁྲི་རྩོད་པའི་དུས་རབས་ཞིག་མ་རེད། དབང་ཐང་དང་ཡོན་ཏན་ཡོད་ན་གདན་ཐོབ་མཐོན་པོ་རག་གི་རེད། དེ་ལ་སེམས་འཚབ་དགོས་པ་མ་རེད།

    རྩོད་ཐུབ་ན་བོད་མིའི་རང་དབང་ཆེད་དུ་རྩོད་པར་རྒྱོབ་དང་བུ་རེད།
    དེ་མིན་གཉིད་ལས་སད་ཟེར་བ་དེ་ངོ་ཚ་བའི་གནས་རེད། ངོ་མ་ངོ་ཚ་བའི་གནས་རེད།

    Reply
  2. ཁ་བའི་རྡུལ་བརྩེགས། says:
    ལོ་ 14 སྔོན།

    ཀ་ཡེ་གསོན་དང་དྲ་གྲོགས་ཚོ། །ཁ་བའི་ལྗོངས་ཀྱི་བདེ་སྡུག་སྐྱོང་། །ག་དུས་ཡིན་ཡང་མཐོའི་ཁྲི་ལ། །ང་དགོས་ཁྱོད་མིན་གནས་མ་རྩོད། །ཅ་ཅོའི་གཏམ་གྱིས་ཀླད་རྙིང་དེ། །ཆ་མཐུན་ལུགས་བཟང་དེང་སང་ལ། །ཇ་ཆང་འདྲེས་པའི་ནད་ངན་དེ། །ཉ་གང་རྒྱས་པའི་མང་མོས་དོར། །ཏ་ཐ་ག་ཏའི་བསྟན་འཛིན་རྣམས། །ཐ་སྙད་ཚིག་ལ་མ་འབྲངས་པར། །ད་ལྟའི་དུས་རབས་ཡོངས་བསྟུན་ནས། །ན་གཞོན་སྤྲིལ་མིང་ཆེ་ལ་གུས། །པ་ལོའི་སྣེ་མ་འབྲེལ་འདྲ་འདིར། །ཕ་མེས་ཡང་མེས་ཟུངས་ཁྲག་ཡོད། །བ་ལང་ཀུན་སྤྱོད་མ་ཡིན་པར། །མ་ལུས་མཐུན་པའི་གཏམ་ཞིག་སྨྲོས། །ཙ་རི་གངས་རི་ཡོངས་བརྒལ་ནས། །ཚ་གདུངས་ཡུལ་ཅན་འདི་ལ་སླེབས། །ཛ་དྲག་མི་རིགས་གནས་སྟངས་བལྟོས། །ཝ་མོའི་འདར་མས་ནང་མ་འཁྲུགས། །ཞ་ར་མིག་ལོང་ཡིན་ན་ཡང་། །ཟ་སྤྱོད་གནས་ལ་དང་ཞེན་ཡོད། །འ་ཅག་མིག་ལྡན་དྲ་གྲོགས་རྣམས། །ཡ་རབས་གོམས་སྤྱོད་གནས་མ་དོར། །ར་མ་ལུག་གཉིས་མགོ་མ་ཁྱེར། །ལ་བ་གངས་ཅན་རྒྱལ་ཁམས་གཟིགས། །ཤ་ཁྲག་འཁྲུགས་པའི་ནང་དམེ་སྤང་། །ས་ཡ་དྲུག་གིས་བདེ་སྡུག་བལྟོས། །ཧ་ལམ་མི་རིགས་སྟོང་ཉེན་ལ། །ཨ་ཁུ་རྣམས་པས་ཁྲིའི་དོན་ལ། །ཧ་ཅང་ང་དམའ་ཁོ་མཐོ་བརྗོད། །ཨ་རོགས་ངོ་ཚ་མེད་པར་ཅི། །འགྱུར་མེད་བསྟན་འཛིན་མིང་ཅན་ལགས། །ཚར་གཅིག་ཀློག་གནང་ཡོད་པ་ཞུ། །

    Reply
  3. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    འབྲོང་བུ་སོག་ཚ་ལགས
    དབང་ལུང་མན་ངག་ཟེར་བ་དེ་གནའ་སྔ་མོ་རི་ཁྲོད་བླ་རྒན་ཚོས་སྐད་ཆ་ཞིག་རེད་དུས་རབས་འདིར་ཀླད་ལ་ལྗང་ཁུ་ཅན་ཚོས་འདི་བཤད་ཀྱི་རེད།

    བླ་སྤྲུལ་འདི་ཚོ་ལ་དུས་རབས་གསར་པའི་སློབ་གསོ་དང་་ལྟ་གྲུབ་སྤྱི་ཚོགས་ཀྱི་ཉམས་མྱོང་མེད་ན་ས་མི་ཆོད་པ་མངོན་གསལ་རེད།
    བླ་སྤྲུལ་འདི་ཚོས་རང་གི་རང་ལ་ཡིད་ཆེས་མེད་པར་ལྐོག་གྱུར་ཤེས་བའི་མངོན་ཤེས་ཡོད་མདོག་བྱ་ཡོང་དུས་རྨོངས་གཉིད་ལས་སད་ཚར་བའི་མི་རྣམས་གད་མོ་ཤོར་བཞིན་ཡོད།

    Reply
  4. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    དྲྭ་གྲོགས་འགྱུར་བསྟན་ལགས། ཀརྨ་པ་ལ་ཁྲི་དང་མཚན་དགོས་གལ་མི་ཆེ། ཁོང་ལ་དགོས་གལ་ཆེ་ཤོས་དེ་གོང་མའི་དབང་ལུང་མན་ངག་དང་། དེ་བཞིན་དུ་ཆོས་ལུགས་ཁག་གི་ལྟ་སྒོམ་སྤྱོད་གསུམ་སོགས་གཞུང་ཆེན་ཁག་ལ་གསན་བསམ་གནང་སྟེ་སེམས་ཅན་སྤྱི་དང་། བྱེ་བྲག་ལས་ཀྱིས་འབྲེལ་བའི་བོད་ཁ་བ་གངས་ཅན་གྱི་ལྗོངས་འདིར་ཐུགས་ཕན་གསོས་པ་ཞིག་ཡོང་རྒྱུ་དེ་ང་ཚོ་བོད་མི་ཡོངས་ཀྱིས་རེ་བ་ཡིན། སངས་རྒྱས་ཁོང་མཁྱེན།

    Reply
  5. འཁྲུངས་སྐར། says:
    ལོ་ 14 སྔོན།

    ཡ་ཡ དྲ་གྲོགས་འགྱུར་མེད་བསྟན་འཛིན་ལགས་ནས་བླ་ཆེན་རྣམས་གོ་རིམ་སྒྲིག་སྟངས་དེ་ནོར་ཡོད་པའི་བསམ་ཚུལ་ཡིན་ས་འདུག་པའི་དེ་ལ་རྒྱབ་སྐྱོར་ཡོད། བཞུགས་ཁྲི་མར་ཁ་ཕྱོགས་པ་གསུམ་དགོས། དེ་ཡང་དཀྱིལ་དེ་གོང་ས་མཆོག་ཡིན་དགོས་གང་ཡིན་ཟེར་ན་ཁོང་ནི་བོད་འབངས་ཡོངས་ཀྱི་སྐྱབས་མགོན་ཡིན། གཡས་ཕྱོགས་དེ་གོང་མ་མཆོག་ཡིན་དགོས་གང་ཡིན་ཟེར་ན་བོད་ཆོས་སྲིད་གཉིས་གིས་བདག་པོ་ཡིན། གཡན་དེ་རྒྱལ་བ་ཀརྨ་པ་ཡིན་དགོས་གང་ཡིན་ཟེར་ན་བོད་ཀྱིས་སྤྲུལ་སྐུ་ཐོག་མ་དེ་ཡིན།

    Reply
  6. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    པོ་ཏཱ་ལ་ལགས་སྤྱི་ཚོགས་དང་རྒྱལ་ཁབ་གཅིག་གི་བདེ་འཇགས་ལ་ཐུགས་བསམ་མི་བཏང་བར་བླ་མ་ཞིག་ལ་དད་པ་ཡོད་མེད་ཀྱི་སྐད་ཆ་ཞིག་སྟ་གྲི་བཞིན་གནམ་ལ་ཕྱར་བ་ནི་་་་་་་་་་ཁྱོད་རང་ཁྲོམ་ལ་གཅེར་བུར་བུད་ནས་ཐོན་ཡོང་བ་དང་གཉིས་སུ་མ་མཆིས། ང་རང་མི་འདིའི་རིགས་ལ་ཞེ་སུན་ཡོད།

    Reply
  7. རྣམ་རྒྱལ། says:
    ལོ་ 14 སྔོན།

    རྒྱལ་མཆོག་ཡིད་བཞིན་ནོར་བུ་མཆོག་གི་འཛམ་གླིང་ཕྱི་གསལ་ནང་གསལ་དམངས་གཙོ་ལམ་ལ་འཕེབས་ནས། བོད་རིགས་མི་དམངས་ལ་རིན་ཐང་ཆེ་བའི་དམངས་གཙོ་ཡང་དགས་གནང་། ལོ་རྒྱུས་རིང་ཐང་ཅན་གྱི་བོད་གཞུང་དགའ་ལྡན་ཕོ་བྲང་ཡང་འགྱུར་བ་བཏང་ཟིན། ད་དུང་ཡང་བླ་ཆེན་རྣམས་གོ་རིམ་སྒྲིག་སྟངས་ལ་རྩོད་པ་བྱེད་འདོད་པའི་མི་རེ་ཡོང་གི འདི་ནི་ཤིན་ཏུ་མ་འོས་པ་རེད། སྔོན་ཆད་ཡང་བོད་འདི་མི་ཆེན་བླ་དཔོན་རྣམས་ཐོབ་དང་གོ་ས་ལ་འགོ་འཁོར་ནས་རྒྱ་མི་ལག་དུ་སོང་བ་རེད། ད་དུང་ཡང་གཟབ་གཟབ་མ་གནང་ན་ཐོབ་དང་གོ་གནས་ལ་དགའ་མཁན་བོད་པའི་མི་ཆེན་དང་བླ་ཆེན་མིང་འཛིན་ཁ་ཤས་གྱི་རྗེས་སུ་འབྲོང་ན་རང་གཞན་གཉིས་ཕུང་ཡོངས་རྒྱུ་བཤད་མ་དགོས། བོད་མི་རིགས་རྣམས་གོང་བུ་གཅིག་གྱུར་དང་རིགས་གཞུང་བསྲུང་སྐྱོབ། ཡང་དག་པའི་དམངས་གཙོ་ལམ་ལ་བསྐྱོད་ནས་འཛམ་གླིང་ནང་ཡར་ཐོན་ཅན་གྱི་མི་རིགས་ཞིག་ལ་བརྒྱུར་བ་རིགས།

    Reply
  8. པོ་ཏཱ་ལ says:
    ལོ་ 14 སྔོན།

    དུས་བབས་གསར་འགོད་པས་མཆན་ལ་ཞིབ་བཤེས་བྱས་རྗེས་བརྗོད་གཞི་དང་འཚམ་པའི་རིགས་དྲ་ངོས་འདོན་ན་་་འགྱུར་མེད་བསྟན་འཛིན་་མཆན་འདི་བརྗོད་གཞི་གང་དང་མཚམས་པ་རེད་་་་ཁོ་གོང་ས་མཆོག་ལ་དད་པ་དང་བརྩི་བཀུར་མེད་པར་སེམས་ནང་མཁོན་འཛིན་ཅན་གྱི་མི་ཞིག་དང་་་ཆོས་ལུགས་དང་སྤྱི་ཚོགས་བར་དབྱེན་སྤྲུགས་བྱེད་མཁན་ཞིག་ཡིན་པ་གསལ་བོ་རེད་་་ཁྱོད་ཀྱི་ཁྲག་དྲི་བྲོ་བའི་ཉེས་ཁ་ཅན་མཐོང་ན་་་མིག་འཕྲུལ་བ་ཡིན་རྒྱུ་རེད་་་ཁྱོད་ཀྱིས་གཟབ་གཟབ་གནང་དང་།་་་་་་་་་་་་་་གཞན་དག་སེམས་ཁྲལ་མེད་

    Reply
  9. ནད་པ says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན་ལགས། ༸ གོང་ས་མཆོག་གིས་སྲིད་དབང་མི་དམངས་ལ་བརྩིས་སྤྲོད་གནང་ཟིན་སྟབས་ད་སྔོན་མ་ནང་བཞིན་ཆོས་ལུགས་ཀྱིས་ཐོག་ནས་ཁྲག་དྲི་བྲོ་བའི་འཐབ་འཛིང་བྱེད་རྒྱུའི་དུས་ཚོད་དེ་ལོ་རྒྱུས་ཀྱི་ཐོག་ནས་མཐུག་བསྒྲིལ་ཟིན་པ་རེད།

    ང་ཚོས་ཡང་བསྐྱར་ཁྲག་དྲི་བྲོ་བའི་འཐབ་འཛིན་དང་དམར་འཛིང་བྱེད་དགོས་ཐུག་ན་ད་མི་དམངས་གྱི་ནང་ནས་སྲིད་དབང་འཐབ་འཛིང་གི་ལམ་ནས་འགོ་འཛུགས་བྱེད་པའི་ལོ་རྒྱུས་ཀྱི་ལེ་ཚན་གསར་པ་ཞིག་བཤམས་ཡོད་པ་ལྟར་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese