མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བདེ་ཐང་ནི་སྔོན་འགྲོ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

༼རྡོར་གདན་དུས་དབང་སྐབས་ཀྱི་བོད་ཀྱི་དུས་བབ་གསར་ཤོག་དམིགས་བསལ་འདོན་ཐེངས་གསུམ་པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།༽

ཟླ་གཅིག་གི་སྔོན་ལ་འབྲུག་ཡུལ་གྱི་མི་སེར་ལྔ་རྒྱལ་ཡོངས་བརྙན་འཕྲིན་ནང་བགྲོ་གླེང་ལ་ཞུགས་སོང་། ཁོང་ཚོ་ནི་ཡུལ་དེར་རེག་དུག་གི་ན་ཚ་ཕོག་མཁན་འགའ་རེད། ཁོང་ཚོས་རང་རང་གི་ཉམས་མྱོང་འབྲུག་གི་མི་སེར་རྣམས་ལ་བཤད། མི་དམངས་ཀྱང་སེམས་འགུལ་ཐེབས། ཕན་ཚུན་ལ་ཤ་ཚ་དང་བདག་སྐྱོང་གི་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་ཕྱིན།

བོད་པ་ཚོའི་ནང་དུ་ཡང་རེག་དུག་གི་ན་ཚ་ཡོད་མཁན་མང་ཙམ་ཡོད་པ་བརྒྱུད་ལམ་ཁག་ཏུ་སྔར་ནས་བསྒྲགས་ཡོད་ལ། ན་ཚ་དེའི་ཁྱབ་བརྡལ་གྱི་མྱུར་ཚད་ཅི་ཙམ་ཡིན་མིན་སུས་ཀྱང་བཤད་ཐུབ་གི་མེད། དེ་ལས་ཀྱང་ཐབས་སྐྱོ་བོ་ནི། བོད་པ་ཚོའི་ནང་དུ་འབྲུག་གི་མི་སེར་རྣམས་ཀྱི་བསམ་བློའི་གོ་རྟོགས་ལྟ་བུ་ཞིག་ཀྱང་སླེབ་མེད་པར་འདོད་ལ། ཐ་ན། རེག་དུག་གི་ན་ཚའི་ཐད་ན་ཚ་ཕོག་མཁན་དང་མང་ཚོགས་གཉིས་ཀའི་ཁྲོད་དུ་རྣམ་འགྱུར་མི་ལེགས་པ་དང་། བསམ་ཤེས་མི་ཐུབ་པའི་དཀའ་ངལ་ཡོད་ལ། རྣམ་འགྱུར་འདིའི་འོག་ནས་ན་ཚ་དེའི་ཁྱབ་ཚད་ཇེ་མགྱོགས་དང་ཇེ་གནག་ཏུ་འགྱུར་གྱིན་ཡོད།

འདི་ལྟར་སྤྱི་ཚོགས་ཧྲིལ་བོ་ནད་ཀྱིས་ཟིན་ཏེ་ཕྱིན་ཚེ་ང་ཚོར་ཤེས་རིག་ཅི་ཙམ་ཡོད་ཀྱང་མི་ཕན་ལ། དད་པ་ཅི་ཙམ་ཡོད་ནས་དུས་དབང་ག་ཚོད་གནང་ཡང་འཕྲོ་བརླག་ཏུ་འགྱུར་ཉེན་མི་འདུག་གམ།

ང་ཚོས་ངོ་མས་རྩིས་རྒྱག་རན་རེད། ང་ཚོའི་ཤར་ཕྱོགས་སུ་རྒྱ་ནག་གི་སྤྱི་ཚོགས་ཁྲོད་སྨད་འཚོང་མ་ས་ཡ་ ༡༠ ལྷག་ཡོད་པར་བཤད། དེ་དག་ནི་རེག་དུག་གི་ན་ཚ་ཁྱབ་བརྡལ་ལ་གཏོང་མཁན་གྱི་འདེད་ཤུགས་གཙོ་བོ་ཡིན་ལ། ༢༠༠༨ ལོ་ལྟར་ན། རྒྱ་ནག་གི་སྨད་བཙོང་མ་དེ་དག་གི་ཁྲོད་ནས་ས་ཡ་ ༡ ཙམ་ལ་རེག་དུག་གི་ན་ཚ་འགོས་ཡོད་པར་བཤད།

ང་ཚོའི་ལྷོ་ཕྱོགས་སུ་རྒྱ་གར་ཡོད་ཅིང་། དེར་ཡང་ལོ་ ༤ སྔོན་ལ་ཡུལ་དེར་རོབ་རྩིས་བྱས་ན་སྨད་འཚོང་མ་ས་ཡ་ ༡༠ ཡོད་པར་བཤད་ལ། རྒྱ་གར་ནས་ཉིན་རེར་སྨད་འཚོང་གི་ལས་ལ་ཞུགས་ཚད་ཀྱི་གྲངས་ཀ་ནི་ ༢༠༠ རེད་ཟེར། རྒྱ་གར་ནང་དུ་བལ་ཡུལ་ནས་ཡོང་བའི་སྨད་བཙོང་མ་ ༢༠༠༠༠༠ ལྷག་བཤད་ཀྱིན་ཡོད་པ་རེད། ཉེ་ལམ་གྱི་བསམ་ཤོག་བསྡུ་རུབ་ལྟར་ན། རྒྱ་གར་ནི་འཛམ་གླིང་སྟེང་སྨད་འཚོང་མ་མང་ཤོས་དེ་ཆགས་འདུག་ཟེར། དེ་བཞིན་རེག་དུག་གི་ན་ཚའི་ཐད་ནས་ཀྱང་རྒྱ་གར་ནི་ཨབ་རི་ཁའི་ཚད་དུ་སླེབ་བཞིན་པར་བཤད་མཁན་ཡོད་པ་རེད།

བོད་མི་ས་ཡ་དྲུག་དེ་འདི་ལྟར་སྨད་འཚོང་མ་ས་ཡ་ཉི་ཤུ་དང་རེག་དུགི་ན་ཚ་ཁྱབ་ཆེ་བའི་རྒྱལ་ཁབ་གཉིས་ཀྱི་བར་ལ་ལྷུང་ཡོད།

འདི་ལྟར་ཡུལ་ལུང་འདི་གཉིས་ཀྱི་མི་འབོར་ཆེན་པོ་དེའི་ས་སྲུབ་རྡོ་སྲུབ་ལ་འཐིམ་བསྡད་པའི་བོད་པ་ཚོར་ཡང་ཕྱོགས་གཉིས་ཀ་ནས་ཤུགས་རྐྱེན་སྣ་མང་ཞིག་ཐེབས་བཞིན་པ་ལྟར། རེག་དུག་གི་ན་ཚ་ཡང་ཤུགས་རྐྱེན་ཆེ་ཤོས་ཤིག་ཡིན་ལ། འདིའི་ཐད་ང་ཚོའི་གཞུང་དམངས། འཕྲོད་བསྟེན་དང་ཤེས་ཡོན་པའི་སྡེ་ཚན་དག་ནས་འདང་ངེས་ཀྱི་སློབ་གསོ་དང་ན་ཚ་སྔོན་འགོག་གི་ལས་འགུལ་སྲ་བརྟན་ཞིག་སྤེལ་ཐུབ་མེད་སྟབས། བོད་ཕྱི་ནང་གི་བོད་མི་སྤྱི་དང་། ལྷག་པར་དུ་འཕྲོད་བསྟེན་གྱི་སྡེ་ཚན་དག་ནས་འགན་ལེན་གྱིས་སོ་སོའི་མི་རིགས་དང་སྤྱི་ཚོགས་འདི་ནད་མེད་བདེ་ཐང་ཞིག་ཏུ་གོམ་པ་སྤོ་ཐུབ་རྒྱུར་འབད་བརྩོན་བྱེད་དགོས་པར་འདུག་གོ།

མཆན། 5

  1. ཧར་གདོང་ཨ་འཇིགས། says:
    ལོ་ 11 སྔོན།

    ལོ་གསུམ་སྔོན་དུ་བྷང་ལོར་མཐོ་སློབ་ཏུ་བོད་ཀྱི་ཕོ་གསར་རེག་དུག་གི་ན་ཚ་ཡོད་མཁན་ཞིག་གིས་བསམ་བཞིན་དུ་རེག་དུག་ན་ཚ་ཁྱབ་བརྡལ་དུ་བཏང་འདུག ཁོང་གིས་དེ་བྱེད་དགོས་པའི་རྒྱུ་མཚན་ནི། བོད་མིའི་སྤྱི་ཚོགས་སུ་རེག་དུག་གི་ན་ཚ་ཡོད་མཁན་ལ་མི་ཚོས་རྣམ་འགྱུར་ཡག་པོ་མི་འཛིན་པ་དང་། ཁེར་རྐྱང་དུ་འཇོག་པ་སོགས་ཀྱི་དཀའ་ངལ་དེ་མ་བཟོད་ནས་ཚང་མ་རེག་དུག་ན་ཚ་ཡོད་ན་སུས་སུ་ལའང་མཐོང་ཆུང་བྱེད་ས་མེད་ཟེར།

    Reply
  2. རྭ་ལོ། says:
    ལོ་ 11 སྔོན།

    ད་དུང་བཙན་གཡེམ་གྱི་གྱོད་གཞི་ཡང་མང་ལ། ལྷག་པར་དུ་རོང་འབྲོག་ས་ཁུལ་དུ་མང་། དཔལ་འབྱོར་ག྄ིས་ཁ་དང་མིག་བསླུས་ཏེ་སློབ་གྲྭ་དང་སྤྱི་ཚོགས་སྟེང་དུ་བཙན་གཡེམ་བྱེད་མཁན་ཡང་ཤིན་ཏུ་མང་། རེག་དུག་དགའ་ས་ཡང་འདིའི་རིགས་རེད།

    Reply
  3. རྭ་ལོ། says:
    ལོ་ 11 སྔོན།

    བོད་པ་ཚོར་ངོ་ཚ་སྨིན་པོ་ཡོད་པ། གཟབ་གཟབ་མེད་པ། བོད་པའི་སྤྱི་ཚོགས་ནང་ཕོ་མོའི་འབྲེལ་བ་གུ་ཡངས་པ། སྔོན་འགོག་གི་མཐུན་རྐྱེན་ཞན་པ་བཅས་ཀྱི་འགལ་འདུའི་རིགས་ཤིག་གིས་བཅིངས་འདུག་པས། རེག་དུག་གི་རླུང་རྟ་རྒྱུག་གི་ཡོད་ཐག་ཆོད།

    Reply
  4. ཧར་གདོང་ཨ་འཇིགས། says:
    ལོ་ 11 སྔོན།

    རྩོམ་སྒྲིག་པ་མཆོག་ལ་འཚམས་འདྲི་དང་བཅས་ཞུ་འདོད་པ་ནི། རེག་དུག་གི་ན་ཚ་འདི་བོད་མིའི་སྤྱི་ཚོགས་སུ་འང་ཁྱབ་ཚད་ལ་གསལ་ཁ་མེད་མོད། ཡིན་ནའང་གོ་ཐོས་ལ་གནད་དོན་ཛ་དྲག་རེད་ཟེར་མཁན་ཡང་མང་བོ་འདུག མ་ཟད་གཞུང་གི་སྨན་ཁང་སོ་སོ་ན་འདི་ལ་སྔོན་འགོག་དང་། ནད་པར་ཞབས་ཞུ་གང་ལེགས་བྱེད་མུས་རེད། རྗེས་སུ་ཞུ་ཆོག

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་། འདིའི་ཐད་ང་ཚོའི་གཞུང་དམངས། འཕྲོད་བསྟེན་དང་ཤེས་ཡོན་པའི་སྡེ་ཚན་དག་ནས་འདང་ངེས་ཀྱི་སློབ་གསོ་དང་ན་ཚ་སྔོན་འགོག་གི་ལས་འགུལ་སྲ་བརྟན་ཞིག་སྤེལ་ཐུབ་མེད་སྟབས། བོད་ཕྱི་ནང་གི་བོད་མི་སྤྱི་དང་། ལྷག་པར་དུ་འཕྲོད་བསྟེན་གྱི་སྡེ་ཚན་དག་ནས་འགན་ལེན་གྱིས་སོ་སོའི་མི་རིགས་དང་སྤྱི་ཚོགས་འདི་ནད་མེད་བདེ་ཐང་ཞིག་ཏུ་གོམ་པ་སྤོ་ཐུབ་རྒྱུར་འབད་བརྩོན་བྱེད་དགོས་པར་འདུག་གོ །ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist