མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བློ་བཟང་འཇམ་དབྱངས་སྐུ་གྲོངས།

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༤ ཉིན་རྔ་པ་རྫོང་ཐོག་ཏུ་བོད་དོན་སྐད་འབོད་རྒྱག་བཞིན་རང་ལུས་མེར་བསྲེགས་གཏོང་མཁན་རྔ་པ་ཨ་འདུས་ཥེ་བ་སྡེ་བའི་བློ་བཟང་འཇམ་དབྱངས་ལགས་ཕྱི་ཚེས་ ༡༦ འབར་ཁམས་ནས་སྐུ་གྲོངས་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གྱི་བོད་ནང་གི་དུས་ཚོད་ ༡།༣༠ ཙམ་ལ་བོད་ཨ་མདོ་རྔ་པའི་ཨ་འདུས་ཥེ་བ་སྡེ་བའི་རྒྱ་མཚོ་ཚང་གི་ཕ་རྒྱ་མཚོ་དང་མ་ལྷ་ཆུང་གཉིས་ཀྱི་བུ་བློ་བཟང་འཇམ་དབྱངས། རང་ལོ་ ༢༡ ཡིན་པ་ཁོང་གིས་རྔ་པ་རྫོང་མཁར་གྱི་བཞི་མདོའི་གསང་སྤྱོད་ཅིག་གི་ནང་ནས་ལུས་ཡོངས་ལ་ས་སྣུམ་བྱུགས་ཤིང་རང་ལུས་མེ་རུ་བསྒྲོན་ཏེ “རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས ” ཞེས་པའི་འབོད་ཚིག་སྒྲོག་བཞིན་གོམ་བགྲོད་བྱས་ཡོད་པ་དང་། སྐབས་དེར་གཡས་གཡོན་གྱི་ཉེན་རྟོག་པ་དང་དམག་མི་རྣམས་ཀྱིས་ཁོང་ལ་ལྕགས་མདུང་ འཛེར་མ་ཅན་སོགས་ཀྱིས་མེ་གསོད་རྒྱུའི་ཚབ་ཏུ་གཅར་རྡུང་དྲག་པོ་བཏང་བ་དང་། རས་དཀར་པོ་ཞིག་གིས་བཀབ་ནས་ཉེན་རྟོག་པ་དམག་མིས་རྡོག་རྫིས་བྱས་པ་སོགས་དེར་ཡོད་བོད་མི་རྣམས་ཀྱིས་བཟོད་ཐབས་བྲལ་ཏེ། རང་སྲོག་ལ་མ་འཛེམ་པར་གོ་མཚོན་ཐོགས་པའི་དམག་དཔུང་གི་མདུན་བཀག་སྟེ་ཁོང་ཚུར་ལེན་ཐབས་བྱས་ཀྱང་། མི་མང་ལ་གང་བྱུང་གཅར་རྡུང་དང་འཛིན་བཟུང་བྱེད་བཞིན་བཙན་འཁྲིད་བྱས་ཡོད་འདུག་ལ། སྐབས་དེར་མི་མང་པོ་ཞིག་ལ་རྨས་སྐྱོན་ཡང་ཕོག་ཡོད་པ་མ་ཟད། རྨེའུ་རུ་མའི་རུ་ཆེན་གཉིས་པའི་དགའ་ཚང་གི་ཆོས་ཀྱི་ཟླ་བ་རྔ་པ་རྫོང་སྨན་ཁང་དུ་ཡོད་ཀྱང་ཕལ་ཆེར་གསོན་པོ་ཡོང་རེ་མེད་པ་ལྟ་བུའི་གནས་སྟངས་ཆགས་ཡོད་པ་དང་། ཕོ་སར་གཉིས་ལ་གཅར་རྡུང་སྐབས་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཅིང་། བུད་མེད་ཅིག་གི་མིག་ཡ་གཅིག་ལོང་བ་བཟོས་ཡོད་འདུག

མེ་མདས་རྨས་སྐྱོན་ཕོག་པ་བུད་མེད་གཉིས་ཡོད་པ་ལས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་མ་ཐུབ་ཀྱང་། མི་མང་པོས་དེ་ལས་མང་བ་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད་པ་དང་། མི་མང་གི་མཐོང་སར་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་ཀྱང་མིང་སོགས་གསལ་པོ་ཤེས་རྟོགས་མ་ཐུབ།

ཕྱི་ཚེས་ ༡༥ ཉིན་རྔ་པའི་ཁྲོམ་གཞུང་སོགས་ལ་བོད་མི་ཚོར་འཇིགས་སྐུལ་གྱི་སྦྱར་ཡིག་ཆེན་པོ་མང་པོ་སྦྱར་ཞིང་། དམག་མི་དང་ཉེན་རྟོག་པས་ཁྲོམ་གཞུང་སོགས་ལ་དོག་ཟོན་ནན་མོ་བྱས་ཡོད་ཀྱང་ཉིན་དེར་རྔ་པའི་ཁྲོམ་གཞུང་སོགས་ལ་བོད་མི་ཚོས་ལོ་སར་ཚེས་གཅིག་ཉིན་ཚོང་ཁང་དང་ཟ་ཁང་ཚང་མ་སྒོ་ཕྱེ་དགོས་པ་དང་། མི་མང་གིས་ཁྲོམ་གཞུང་ནས་ལྟོ་སྐྱ་གོས་ཧྲིལ་བྱས་ཏེ་མྱ་ངན་གྱིས་ལོ་གསར་པ་བསུ་དགོས་ཚུལ་འཁོད་པའི་ཡི་གེ་མང་པོ་གཏོར་ཡོད་འདུག

གོང་དུ་བཤད་པ་ལྟར་རང་ལུས་མེར་བསྲེགས་གཏོང་མཁན་ཁོང་སྐབས་ཐོག་དེར་ཉེན་རྟོག་པ་སོགས་ཀྱིས་གཅར་རྡུང་ཚོད་མེད་བྱས་པ་སོགས་ལ་བརྟེན། ཕྱི་ཚེས་ ༡༦ ཉིན་ཁོང་འབར་ཁམས་ནས་སྐུ་གྲོངས་ཡོད་པ་དང་། ཕྱི་ཚེས་ ༡༧ ཉིན་ཁོང་གི་ཕ་རྒྱ་མཚོ་དང་གཉེན་ཉེ་སྐོར་ཞིག་འབར་ཁམས་ལ་སྐུ་ཕུང་ལེན་ཏུ་སོང་ཡོད་ཀྱང་ལག་སོན་བྱུང་ཡོད་མེད་ཤེས་རྟོགས་མ་ཐུབ།

རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་བློ་བཟང་འཇམ་དབྱངས་ལགས་ཆུང་དུས་ཨ་འདུས་དགོན་པར་གྲྭ་བ་བྱས་ཤིང་། རྗེས་སུ་རྔ་པ་རྫོང་བོན་ཚེ་སློབ་གྲྭ་༼ སློབ་ཆུང་གསུམ་པ ༽སོགས་སློབ་མཐར་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་མང་ཚོགས་རང་བཞིན་གྱི་ཕ་སྐད་གཙང་མའི་བགྲོ་གླེང་ཞིག་ཥེ་བ་སྡེ་བར་འཚོགས་པའི་གོ་སྒྲིག་བྱེད་མཁན་གྱི་ཕ་སྐད་རྒྱུན་འཛིན་ཚོགས་པའི་ཚོགས་མི་གཙོ་བོ་ཞིག་དང་། སྐབས་དེའི་བགྲོ་གླེང་གོ་སྒྲིག་བྱེད་སྐབས་རྒྱ་མིས་གནོན་ཤུགས་དང་འཇིགས་སྐུལ་མང་པོ་བྱས་མྱོང་ཡོད་འདུག  

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

མཆན། 4

  1. ནད་པ says:
    ལོ་ 10 སྔོན།

    གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།།
    འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
    ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
    སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    ངོས་རང་ཁ་བརྡའི་ནང་ལ་མཆན་བུ་རྒྱག་ས་བཀག་ཚར་འདུག་ལགས། རྔ་པ་སོགས་དང་རྗེས་སུ་མཇལ་ཐུབ་པའི་རེ་བ་དང་བཅས་དུས་བབ་ནས་ཕུལ།

    Reply
  3. གནམ་ལྕགས། says:
    ལོ་ 10 སྔོན།

    ངས་རང་ལུས་མེ་རུ་སྒྲོན་པའི་བཙན་པོའི་སྙིང་སྟོབས་ཀྱིས་ཕྱུག་པའི་དཔའ་བོའི་རུ་དཔུང་ཞིག་མཐོང་བྱུང་། ངས་རང་དབང་སླར་གསོ་བྱེད་མཁན་གྱི་ཚེ་སྲོག་ངོ་མ་ཁག་ཅིག་གི་སྙིང་སྟོབས་ཀྱི་འབོད་སྒྲ་ཐོས་བྱུང་། ཐུགས་རྗེ་ཆེ།

    Reply
  4. ཤིང་ལོ། says:
    ལོ་ 10 སྔོན།

    བདེན་སྟོབས་དང་གཟི་བརྗིད་ཡོངས་སུ་རྫོགས་པའི།།
    བོད་བཙན་པོའི་དཔུང་བ་འདེགས་པའི་དཔའ་བོ།།
    བཞུད་ཟིན་པར་བསྔོ་སྨོན་གུས་འདུད་ཞུ་ཞིང་།།
    མང་མི་ཚོར་ཐུགས་གསོ་ཚད་མེད་ཞུ་ལགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist