མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུད་སྤྲིན་དང་མེ་ཞགས་བར་གྱི་གཟན་ཤམ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྐང་གསུམ།

ནམ་ ཡང་མིའི་རིགས་ཀྱི་རྣ་བར་རྒྱོབ་སོད་གཅོར་རྡུང་གི་ལྕེ་རྩེའི་གི་སྒྲ་འཇགས་མི་སྲིད་པའི་སྒེར་གཅོད་སྲིད་གཞུང་གིས་བཙིར་གནོན་དམའ་འབེབ་འོག  དྲང་བདེན་དང་རང་དབང་གི་བླ་སྲོག་གཙུག་ཏུ་བཀུར་ནས་བགྲང་བྱའི་ཉག་མ་དྲུག་ཅུ་འཁོར་བའི་ཡར་སྔོན་དེར།  ང་ཚོ་ནི་བདེན་དོན་དང་།  རང་དབང་།  འདྲ་མཉམ་དང་།  ཐོབ་ཐང་སོགས་འཐོབ་པར་སྨོན་ཞིང་དགའ་མཁན་ཞིག་གཏན་ནས་མིན།  ཅིའི་ཕྱིར་མི་ལོ་དྲུག་ཅུའི་ཡར་སྔོན་དེར་ང་ཚོར་མིའི་རིགས་ཀྱི་ཐོབ་དབང་དང་།  དད་མོས།  རྩིས་ཐང་སོགས་འཐོབ་པར་འདོད་པའི་ཚུགས་ཐུབ་ཀྱི་འདུ་ཤེས་ཤིག་མ་ཡོད་པ་རེད།  ལོ་ཟླ་དེར་ང་ཚོས་རང་ཉིད་རང་གིས་སྐྱོང་ཞིང་རང་ཁྱིམ་རང་གིས་འཛིན་གྱིན་ཡོད་པ་མ་ཟད།  བོད་བཙན་པོ་གོང་མའི་སྤྱོད་ཚུལ་ཇི་བཞིན་དྲང་བདེན་དང་ཀུན་མཐུན་གྱི་ཉི་ཟེར་འོག  གཞུང་ས་དགའ་ལྡན་ཕོ་བྲང་གི་ལུགས་གཉིས་ཆབ་སྲིད་ཀྱིས་འགྲོ་བ་མི་སྤྱི་མཚུངས་ཀྱི་དད་མོས་དང་།  རང་དབང་གི་ལྗགས་ཕྱེ་གང་འདོད་དུ་སྟེར་གྱིན་ཡོད་པར་བརྟེན།  ང་ཚོར་དད་མོས་རང་དབང་གི་ལྟོགས་སྐོམ་ཤིག་དང་།  གནས་ལུགས་སྨྲ་འདོད་ཀྱི་ཟུག་གཟེར་ཞིག  ཨ་ཆད་ཨུ་ཐུག་གི་སྨྲེ་ངག་ཅིག་དང་།  སྐྲག་འཇིགས་དོགས་ཟོན་གྱི་སྡུག་བསྔལ་ཞིག  ད་དུང་བདེན་དོན་སྨྲ་འདོད་ཀྱི་འདུ་ཤེས་སོགས་ཀྱིས་དེང་གི་དུས་བཞིན་རང་གི་མགོ་བོ་ན་ནམ་ཡང་འཇུག་མྱོང་མེད།

དེ་བས་ན་བགྲང་བྱའི་ཉག་མ་སུམ་སྟོང་ལྷག་གི་ཡར་སྔོན་དེར་ས་མཐོའི་ཡུལ་ལྗོངས་འདིར་ཐོག་མའི་ཁྱིམ་གཞིའི་ཞིང་ས་དྲོད་ཀྱིས་གསོ་མཁན་ནི།  སྒང་བ་བོད་མི་རིགས་ཀྱི་མེས་པོ་སྙིང་རུས་ཅན་ཚོ་ཡིན་པ་མ་ཟད།  ཁོང་ཚོས་རང་གི་རིགས་རུས་ཀྱི་ངོ་བོ་དང་རྒྱལ་ཁབ་ཀྱི་བརྟན་ལྷིང་གི་ཆེད་དུ་དཔའ་དང་སྟོབས་ཀྱིས་སུམ་གཉིས་ས་ལ་མངའ་དབང་སྒྱུར་སའི་ཕ་གཞིས་དྲོད་མོ་ཡང་འདི་ཡིན་ལ།  མ་ཟད་རིགས་དང་དད་མོས་རང་དབང་གི་ཆེད་དུ་རྒྱའི་གོང་མ་ཁྲི་ལས་ཕབ་པའི་དམག་དཔུང་གཡུལ་ངོར་འདྲེན་སའི་ཐོག་མའི་མལ་ས་ཡང་འདི་རེད།  འོན་ཀྱང་དུས་དང་ལོ་ཟླའི་འགྱུར་འགྲོས་ནི་ཆུ་ཡི་ཆུ་བུར་ཇི་བཞིན་འབུར་འཇོམས་ཐང་གཅིག་གི་འགྲུལ་བཞུད་དང་འདྲ་བས་ན།  ཡིད་དབང་འཕྲོག་པའི་གནའ་བོའི་འཚོ་བ་དེར་ང་ཚོ་ཁད་ཀྱིས་རྒྱང་ནས་རྒྱང་དུ་སྲིང་དགོས་བྱུང་བ་རེད།  ཡིན་ནའང་ང་ཚོའི་མིག་ལམ་དུ་ད་ལྟའམ་ད་དུང་འཆར་ངེས་པ་ནི་འདས་ཟིན་པའི་མེས་པོ་ཚོའི་ཁྲག་དང་རྔུལ་ཆུའི་བརླན་པའི་གཞིས་ཀ་དྲོད་མོ་དེ་ཡིན་པར་བརྟེན། གནའ་བོའི་འུ་ཚང་གི་འཚོ་བ་ནི་བྱམས་དང་བརྩེ་བའི་གོས་དར་གྱི་གཡོགས་ཤིག  དད་མོས་རང་དབང་གི་སྙིང་སྟོབས་འབའ་ཞིག་གི་ཀློང་ན་འཐིམ་པའི་ཁྱིམ་གཞིས་སྣ་འཛོམས་ཤིག་ཡིན་པ་སུ་ཞིག་ཚོམ་ཞེས་དེང་འདིར་གླེང་རྒྱུ་ལས་འཛམ་གླིང་ཡིག་ཚགས་ཀྱི་མངལ་དུ་འཐུམས་ནས་ལོ་ཡི་ཉག་མ་དྲུག་ཅུ་འཁོར་སོང་བ་རེད། 

འོན་ཏེ་མེས་པོའི་བླ་མཁར་འདི་ལྟར་སྐྱིད་སྡུག་འདྲེས་མའི་འགྱུར་བག་རེ་རེའི་སོ་བར་ནས་གློ་བུར་ཉིད་དུ་ཁྱུར་མིད་དུ་བཏང་ཚར་ནའང་།  དཔའ་དང་སྟོབས་ཀྱིས་ཁེངས་པའི་མེས་པོའི་བརླ་རྐང་རང་གི་བུ་རབས་ཚ་རྒྱུད་ཚོའི་སྙིང་རྩའི་ཁྲག་དྲོད་དང་ལྷན་དུ་གནས་ཡོད་སྟབས།  བཙིར་གནོད་གཅལ་རྡུང་ཅི་འདྲ་ཞིག་མྱངས་དང་མྱོང་དགོས་བྱུང་རུང་ནམ་ཡང་འཇིག་མི་སྲིད་པ་ཞིག་རེད།

འོ་ན།  སུ་ཞིག་གིས་གང་ཞིག་ནས་ང་ཚོར་འཇིག་རྟེན་ཚུལ་ལུགས་དང་མི་མཐུན་པའི་ཁྲིམས་མེད་ལུགས་ཀྱི་གཉའ་གནོད་བྱེད་མགོ་རྩོམ་པ་རེད།  དེ་ནི་ལྟ་ཚུལ་དང་དད་མོས་སྣ་གཅིག་མཆོག་ཏུ་བཀུར་དགོས་པའི་སྒེར་གཅོད་སྲིད་གཞུང་གིས་མདོ་དབུས་མཐོ་སྒང་གི་བུ་རབས་ཚ་རྒྱུད་ཚོའི་བྲང་གཞུང་ཚ་བིར་གཤགས་པའི་ཉི་མ་དེ་རེད།  དེ་ནི་གདོང་དམར་ཚང་གི་དཔའ་རྒོད་སྙིང་རུས་ཅན་ཚོས་རང་ལུས་དུམ་བུར་གཤགས་རུང་དབུགས་ཀྱི་རྒྱུ་བ་མ་ཆད་པར་དུ།  ཡབ་མེས་ཚོའི་ཕ་ཁྱིམ་དགྲ་ལག་ཏུ་མི་འཇོག་པའི་སྙིང་རུས་མདུན་དུ་གཏད་ནས་གཡུལ་ངོར་འཐབ་པའི་ཉི་མ་དེར།  དེ་ནི་མེ་སྒྱོགས་དང་དབང་ཤེད་ཀྱི་སོ་བར་ནས་པོ་ཏ་ལའི་ཕོ་བྲང་དཀར་བོ་ཧར་གྱིས་གཏོར་ཏེ་ནོར་གླིང་སྐལ་བཟང་ཕོ་བྲང་གི་མགོ་རྟེང་སློག་པའི་ཉི་མ་དེ་རེད།  དེ་ནི་ཆོས་དང་རིག་གནས།  དད་མོས་རང་དབང་སོགས་བཙན་སྒྱུར་གྱི་དབང་ཤེད་འོག  གཙུག་ལག་གསུང་རབ་ཀྱི་ཕུང་བོ་དུད་སྤྲིན་དང་མེ་ཞགས་པར་ནས་འཇིག་རྟེན་དང་དུས་གཏན་དུ་ཁ་གྱེས་པའི་ཉི་མ་དེ་རེད།  དེ་ནི་གཞུང་ས་དགའ་ལྡན་ཕོ་བྲང་གི་ལུགས་གཉིས་ཆབ་སྲིད་ཀྱི་སྲིད་ཐམ་ཧི་མ་ལ་ཡི་རི་རྒྱབ་ཏུ་ཁུར་ཏེ།  ཞབས་རྗེས་ཡར་ཀླུངས་གཙང་བོའི་འགྲམ་དུ་པར་དགོས་བྱུང་བའི་ཉི་མ་དེ་རེད།  དེ་ནི་བོད་ཀྱི་དགོན་སྡེ་དྲུག་སྟོང་ལྷག་གི་ཞལ་རས་མི་ཡུལ་དང་གཏན་དུ་ཁ་གྱེས་ཏེ།  དཔུང་རྟགས་དམར་བོ་ཅན་ཚོས་རྨོད་འདེབས་ངལ་རྩོལ་གྱི་ཞིང་ས་རུ་སྒྱུར་བའི་ཉི་མ་དེ་རེད།  དེ་ནི་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས་བོད་མི་ས་ཡ་དྲུག་གི་ཆེད་དུ་མི་ཡུལ་གྱི་དམྱལ་ཁམས་འགྲིམ་པའི་ཉི་མ་དེ་རེད།

དེ་བས་ན་འདི་ལྟར་བསམ་ཞིང་དྲན་དུས་ཕངས་སེམས་ལྕི་མོ་ཞིག་དང་འགྱོད་གདུང་དྲག་པོ་ཞིག་གིས་ང་ཚོའི་སྙིང་རླུང་སྟོད་དུ་བཙིར་ཡོང་རུང་ཉི་མ་དེར་གཞིས་བྱེས་གཉིས་སུ་གྱེས་དགོས་བྱུང་བ་ནི་ང་ཚོ་ཡིན་ལ།  མ་ཟད་སྐབས་དེ་ནས་བཟུང་བོད་མི་རྒན་འཁོགས་སྐྲ་དཀར་ནས་བྱིས་པ་སྣབས་ལུག་ཚོས་ཤས་མི་བཟོད་པའི་དམྱལ་བ་མི་ཡུལ་ནས་མྱངས་དགོས་འབྱུང་བ་མ་ཟད།  བོད་མི་རེ་རེའི་སྨྲ་སྒོར་ཉི་མ་དེ་ནས་བཟུང་སྒེར་གཅོད་གཏུམ་དབང་ཅན་ཚོས་ལྕགས་ཟ་རྒྱབ་ཏེ་ལྟོས་ལྟོས་ཉོན་ཉོན་གྱི་ངེས་མེད་ཁྲིམས་གཅོད་འདྲ་མིན་བྱས་ནས།  བོད་མི་ཁྲི་ཁྲི་འབུམ་འབུམ་གྱི་ཚེ་སྲོག་གི་རྒྱུ་བ་འཇིག་རྟེན་འདི་དང་དུས་གཏན་དུ་ཁ་གྱེས་སུ་བཅུག་པ་རེད། 

རེ་ཆད་ཨུ་ཐུག་གི་ཉི་མ་དེ་ནས་བཟུང་དུས་དེ་རིང་བར་ང་ཚོས་སྐྲག་འཇིགས་དོགས་ཟོན་གྱི་འཚོ་བ་སྐྱེལ་ཏེ་ལོ་ཡི་བགྲང་བྱ་དྲུག་ཅུ་འཁོར་ཟིན་ནའང་།  དེ་རིང་ད་དུང་སྒེར་གཅོད་སྲིད་གཞུང་གིས་ལྟ་ཚུལ་དང་དད་མོས་སྣ་གཅིག་མཆོག་ཏུ་བཀུར་དགོས་པའི་དྲག་གནོད་དམའ་འབེབས་ཀྱི་སྤྱོར་བ་བཀོལ་ཤུགས་ཆེ་རུ་གཏོང་གི་ཡོད་པ་མ་ཟད།  རྒྱུ་འབྲས་བློ་མིག་གི་ཞིང་ས་དང་དུས་གཏད་དུ་ཁ་གྱེས་ཟིན་པའི་དྲག་དཔུང་དམག་གི་ཚོགས་སྤྱི་ཆེན་མོ་དེ་ཡང་།  ང་ཚོའི་མིག་མདུན་དུ་ཉིན་རེ་ཟླ་རེ་ཇེ་མང་ནས་ཇེ་མང་དུ་བཏང་སྟེ།  བཟོད་དཀའ་བའི་ཁྲིམས་མེད་ལུགས་མེད་ཀྱི་དྲག་སྤྱོར་གང་འདོད་གང་ཐུབ་ཏུ་བཀོལ་བཞིན་ཡོད་ནའང་།  དུས་ཀྱི་འགྱུར་འགྲོས་རེ་རེ་མིའི་རིགས་ཀྱི་བསམ་བློའི་ངེས་རྟོགས་དང་།  རིག་གནས་ཀྱི་ཆབ་ཚད།  སྤྱི་དམངས་ཀྱི་ཐོབ་དབང་དང་།  ཁོར་ཡུག་གི་ཆག་འཇིག  དད་མོས་རང་དབང་གི་འཁོར་རྒྱ་སོགས་ཀྱི་འཕེལ་ཕྱོགས་ནི་མི་སུ་ཞིག་གིས་བཀག་ཀྱང་ཁོགས་མི་སྲིད་པའི་ཚོགས་སྤྱི་ཆེན་མོ་ཞིག་དང་འདྲ་བས་ན།  དུས་རབས་ཉེར་གཅིག་པའི་མིའི་རིགས་ཀྱི་ཤེས་རྟོགས་རིག་པའི་མྱིར་ཚད་རྒྱ་མཚོའི་རླབས་རིས་ཇི་བཞིན་ཤར་ནས་ལྷོ་དང་ལྷོ་ནས་ནུབ་ལ་ཁད་ཀྱིས་འཕྱུར་བཞིན་ཡོད་པར་བརྟེན།  བཙིར་གནོན་གཅར་རྡུང་ཙམ་གྱིས་མིའི་རིགས་ཀྱི་དཔའ་དང་སྟོབས་ནུས་འཇོམས་མི་ཐུབ་པ་ནི་འཛམ་གླིང་ལོ་རྒྱུས་ཀྱིས་ང་ཚོར་དཔང་ཡིག་གསལ་བོ་བྱེད་ངེས་རེད། 

ཡིན་ནའང་དབང་ཤེད་དང་སྟོབས་ཀྱིས་འགྱིང་བའི་དེ་རིང་གི་རྒྱ་ནག་སྲིད་གཞུང་གིས་མི་ཆོས་ལས་འདས་པའི་དྲག་སྦྱོར་གྱི་མདུང་སྣེ། རྟེན་འབྲེལ་རིག་པའི་མ་རྐང་སྲོག་ཏུ་བཟུང་བའི་བོད་ཀྱི་གྲྭ་རྒན་སྐྲ་དཀར་ནས་ལོ་ཆུང་སྣབས་ལུག་ཚོའི་ཕྲག་གོང་ལ་གཏད་ཡོད་པ་ནི།  དམར་བོའི་སྲིད་གཞུང་ལ་བདེན་དོན་དང་རང་དབང་གི་འཇིག་རྟེན་ལ་ལྟ་བྱེད་ཀྱི་མིག་དང་།  གནས་ལུགས་དང་དྲང་དོན་གྱི་ཁྱིམ་གཞིས་བསྐྱར་འཛུགས་ཀྱི་སྤོབས་པ་ཡོངས་སུ་འཁུམ་པའི་རྟགས་ཤིོག་ལས་གཞན་གང་ཡང་མིན་ནའང་། དྲག་ཤུགས་ཀྱི་སྦྱོར་བ་ནག་པོས་གྲྭ་རྒན་སྐྲ་དཀར་ནས་གྲྭ་ཕྲུག་སྣབས་ལུག་ཚོའི་མགོ་ཐོག་ཏུ་རྒྱོབ་སོད་གཅོར་རྡུང་གི་ཐ་ཚིག་མི་སྙན་པ་གང་མང་ཞིག་སྒྲོག་གིན་ཡོད་པ་ནི།  ཅང་ཙེ་མེད་ཤོག་ཁག་གི་སྒེར་གཅོད་དབང་འཛིན་པ་ཚོས་རང་ཉིན་དང་རང་ཉིན་གྱི་རྐུབ་སྟེགས་བརྟན་ལྷིང་གི་ཆེད་ཁོ་ནར་དམིགས་ནས་ཡིན་མིན་བདེན་མིན་ལ་མ་བལྟས་པར་དཀར་ནག་གོ་ལྡོག་གི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་བྱེད་ཁུལ་བྱས་པ་ཞིག་ཡིན་པ་མ་ཟད།  ལས་གཞི་འདིའི་དམིགས་དོན་གཙོ་བོ་ཡང་སངས་རྒྱས་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས་ལ་དད་མོས་དང་སློབ་སྦྱོང་བྱེད་མཁན་ཚོའི་བརླ་རྐང་གཅོག་འདུན་དང་།  བྱམས་བརྩེ་དང་ཤེས་རབ་ཀྱི་སློབ་གླིང་འདི་དག་དམག་སྦྱོང་རྩལ་འགྲན་གྱི་འཁྲབ་ར་ཞིག་ཏུ་སྒྱུར་འདུན་དང་། བསམ་བློ་དང་ཀུན་སྤྱོད་ཀྱི་ངེས་རྟོགས་ཟབ་པའི་སློབ་བུ་འདི་ཚོའི་བློ་རིག་སྐྱེ་འཕེལ་གྱི་མྱུ་གུ་རྨང་ནས་བསྐམས་ན་འདོད་པ་དེ་མ་ཡིན་ནམ།

ངོ་མ་ཡིད་འགྱོད་ཆེ་བའི་གནམ་ཟླ་འདི་ཚོར།  རང་སྲོག་དམར་བོ་གཉན་ཡང་འབེན་དུ་མི་འཇོག་ཐབས་མེད་ཀྱི་གཅར་རྡུང་དང་མནར་གཅོད་མྱངས་དང་མྱོང་བཞིན་ཡོད་པ་ནི།  འཇིག་རྟེན་འདིར་སྐྱེས་ནས་ལོ་ཡི་བགྲང་བྱ་བཅོ་བརྒྱད་དང་བཅུ་དགུ་ལས་མ་འདས་པའི་གྲྭ་ཕྲུག་སྣབས་ལུག་འདི་ཚོ་ཡིན་དོན་ཅི་རེད།  ཁོང་ཚོར་འགྲོ་བ་མིའི་གཞི་རྩའི་ཐོབ་དབང་དང་དད་མོས།  མི་ཆོས་ཀུན་སྦྱོད་ཀྱི་རྩ་བ་མི་རིགས་རང་གི་ཆོས་དང་རིག་གནས་སྦྱང་བརྩོན་རྒྱུད་འཛིན་མི་ཆོག་པའི་བཀག་གཅིར་དང་རང་དབང་།  དཔྱོད་ཤེས་དང་བློ་མིག་གིས་སྐྲུན་པའི་རྩོམ་འབྲི་དཔེ་སྐྲུན་གྱི་ཐོབ་དབང་དང་གཏན་དུ་ཁ་གྱེས་སུ་འཇུག་གི་ཡོད་པ་མ་ཟད།  ཁོང་ཚོའི་གཉའ་བར་ཐེག་དཀའ་བའི་མི་རིགས་ཤིག་གི་ལོ་རྒྱུས་དང་རིག་གནས་ཤིག་གི་ཆག་འཇིག བརྗེད་དཀའ་བའི་དཔའ་བོ་ཚོའི་ཁ་ཆེམས་དང་ཁྲག་དྲོད་འཕྱུར་ཡོད་སྟབས།  ཁོ་ཚོས་སྒེར་གཅོད་སྲིད་གཞུང་ལ་མཐའ་མའི་ཐ་ཚིག་གི་རིན་དོད་དུ་༧གོང་ས་མཆོག་གི་དགོངས་དོན་ཅི་བཞིན་ཚེ་མེད་ཞི་བའི་ལྟ་གྲུབ་སྲོག་ཏུ་བཟུང་ནས།  རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྟག་མོ་ལུས་སྦྱིན་གྱི་སྤྱོད་པ་ཁུར་དུ་བླངས་ཏེ།  སྒེར་གཅོད་གཏུམ་དབང་ཅན་ཚོར་རང་གི་ལུས་སྲོག་དམར་བོ་མཆོད་མེ་རུ་བསྒྲོན་ནས་ཐ་ཚིག་བསྒྲགས་པ་རེད།  

དེ་བས་ན་དམར་བོའི་སྲིད་གཞུང་གིས་རྫུན་ལས་རྣོག་ལས་ཅི་འདྲ་ཞིག་བྱས་རུང་།   ཤེས་རབ་དང་སྙིང་རྗེ།  བྱམས་བརྩེ་དང་བཟོད་པ།  གཞན་ཕན་དང་ལྷག་བསམ།  དྲང་བདེན་དང་གནས་ལུགས།  རང་དབང་དང་རྩིས་ཐང་སོགས་སློབ་གཞིར་བཟུང་བའི་ལོ་ཆུང་གྲྭ་ཕྲུག་འདི་ཚོར།  ལོ་རྒྱུས་རྫུན་མ་དང་གསར་འགྱུར་རྫུན་མ།  དྲིལ་བསྒྲགས་རྫུན་མ་ཞིག་གིས་ནམ་ཡང་ཁོང་ཚོའི་མགོ་བོ་འཐོམ་དུ་འཇུག་མི་ཐུབ་པ་མ་ཟད།  མི་བཟོད་པའི་བཀག་གཅིར་གཅར་རྡུང་ཅི་འདྲ་ཞིག་བྱས་རུང་ཁོང་ཚོས་རྫུན་ལ་རྒོལ་ཞིང་རྫུས་མ་ལ་འཐབ་འདུན་གྱི་སེམས་དང་སྲོག་གི་མིག་ཤེས་ནམ་ཡང་རྒྱ་ནག་སྲིད་ གཞུང་གིས་འཇོམས་མི་ཐུབ་པ་ཁོང་ཚོའི་ཤེས་རབ་ཀྱི་སྟོབས་ནུས་ལས་གསལ་བོ་ཁ་གྲག་ཚར་བ་རེད།  

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༩ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༣ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    རང་ལ་གོ་རྟོག་ཞན་པས་ཕྱོགས་ཙམ་ལས་ངེས་ཐུབ་པ་མི་འདུག
    ཅིའི་ཕྱིར་རང་སྲེག་བྱེད་པ་ཡིན ནམ། མངས་པོས་ཨུ་ཐུག་ནས་ཟེར་བས། ཨུ་ཐུག་སྟངས་ཇི་འདྲ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese