མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་ཡོངས་རྫོཊ་བསྟན་པའི་མངའ་བདག་གི་མཚན་གནས་ཕུལ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་གུང་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་ཆེན་ཚོས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་འབྲེལ། བླ་ཆེན་ཐུན་མོང་ཐོག་ཁོང་ལ་ཡོངས་རྫོགས་བསྟན་པའི་མངའ་བདག་གི་གཟེངས་རྟགས་དང་དེའི་མཚན་གནས་བཅས་ཕུལ་སོང་། 

དེ་རིང་ཉིན་གུང་༧གོང་ས་མཆོག་གིས་དུས་དབང་གི་ཉིན་མཐའ་མའི་བཀའ་ཆོས་མཇུག་བསྒྲིལ་གནང་རྗེས། གསུང་ཆོས་ར་བའི་ནང་མཇུག་སྡོམ་གྱི་མཛད་སྒོ་ཞིག་ཚོགས་སོང་ལ། མཛད་སྒོའི་སྐུ་མགྲོན་དུ་བྷེ་ཧར་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ནཱེ་ཊེ་ཤཱི ཀོ་མིར་ (NITISH KURMAR) མཆོག་དང་། ཨ་རུ་ཎ་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ (NABMTUHI)རྣམ་གཉིས་དང་བྷེ་ཧར་གྲོས་ཚོགས་ཚོགས་གཙོ། ཨ་རུ་ཎ་ཅལ་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོ། ས་གནས་རྫོང་དཔོན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བཀའ་བློན་ཁྲི་པ་སོགས་ཕེབས་འདུག

མཛད་སྒོ་དེའི་ཐོག་མར་བོད་པའི་ཆོས་ལུགས་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་ཐུན་མོང་ཐོག་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟན་འབུལ་གནང་རྗེས། བླ་ཆེན་ཚོས་༧གོང་ས་མཆོག་ལ་ཡོངས་རྫོགས་བསྟན་པའི་མངའ་བདག་ཞེས་པའི་ཆེ་བསྟོད་གསེར་གྱི་གཟེངས་རྟགས་ཤིག་འབུལ་གནང་མཛད་སོང་ལ། དེའི་རྗེས་བོད་ཀྱི་གྲོགས་པོ་སྟེ་ཨ་རིའི་གློག་བརྙན་འཁྲབ་པ་སྟོན་པ་གྲགས་ཅན་རཱེ་ཆཱི་ཊི་གྷིར་ལགས་ཀྱིས་མང་ཚོགས་ལ་༧གོང་ས་མཆོག་གི་ཕྱག་དཔེ་ངོ་སྤྲོད་དང་། བྷེ་ཧར་དང་ཨ་རུ་ཎ་ཅལ་བློན་ཆེན་གཉིས་རྣམ་ཀྱིས། ༧གོང་ས་མཆོག་གིས་གསར་དུ་བརྩམས་པའི་༼ ཆོས་དང་མ་འདྲེས་པའི་འཛམ་གླིང་ཧྲིལ་པོའི་ཀུན་སྤྱོད་༽ཅེས་པའི་ཕྱག་དཔེ་ཞིག་དབུ་འབྱེད་བཅས་གནང་སོང་།

༧གོང་ས་མཆོག་གིས་ཕྱག་དཔེ་དེའི་དགོས་དམིགས་སྐོར་གསུངས་དོན། “དེབ་འདིའི་བརྗོད་བྱ་དམིགས་བསལ་བ་དེ། ཆོས་དང་མ་འདྲེས་པར་ལྷན་སྐྱེས་ཐོག་བྱིས་པའི་གནས་སྐབས་ནས་མ་ཡི་བྱམས་བརྩེས་བསྐྱངས་པ་དང་། སོ་སོ་ལ་སྐྱེས་མ་ཐག་ཏུ་མ་ཡི་བྱམས་བརྩེས་བསྐྱངས་པའི་ཚོར་ཤུགས་ཆེན་པོ་ཡོད་པའི་སྐོར་རེད། བཙས་མ་ཐག་པའི་བྱིས་པ་དེས་རང་གི་མ་ངོ་ཤེས་ཀྱི་མེད་ཀྱང་། གཟུགས་པོའི་གྲུབ་ཆའི་ཐོག་འོ་མ་སྤྲོད་མཁན་དེར་བློ་ཆ་ཚང་གཏད་དེ། འོ་མ་སྦྱིན་མཁན་དེའི་པང་དུ་ཉར་སྐབས་སེམས་ལྷོད་ལ་འབབ་ཀྱི་ཡོད། བྱིས་པ་གང་ཞིག་ཐོག་མ་ནས་མ་ཡི་བརྩེ་བ་ཤུགས་ཆེན་པོ་ཡོད་ན། མི་དེའི་མི་ཚེ་ནང་སེམས་ལྷོད་ལྷོད་དང་འཇིགས་སྣང་ཉུང་བ་ཡོད། ཆུང་བྱིས་པའི་སྐབས་ནས་མ་དང་བྲལ་བ་དང་། མས་བདག་པོ་མ་བརྒྱབ་པའི་ཉམས་མྱོང་སོགས་བྱུང་ཡོད་ན། སེམས་ཀྱི་གཏིང་དུ་སུ་གང་ལའང་ཡིད་མ་ཆེས་པ་དང་སེམས་ནང་དངངས་སྐྲག་སླེབ་ཀྱི་ཡོད། ཆོས་མེད་ནའང་བརྩེ་བ་རང་བཞིན་གྱིས་ཡོད་བསྡད་པ་ཞིག་རེད” ཅེས་གསུངས་བྱུང་། 

༧གོང་ས་མཆོག་གིས་ཕྱོགས་མཐའ་ཁག་ཏུ་ལོག་བཞིན་པའི་ཆོས་ཞུ་བ་ཚོར་གསུངས་དོན། “ སངས་རྒྱས་པའི་ཆོས་ནང་འདུས་བྱས་ཐམས་ཅད་མི་རྟག་པ། འགྲོག་པའི་ཐ་མ་འབྲལ་བ་ཟེར་གྱི་ཡོད། ཁྱེད་ཚོ་ཚང་མ་ཕྱོགས་དང་མཚམས་མང་པོ་ཞིག་ནས་འདུས་པ་རེད། དེ་རིང་ནས་སོ་སོའི་གནས་ལ་ལོག་དགོས་པ་རེད། འགའ་ཤས་མ་འོངས་པར་མཇལ་ཐུབ་ཀྱི་ཡོད་ནའང་། ཁ་ཤས་ལ་བསྐྱར་དུ་ཐུག་རྒྱུ་ཁག་པོ་ཆགས་ཡོད། ང་ཚོ་འདིར་ཆོས་བྱེད་དུ་ཡོང་བ་ལས་ལྟད་མོ་བལྟ་རུ་ཡོང་བ་མ་རེད་ལ། ཚོང་རྒྱག་ཏུ་ཡོང་བའང་མ་རེད། ཚོང་དང་ལྟད་མོ་ལ་དགའ་དགའ་སྤྲོ་སྤྲོ་བྱས་ན། དྲན་པའི་ཡུལ་དུ་སྡོད་རྒྱུ་ལས་གཞན་གང་ཡང་ཡོད་པ་མ་རེད། ཁྱེད་ཚོ་ཆོས་ཞུ་རུ་ཡོང་བ་ཡིན་སྟབས། དེ་རིང་ནས་ཕྱོགས་སོ་སོར་ལོག་རྗེས། ཆོས་ཉན་པ་དེར་བསམ་བློ་བཏང་སྟེ་སེམས་ལ་བཟོ་བཅོས་རྒྱག་རྒྱུ་དང་། ལག་ལེན་དུ་བསྟར་དགོས། འདིར་འཛོམས་པའི་རིང་ཚོར་བ་གསར་པ་ཞིག་མྱོང་སྟེ། ཕྱིར་ལོག་རྗེས་འཆར་ཅན་བྱས་ཏེ་ཕྱིན་ན་འགྲིག་གི་ཡོད་པ་མ་རེད། ཉིན་འདི་ཚོར་ངས་ཆོས་འགྲེལ་བཤད་བརྒྱབ་སྟེ་གང་འཚམ་གོ་རྟོགས་སེལ་ཡོད་པ་རེད། ངས་འགྲེལ་བཤད་བརྒྱབ་པ་དེ་ས་བོན་ལྟ་བུར་བྱས་ཏེ་མུ་མཐུད་སློབ་གཉེར་གནང་རྒྱུ་དང་། གང་ཤེས་པ་རྣམས་ལག་ལེན་དུ་འགེལ་རྒྱུ་གལ་ཆེན་པོ་རེད་ ” ཅེས་གསུངས་སོང་།

ཨ་རུ་ཎ་ཅལ་མངའ་སྡེ་བློན་ཆེན་མཆོག་གིས་༧གོང་ས་མཆོག་གི་མཛད་རྗེས་ལ་བསྔགས་བརྗོད་དང་། ཁོང་གིས་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་གི་མདུན་དུ་ཆོས་ཀྱི་བྱིན་རླབས་ཞུ་ཐུབ་པ་སྐལ་བ་བཟང་པོ་བྱུང་ཡོད་སྐོར་བརྗོད་དེ། “སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་བྱམས་དང་བརྩེ་བའི་བསླབ་བྱ་དེས། དཀའ་ངལ་འཕྲད་བཞིན་པའི་ད་ལྟའི་འཛམ་གླིང་འདིར་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་ཟབ་མོ་དེས་ང་ཚོར་བཟང་ཕྱོགས་ཀྱི་བསམ་བློ་གཏོང་རྒྱུ་དང་འགྱུར་བ་གཏོང་རྒྱུའི་གོ་སྐབས་མང་པོ་ཐོབ་ཀྱི་ཡོད།  དུས་དབང་ ༣༢ པ་དེ་ཨ་རུ་ཎ་ཅལ་བློན་ཆེན་འདས་པོ་དམ་པ་དེའི་སྲས་པདྨ་མཁའ་འགྲོ་མཆོག་གིས་གཙོ་འགན་འཁུར་ཡོད་ལ། དུས་དབང་གི་ལས་དོན་ཐོག་བྷེ་ཧར་མངའ་སྡེ་བློན་ཆེན་མཆོག་གིས་དུས་དབང་གོ་སྒྲིག་ཚོགས་ཆུང་ལ་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་རུ་ཎ་ཅལ་ནི་ནང་པ་མང་པའི་མངའ་སྡེ་ཞིག་ཡིན་སྟབས། སྐབས་འདི་དང་བསྟུན་ཏེ་བློན་ཆེན་མཆོག་ལ་ཞུ་རྒྱུ་ཞིག་ལ། ཨ་རུ་ཎ་ཅལ་གྱི་གནས་སྐོར་བ་ཚོར་རྡོར་གདན་དུ་མགྲོན་ཁང་གསར་རྒྱག་གི་ས་ཆ་ཆུང་ཆུང་ཞིག་གནང་རོགས་ཞུ་རྒྱུ་ཡིན། དེ་བཞིན་ང་ཚོས་དེང་ཕྱིན་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཨ་རུ་ཎ་ཅལ་ལ་བསྐྱར་དུ་ཕེབས་པར་གསོལ་འདེབས་ནན་མོ་ཞུ་རྒྱུ་ཡིན་ ” ཞེས་བརྗོད་སོང་། 

དེའི་རྗེས་བྷེ་ཧར་མངའ་སྡེ་སྤྱི་ཁྱབ་བློན་མཆོག་གིས་༧གོང་ས་མཆོག་གིས་རྡོར་གདན་དུ་དུས་འཁོར་བཀའ་དབང་བསྩལ་བ་དེའི་ཉེར་ལེན་གྱིས་དད་ལྡན་ཆོས་ཞུ་བ་ཙམ་དུ་མ་ཟད། བྷེ་ཧར་ས་གནས་ཡུལ་མི་ཚོར་ཡང་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་བརྗོད་དོན། “སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རྡོ་རྗེ་གདན་དུ་དུས་དབང་གསུངས་བ་དེ་རླབས་ཆེན་ཞིག་དང་སྐལ་བ་བཟང་པོ་རེད། ས་ཆ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་པའི་གནས་ཡིན་པ་དང་། འདས་པའི་ཉིན་བཅུའི་རིང་ཏཱ་ལའི་བླ་མཆོག་གིས་གནས་འདིར་མི་ཚོགས་ཆེན་པོ་ཞིག་ལ་གསུང་ཆོས་བསྩལ་བ་དེ་ཕན་ཐོགས་ཆེན་པོ་བྱུང་ཡོད།  བྷེ་ཧར་མངའ་སྡེར་ཡང་ཕན་ཐོགས་ཆེན་པོ་བྱུང་ཡོད།  མངའ་སྡེ་གཞུང་གིས་གདན་ཞུ་ལྟར། ༢༠༡༠ ལོའི་ས་ག་ཟླ་བའི་ཚེས་ ༡༥ ཉིན། ཏཱ་ལའི་བླ་མ་མཆོག་པཱ་ཊི་ཎར་ཕེབས་ཏེ་གསར་བཞེངས་བྱས་པའི་སྟོན་པའི་རྗེས་དྲན་སྐྱེད་མོའི་ཚལ་གྱི་མཆོད་རྟེན་ལ་རབ་གནས་དང་། མཆོད་རྟེན་གྱི་རྟེན་ལ་རིང་བསྲེལ་བསྩལ་བར་བཀའ་དྲིན་ཆེན་པོ་བྱུང་།  སྐྱེལ་ཚལ་གྱི་མཆོད་རྟེན་དེ་སྟོན་པའི་རྗེས་དྲན་ཡིན་སྟབས། མ་འོངས་པར་ཏཱ་ལའི་བླ་མཆོག་ཡང་དང་བསྐྱར་དུ་ཆིབས་བསྒྱུར་བསྐྱངས་ཏེ། རྒྱལ་སྤྱིའི་རང་བཞིན་གྱི་ཆོས་ལུགས་ཚོགས་འདུ་སྐོང་ཚོགས་དང་། བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་བཀའ་སློབ་སོགས་བསྩལ་ཐུབ་ཚེ། ང་ཚོའི་སྤྱི་ཚོགས་ནང་འཁྲིག་རྩོད་ཞི་བ་དང་བྱམས་དང་སྙིང་རྗེའི་གོམས་འདྲིས་བསྟེན་རྒྱུར་ཕན་ཐོགས་ཀྱི་འདུག དུས་དབང་ཐེངས་ ༣༢ པའི་ཆེད་ཨ་རུ་ཎ་ཅལ་བློན་ཆེན་འདས་པོ་དམ་པ་དེས་ང་ལ་ཕྱག་ཡིག་ཅིག་བསྐུར་འདུག་ཀྱང་། ཕྱག་ཡིག་ལག་ཏུ་མ་འབྱོར་གོང་དམ་པ་དེ་སྐུ་གྲོངས་པ་རེད། ཡིན་ནའང་། ཁོང་གི་བུ་པདྨ་མཁའ་འགྲོ་མཆོག་གིས་མཇུག་སྐྱོང་སྟེ་གྲ་སྒྲིག་ཚགས་ཚུད་གནང་བར་རྗེས་སུ་ཡི་རངས་ཡོད། ཁ་སང་དང་དེ་རིང་ཉིན་གཉིས་རིང་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་མདུན་དུ་གསུང་ཆོས་ཞུ་ཐུབ་པ་གོ་སྐབས་བཟང་པོ་བྱུང་། སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཁོང་ཉིད་དགུང་གྲངས་ ༡༡༣ བཞུགས་རྒྱུའི་ཞལ་བཞེས་ཡོད་པ་ལྟར། ད་དུང་ཡང་འཛམ་གླིང་ཡོངས་ལ་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེ་སྤེལ་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན། དེང་ཕྱིན་ཡང་འདིར་ཕྱོགས་སུ་ཆིབས་བསྒྱུར་ཡང་ཡང་ཕེབས་གནང་བའི་གསོལ་འདེབས་བཅས་ཞུ་རྒྱུ་ཡིན་ ” ཞེས་བརྗོད་བྱུང་། 

མཇུག་ཏུ་ཐེངས་འདིའི་དུས་དབང་གི་སྦྱིན་བདག་གཙོ་བོ་ཨ་རུ་ཎ་ཅལ་གྱི་བློན་ཆེན་དམ་པ་དེའི་བུ་པདྨ་མཁའ་འགྲོ་ལགས་ཀྱིས་ཐུགས་རྗེའི་གསུང་བཤད་གནང་སྟེ་དུས་དབང་གི་མཛད་རིམ་ཁག་ཡོངས་སུ་མཇུག་བསྒྲིལ་ཡོད་པ་རེད།

དེ་རིང་ཕྱི་དྲོ་ནས་འཛམ་གླིང་ཕྱོགས་མཐའ་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ཚ་ཚ་འུར་འུར་ཕྱིར་ལོག་བྱེད་མགོ་ཚུགས་ཡོད།  

གསར་འགོད་པ། དཔལ་ལྡན་གྱིས་གནས་མཆོག་རྡོ་རྗེ་གདན་ནས།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༥ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༦ སྔོན་ལ།

མཆན། 10

  1. གངས་རིའི་ཤེལ་དཀར། says:
    ལོ་ 13 སྔོན།

    ཡོངས་རྫོགས་བསྟན་པའི་མངའ་བདག ཞི་བདེའི་དེད་དཔོན་ཆེན་པོ། འགྲོ་བ་ཡོངས་ཀུན་གཙུགས་རྒྱན།

    Reply
  2. གཟུ་གནས་བློ་ལྡན། says:
    ལོ་ 13 སྔོན།

    ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་མཆོག །་༸གོང་ས་ལྷ་མིའི་སྟོན་པ་ཡིད་བཞིན་ནོར། །སྔར་བཞིན་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཏུ། །བཞུགས་སུ་གསོལ་ཞེས་སྙིང་ནས་ཞུ་བ་ལགས། །དངོས་གནས་ཡ་མཚན་རེད། ང་ཚོས་སྔར་བཞིན་༸གོང་ས་མཆོག་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཏུ་བཞུགས་པར་གསོལ་བ་འདེབས་པ་ལས། ད་ལྟར་གཞི་ནས་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཏུ་མངའ་གསོལ་བ་མིན་པ་ཤེས་དགོས།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    “ཡོངས་རྫོགས་བསྟན་པའི་མངའ་བདག”ཞེས་པའི་ཆེ་བསྟོད་གསེར་གྱི་གཟེངས་རྟགས་ཤིག་འབུལ་གནང་མཛད་པར་རྗེས་སུ་ཡི་རང་ཞུ། སྤྱིར་ན་དེ་ལས་ལྷག་པའི་མཚན་བསྟོད་མང་མོད། འདི་ནི་བོད་ཀྱི་ཆོས་བརྒྱུད་ཁག་རིས་མེད་ཀྱིས་ཐུན་མོང་དུ་ངོས་ལེན་གནང་བའི་མཚན་གནས་གཟེངས་རྟགས་ཤིག་ཐོག་མ་ཡིན་པས་པས། རྟེན་འབྲེལ་ཧ་ཅང་བཟང་སྙམ་པ་བྱུང། ལྷག་པར་དུ་ཡང་བོད་ཀྱི་ཆབ་སྲིད་ཀྱི་གཙོ་འཛིན་ལས་དགོངས་པ་ཞུས་པའི་སྐབས་སུ་ཡིན་པས་ཧ་ཅང་ལེགས་སྙམ།
    ད་ནི་འཛམ་གླིང་གི་ནང་པ་ཡོངས་ཀྱི་ཆོས་ཀྱི་རྒྱལ་པོ་ཆེན་པོའི་མཚན་གནས་དེ་ཡང་མི་རིང་བར་འབུལ་རྒྱུའི་ཤིན་ཏུ་བཀྲ་ཤིས་བའི་དགེ་མཚན་དག་སྨིན་པར་རེ་བ་དང་སྨོན་ལམ་འདེབས་པ་ལ། དེ་ཡང་བྱང་ཆུབ་སེམས་དཔའི་དགོངས་དོན་ལྷུན་གྱིས་འགྲུབ་པར་ཁོང་གི་རྗེས་འཇུག་པ་ཡོངས་དམ་ཚིག་གཙང་མའི་སྨོན་འདུན་གཅིག་ཏུ་འགྲིལ་རྒྱུར་སྙིང་ནས་སྨོན་ནོ།།

    Reply
  4. འཁྱམས་པོ་ says:
    ལོ་ 13 སྔོན།

    ཡོངས་རྫོགས་བསྟན་པའི་མངའ་བདག་གི་བསམ་དོན་ལྷུན་འགྲུབ་བྱུང་བར་བཀྲ་ཤིས་ཞུ།།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཁ་བ་རི་པ་རྣམས་ཀྱིས་མཚོན་མཁའ་ཁྱབ་སྐྱེ་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་དགུང་ལོ ༡༡༣ ལྷག་འཚོ་གཞེས་ཀྱི་ཞལ་བཞེས་བཀའ་བཟང་དེ་ལས་ལྷག་པའི་དགའ་སྤོབས་ཤིག་གང་དུ་རྙེད་དུཡོད་དམ། བོད་རིགས་ང་ཚོ་ལས་བསོད་ནམས་ཆེ་བ་སུ་ཞིག་འདུག་གམ། བོད་རིགས་ཚོ་ཡར་ལོངས་ཤོག བོད་རིགས་ཚོས་དཀའ་ལས་རྒྱོབས། བོད་རིགས་ཚོ་རྒྱལ་བར་ངེས་པས་་་་་

    Reply
  6. སེར་སྨད་བློ་དགའ། says:
    ལོ་ 13 སྔོན།

    ་་་་་་་་བདག་གི་བླ་མ་རིན་པོ་ཆེ་དོན་གྱིས་སླད་དུ་མཚན་ནས་ཡོངས་སུ་སྨྲས་ན་༸གོང་ས་༸ལྷ་མིའི་རྣམ་འདྲེན། ཡོངས་རྫོགས་བསྟན་པའི་མངའ་བདག་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ལ་སྐྱབས་སུ་མཆིའོ།

    ས་སྟེང་ཞི་བའི་དཔལ་ཟེར་ཡོངས་སུ་རྫོགས། །
    འགྲོ་བའི་འདི་ཕྱིའི་སྐྱབས་ནི་ཡོངས་སུ་རྫོགས། །
    གོ་ལར་མཁས་པའི་གོ་འཕང་ཡོངས་སུ་རྫོགས། །
    ཡོངས་རྫོཌ་ལྷ་མིའི་རྣམ་འདྲེན་གང་དེར་མཆོད། །

    Reply
  7. བཀྲ་ཤིས། says:
    ལོ་ 13 སྔོན།

    ཡོངས་རྫོགས་བསྟན་པའི་བདག་པོ་རྒྱལ་བ་རིན་པོ་ཆེ་དང་།
    མཁའ་ཁྱབ་འགྲོ་བའི་འདྲེན་མཆོག་ས་སྐྱ་གོང་མ་རིན་པོ་ཆེ།
    འདུལ་འཛིན་བྱིས་པའི་གཙུགས་རྒྱན་ཀརྨ་པ།
    གངས་ལྗོངས་མེས་པོ་གསུམ་པོས་མཛད་རྗེས་ལ།
    འཛམ་གླིང་སྐྱེ་འགྲོ་ཀུན་གྱིས་མངག་པའི་ཡུལ།

    Reply
  8. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    ཡོངས་རྫོགས་བསྟན་པའི་མངའ་བདག་རྒྱལ་བ་རིན་པོ་ཆེ་དང་་་་་་་རྒྱལ་དབང་ཀརྨ་པ་་་་ས་སྐྱ་ཁྲི་འཛིན་མཆོག་་་་བོད་གངས་ལྗོངས་ཀྱི་བློ་སྙིང་མཆིན་གསུམ་སྐུ་ཚེ་ལ་བར་ཆད་མ་བྱུང་ན་མི་རིགས་འདིའི་བསོད་ནམས་རེད།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ༸རྒྱལ་བའི་དབང་པོ་༸བསྟན་འཛིན་རྒྱ་མཚོ་མཆོག །
    ཡོངས་རྫོགས་བསྟན་པའི་བདག་པོར་ཞབས་བརྟན་ཤོག །

    Reply
  10. ནད་པ says:
    ལོ་ 13 སྔོན།

    རྗེ་བཙུན་འཇམ་དཔལ་ངག་གི་དབང་པོའི་སྐུ།།
    སྙིང་རྗེའི་གཏེར་ཆེན་བློ་གྲོས་བཟང་པོའི་གསུང་།།
    ཡེ་ཤེས་མཐུ་སྟོབས་གསང་བའི་བདག་པོའི་ཐུགས།།
    རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོའི་སྡེ།།
    ཡོངས་རྫོགས་བསྟན་པའི་བདག་པོར་ཞབས་བརྟན་གསོལ།།

    ཞེས་རྫ་སྤྲུལ་འཁྲུལ་ཞིག་རིན་པོ་ཆེ་སྐྱེས་ཆེན་དམ་པ་དེས་༸ གོང་ས་མཆོག་ནི་འཕགས་པ་རིགས་གསུམ་མགོན་པོ་སྟེ། ཤེས་རབ་ཀྱི་སྐུ་རྗེ་བཙུན་འཇམ་དཔལ་དབྱངས། སྙིང་རྗེའི་གསུང་འཕགས་མཆོག་སྤྱན་རས་གཟིགས། མཐུ་སྟོབས་ཀྱི་བདག་པོའི་ཐུགས་དཔལ་ཕྱག་ན་རྡོ་རྗེ་བཅས་རིགས་གསུམ་སྤྱི་འདུས་ཀྱི་སྐུ་རྒྱལ་བའི་དབང་པོ་སྟེ།

    རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་བསྟན་འཛིན་རྒྱ་མཚོ་ཞེས་ཡོངས་རྫོགས་བསྟན་པའི་བདག་པོར་བྱོན་པ་གང་དེའི་སྐུ་ཚེ་མི་ཤིས་བསྐལ་བརྒྱར་བརྟན་པའི་གསུང་བྱིན་སྙིང་བསྡུས་འདི་ལྟ་བུ་ཞིག་བརྩམས་པ་དེར་རྗེས་སུ་ཡི་རང་དང་རྟག་ཏུ་སྨོན་ལམ་འདེགས་འཚལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese