མི་ཚེ་ནི་རིང་ཐུང་གང་གི་ཆ་ནས་བལྟས་ཀྱང་
ང་ཚོས་རྟག་པར་ཡིད་སྨོན་དང་རེ་བརྟས་བྱེད་ས་ཞིག་དུ་གྱུར་བ་ནས
སྐྱེ་སྐར་ནི རང་ཉིད་མི་ཡུལ་དུ་ཐོག་མར་གོམ་ཁ་སྤོ་ཉིན་དུ་གྱུར་སྟབས
འཛམ་གླིང་གི་སྐྱེ་འགྲོ་ཆེས་མི་ཉུང་བ་ཞིག་གིས
འདི་ཉིན རང་གི་དགའ་ཉེ་དང་སྤུན་གྲོགས་དང་འཛོམས་དེ
སྐྱེ་སྐར་ལ་ཤིས་ཚིག ལག་རྟགས འཐམ་འཁྱུད
ཕན་ཚུན་ལ་འདྲིས་པའི་སྙིང་གཏམ་བཤད་ཉིན་རེད
དེ་ཡིན་དུས སྙིང་གི་གྲོགས་མོ་ཁ་བའི་སྲས་མོ་ཁྱེད་རང་
འུ་གཉིས་ངོ་ཤེས་པའི་དུས་ཡུན་ནི་རིང་བ་ལས་ཐུང་ན་ཡང་
དེ་ཡི་ཁྲོད་ཀྱི་བཤད་པའི་སྐད་ཆ་དག་ནི
མིའི་སེམས་ཁོང་གི་གཅེས་ནོར་ལྟ་བུ་རྐྱང་རྐྱང་དུ་གྲུབ་དུས
ངས་ ཁྱེད་རང་ནི་རྟག་པར་རང་ཉིད་ཀྱི་སྙིང་ཉེ་ས་ཞིག་དུ་རྩིས་ཡོད་པ་ལྟར
དེ་རིང་ནི སྤྱི་ལོ་ཉིས་སྟོང་བཅུ་གཉིས སྤྱི་ཟླ་དང་པོའི་ཚེ་ཉེར་གཅིག་རེད
ཁྱོད་ཀྱིས་གསུངས་ན དེ་རིང་ནི་ཁྱེད་ཀྱི་སྐྱེ་སྐར་རེད་ཟེར
སྐྱེ་བའི་དོན་གོ་འཁྱོངས་པ་དང་ མི་ཚེ་ལམ་ལྷོངས་བྱུང་བ
སྙིང་ཉེ་བའི་མི་ཞིག་གི་ཁྱེད་རང་གི་མ་འོངས་པའི་ཁྱིམ་གཞིས་ཤིག་ལ་སྒུག་ཡོད་པར
ཐག་རིང་བའི་ཡུལ་གྱི་གྲོགས་པོ་རྐྱལ་སྟོང་ངས
ཁ་ཞེ་གཉིས་མེད་ཀྱི་ཤིས་ཚིག་འདི དྲ་ལམ་ནས་ཐད་ཀར་ཁྱེད་ལ་སྤྲིངས་པ་འདིས
ཁྱེད་ཀྱི་སྐྱེ་སྐར་ལ་ཅོག་རྩེ་གཅིག་གི་མཐའ་རུ་འཛོམས་མ་ཐུབ་ཀྱང་
ཤིས་ཚིག་འདི་ཉིད་ཀྱིས་ཁྱེད་ལ་མཉམ་འཛོམས་ལས་ཀྱང་ལྷག་པའི་སྤྲོ་སྣང་ཞིག་སྤྱིན་པར་སྨོན
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
དེ་ནང་བཞིན་སྨོན་ལམ་ཞིག་འདེབས་ཆོག