མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་སྐུ་གྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

ལོ་སྔོན་མར་རྒྱ་གཞུང་ཉེན་རྟོག་པས་བཙན་ཁྲིད་མནར་གཅོད་འོག་གཟུགས་གཞི་གཅོང་ནད་ཆགས་པའི་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ལགས། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་གློ་བུར་དུ་སྐུ་གྲོངས་འདུག

མདོ་སྨད་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱི་ནད་གཞི་གློ་བུར་ཇེ་སྡུག་ཏུ་གྱུར་ཏེ་སྐུ་གྲོངས་ཡོད་པ་དང་། ཁོང་སྐུ་གྲོངས་སྐབས་སྐུ་མདོག་ཆ་ཚང་ནག་པོ་ཆགས་ཡོད་པར་བརྟེན། ས་གནས་མང་ཚོགས་ཀྱིས་རྒྱ་གཞུང་ཉེན་རྟོག་པས་ཁོང་ལ་དུག་ཕོག་བཅུགས་ཡོད་པའི་དོགས་གཞི་བྱེད་ཀྱི་ཡོད་འདུག དེ་སྔོན་སྨན་ཁང་དུ་སྨན་བཅོས་སྐབས་སྨན་པ་རྣམས་ཀྱིས་ཁོང་གི་ནད་གཞི་ནི་གློ་བུར་གཟུགས་པོར་ཆུ་གསོག་པ་དང་སྙིང་གི་འགུལ་བསྐྱོད་ཞན་པའི་ན་ཚ་ཞིག་ཡིན་སྐོར་ཙམ་ལས། ནད་གཞིའི་དོན་དངོས་གནས་སྟངས་ཁ་གསལ་འགྲེལ་བརྗོད་གང་ཡང་གནང་མེད་པ་རེད།

༢༠༡༡ ལོའི་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་མཚོ་སྔོན་ཞིང་ཆེན་གྱི་ཉེན་རྟོག་པ་ཁག་ཅིག་ཡོང་སྟེ་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ལགས་ཁྲི་ཀ་རྫོང་སྟོང་ཆེ་སློབ་གྲྭ་ནས་བཙན་ཁྲིད་བྱས་ཤིང་། ཟི་ལིང་གི་ས་ཁུལ་ཞིག་ཏུ་ཉིན་གྲངས་ ༡༥ རིང་ཉིན་མཚན་བསྟུད་མར་འདྲི་གཅོད་བཀག་ཉར་བྱས་ཡོད་པར་མ་ཟད། སྡུག་སྦྱོང་མནར་གཅོད་སྣ་ཚོགས་བཏང་སྟེ་གཟུགས་གཞི་གཅོང་ནད་ཅན་ཆགས་བཅུགས་རྗེས། ཟླ་གསུམ་རིང་ཕྱི་ཕྱོགས་ཀྱི་མི་ལ་འབྲེལ་བ་བྱེད་མི་ཆོག་པ་དང་། ཕྱོགས་བསྐྱོད་སྐབས་ས་གནས་ཉེན་རྟོག་ལས་ཁུངས་སུ་ཐོ་འགོད་བྱ་རྒྱུའི་ཁས་ལེན་མིང་རྟགས་དང་ནང་མིར་འགན་ལེན་བྱེད་བཅུགས་ཏེ་སྨན་བཅོས་ཆེད་ཕྱིར་གློད་པའི་རྗེས།   ཟི་ལིང་ཞིང་ཆེན་སྨན་ཁང་གཉིས་པའི་ནང་ཟླ་གཉིས་ལྷག་རིང་སྨན་བཅོས་གནང་མཐར་གཟུགས་གཞི་ཅུང་ཙམ་དྲག་སྐྱེད་བྱུང་སྟེ་ཕ་ཡུལ་དུ་ལོག་ཡོད་ནའང་། ཉེ་སྔོན་གློ་བུར་དུ་ནད་གཞི་ཇེ་སྡུག་ཏུ་གྱུར་ཏེ་སྐུ་གྲོངས་ཡོད་འདུག

དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ལགས་ནི་མདོ་སྨད་མཚོ་སྔོན་མཚོ་ལྷོ་ཁུལ་རྨོག་རུ་སྡེ་བ་ནས་ཡིན་པ་དང་། ད་ལྟ་དགུང་ལོ་ ༤༧ ཡིན་འདུག  ཁོང་ནི་མདོ་སྨད་དྷཱིཿཚ་དགོན་ཆེན་གྱི་བཀའ་བཅུ་རབ་འབྱམས་པའི་མཚན་བཏགས་བཞེས་མཁན་གྱི་དགེ་བཤེས་དང་པོའི་གྲས་ཡིན་པ་དང་། དྷཱིཿཚ་དགོན་དུ་ཕྱག་མཛོད་ཀྱི་འགན་ཁུར་ལོ་ངོ་བཅུ་གྲངས་ལྷག་ལ་ཁུར་མྱོང་ཡོད་ལ། ཤར་ཙོང་ཁའི་སྐྱེས་རི་སྙིང་རྗེའི་རོགས་སྐྱོར་ཚོགས་པའི་ཚོགས་གཞོན་གྱི་འགན་ཁུར་ཏེ་ས་གནས་ཁག་གི་དབུལ་ཕོངས་སློབ་མ་དང་རྒན་རྒོན་བདག་མེད་བཅས་ལ་རོགས་སྐྱོར་གྱི་ཕྱག་ལས་གང་མང་གནང་ཡོད་པ་མ་ཟད། ས་གནས་སོ་སོའི་སློབ་གྲྭ་ཆུང་འབྲིང་གི་གདན་ཞུས་ལྟར་ལོ་མང་རིང་དགེ་རྒན་གྱི་ཕྱག་ལས་གནང་པ་དང་། ལོ་ཤས་གོང་ནས་ཨེ་ཤ་ཡའི་ཚོགས་པ་ཞིག་གི་བརྒྱུད་ལམ་ཐོག་མཚོ་སྔོན་ཁྲི་ཀ་རྫོང་སྟོང་ཆེ་སློབ་གྲྭའི་དགེ་རྒན་དུ་གདན་ཞུ་གནང་སྟེ་སློབ་ཁྲིད་གནང་བཞིན་ཡོད་འདུག

དགེ་བཤེས་ཁོང་ ༢༠༠༦ ལོར་རྒྱ་གར་དུ་འབྱོར་ཏེ་༸གོང་ས་མཆོག་གི་མདུན་ནས་དུས་འཁོར་དབང་ཆེན་ཞུས་ཡོད་པ་དང་། ཕྱིར་ཕ་ཡུལ་དུ་ལོག་རྗེས་སེམས་ཅན་གྱི་པགས་རིགས་མཚམས་འཇོག་དགོས་པའི་ཐད་ས་གནས་དེ་ཕྱོགས་སུ་ནུས་པ་ཆེན་པོ་བཏོན་ཡོད་པ་མ་ཟད།  ༢༠༠༩ ལོར་ཉེ་འབྲེལ་ཁྱིམ་ཚང་ཁག་གི་དངུལ་གྱི་འདོགས་ཆས་ཡོད་ཚད་དངུལ་རྡོག་ཏུ་བཞུས་ཏེ་༸གོང་ས་མཆོག་ལ་དད་རྟེན་དུ་འབུལ་ཆེད་བསྐྱར་དུ་རྒྱ་གར་ལ་ཕེབས་ཡོད་འདུག ད་དུང་། དགེ་བཤེས་ཁོང་གིས་ཉེ་ཆར་རྒྱ་གཞུང་གིས་ས་གནས་འབྲོག་པ་མང་ཚོགས་ལ་དངུལ་གྱི་བསླུ་བྲིད་དང་དྲག་སྤྱོད་འཇིགས་སྐུལ་སོགས་བྱས་ཏེ་རྩྭ་ཐང་བཙན་འཕྲོག་བྱེད་བཞིན་པར་ངོ་རྒོལ་བྱས་ཡོད་པ་དང་། ༢༠༡༡ ལོའི་༸གོང་ས་མཆོག་གི་འཁྲུངས་སྐར་སྐབས་ཁོང་གི་སྣེ་ཁྲིད་ལམ་སྟོན་ལྟར་ས་གནས་མང་ཚོགས་ཀྱིས་ར་ལུག་དང་། ཉ་སོགས་སེམས་ཅན་ཁྲི་ཕྲག་མང་པོ་ཚེ་ཐར་བཏང་སྟེ་༸གོང་ས་མཆོག་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པ་དང་།  མ་འོངས་པར་མཚོ་སྔོན་པོའི་འགྲམ་དུ་༸གོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞིག་སྩོལ་གནང་ཡོང་བའི་གསོལ་འདེབས་སྨོན་ལམ་སོགས་གནང་ཡོད་འདུག

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

ཆུ་ཚོད་ ༦ སྔོན་ལ།
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

༢༠༢༦/༠༧/༠༣
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

༢༠༢༦/༠༧/༠༣
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡

མཆན། 5

  1. རྨེ་གླིང་གདོང་ནག says:
    ལོ་ 14 སྔོན།

    དུས་བབ་ཚང་གི་ཁྱིན་གཞི་ལ་ཡིག་ནོར་མི་རྒྱག་མཁན་ཧ་ཅང་གི་དཀོན་ཚོད་རེད། གངས་ཅན་པ་ཁྱེད་ནི་དེ་བས་ཀྱང་ཡིག་ནོར་གྱི་བང་མཛོད་ཡིན་ས་རེད། ་རྗེས་ཕྱོགས་གཟབ་ན་དགའ། དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ནི་མི་རིགས་ཀྱི་དཔའ་བོ་ཡིན་ལ་མི་ཀུན་གྱི་བཀུར་འོས་པའི་དུས་དྲན་གྱི་རྡོ་རིང་ཡང་ཡིན། དེར་རྟེན་ངས་ཁོའི་ཆེད་དུ་ཤེར་ཕྱིན་ཡི་གེ་གཅིག་མ་ཐེངས་འགར་འདོན་རྒྱུ་ཡིན། ཨ་་་་་་་ཨ་་་་་་ཨ་་་་་་་ཨ་་་་་་ཨ་་་་་་ཨ་་་་་ཨ་་་་་་་ཨ་་་་་་ཨ།

    Reply
  2. ཀུན་དགའ། says:
    ལོ་ 14 སྔོན།

    བཙན་བྱོལ་རང་དབང་ལུང་པར་སྡོད་པའི་བོད་མི་བྱིདང་། ཁྱད་པར་མི་མང་ལ་ལམ་སྟོན་དང་སྣེ་འཁྲིད་པའི་གཞུང་འབྲེལ་ཡིན་མིན་ཚོགས་པ་ཁག་གི་འགོ་འཁྲིད་ཚོས། རྐུབ་སྟེགས་གཅིག་པུ་ལས་བསམ་བློ་ཅུང་རྒྱ་ཆེ་རུ་བཏང་ནས་སྤྱིར་བོད་ཀྱི་་རྩ་དོན་དང་། དམིགས་བསལ་ཁ་སང་དེ་རིང་གི་གཞིས་ལུས་བོད་མིའི་དཀའ་སོགས་ལ་དམིགས་ཏེ་མི་མང་གི་སྣེ་ཁྲིད་ནས་སྣ་མང་རང་བཞིན་གྱི་ལས་འགུལ་གང་ནུས་ནུས་དང་གང་ཐུབ་ཐུབ་ངེས་པར་སྤེལ་དགོས། གོ་སྐབས་དམ་བཟུང་བྱས་ནས་གང་མགྱོགས་ངང་སྤེལ་དགོས། གོ་སྒྲིག་དང་སྣེ་འཁྲིད་མཁན་ཡོད་ན་ནམ་ཡང་མི་མང་ཡོད་ཡོད་པ་རེད། སྐུ་མཁྱེན་ལས་སྣེ་ཚོ། སྣེ་འཁྲིད་རོགས། ལམ་སྟོན་རོགས། རྐུབ་ལྕགས་དང་གོ་དབང་བརྩོན་ལེན་སྐབས་ཀྱི་ནུས་འཇོན་ལྟ་བུ་ཡོད་ན་ད་ལྟ་ཕྱིར་ངོམས་རོགས། བོད་བསྟན་སྲིད་ཀྱི་ཆེད་དུ། ས་ཡ་དྲུག་གི་བདེ་སྡུག་གི་ཆེད་དུ། ཁྱོད་་ཀྱི་མ་འོངས་བུ་རབས་ཚ་རྒྱུད་ཀྱི་ཆེད་དུ། སྐུ་མཁྱེན།ངས་

    Reply
  3. གངས་ཅན་པ་ says:
    ལོ་ 14 སྔོན།

    རྗེསུ་ཡིད་རངས་དང་གདུང་སེམས་མཉམ་བསྐྱེད་གྱི་སྨོན་འདུན་ཡོད་ གསར་འགོད་པ། ཚེ་རིང་རྒྱལ་ལགས་ ཡིག་ནོར་མང་དག་ཤོར་འདུག་པས་ ཐུགས་གཟབ་གནང་རོག་

    Reply
  4. ཤིང་ལོ། says:
    ལོ་ 14 སྔོན།

    མགོན་བསྟན་འཛིན་རྒྱ་མཚོར་གསོལ་བ་འདེབས་སོ།།
    བོད་འབངས་ཀྱི་སྐྱིད་སྡུག་ཐུགས་ཀྱིས་དགོངས་ལ།།
    སྐུ་ཉི་མའི་འོད་བརྒྱའི་སྣང་བ་དཀར་པོ།།
    ད་མྱུར་དུ་གངས་ལྗོངས་གླིང་ལ་ཤར་ན།།

    Reply
  5. རྟ་མགྲིན། says:
    ལོ་ 14 སྔོན།

    དམ་པ་འདི་སླར་ཡང་བོད་ནས་སྐྱེས་ཤིང་། བོད་བསྟན་སྲིད་མི་རིགས་ལ་ཕན་གདགས་པའི་སྐྱེས་མཆོག་ཅིག་ཏུ་འགྱུར་བའི་སྨོན་ལམ་གདུང་ཤུགས་དྲག་པོས་འདེབས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese