མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མདོ་སྟོད་སྤྱི་འཐུས་དམ་འབུལ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༣༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་མདོ་སྟོད་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ཀྱི་ཚབ་ཏུ་མདོ་སྟོད་སྤྱི་འཐུས་སྒུག་ཐོ་དང་པོ་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་ལས་འཁུར་དམ་འབུལ་ཞུས་འདུག  

དེ་རིང་ཞོགས་པའི་ཆུ་ཚོད་ ༩། ༣༠ ཀའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་རྒྱུན་ལས། ཚོགས་དྲུང་བཅས་ལྷན་འཛོམས་ཐོག་ཉེ་ཆར་མདོ་སྟོད་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་དགོངས་ཞུ་གནང་བའི་ཚབ་ཏུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ ནང་གསེས་ ༣ པའི་དགོངས་དོན་ལྟར་། དབུས་འོས་བསྡུ་ལས་ཁང་ནས་མདོ་སྟོད་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་བང་རིམ་དང་པོ་བློ་བཟང་ཡེ་ཤེས་ལགས་ཀྱིས། སྤྱི་འཐུས་ཚོགས་གཙོ་མཆོག་གི་མདུན་ནས་སྐབས་ ༡༥ པའི་མདོ་སྟོད་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་ཡོད་འདུག
སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ནི། ཕྱི་ལོ་ ༡༩༨༨ ལོར་ཧ་པ་སྤུར་གཏན་སློབ་ནས་གཞི་རིམ་སློབ་གྲྭ་ཐོན་ཏེ་སློབ་མ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་མྱོང་ཞིང་། ༡༩༩༢ ལོར་ཅན་ངྷི་སྒར་མཐོ་སློབ་དུ་སྲིད་དོན་ཚན་རིག་ཐོག་རིག་གནས་རབ་འབྱམས་པ་ (B.A) དང་དགེ་རྒན་འོས་སྦྱོང་ (B.ed) སློབ་ཐོན་བྱུང་ཡོད།  སློབ་སྦྱོང་གི་ཞོར་དུ་ཅན་ངྷི་སྒར་ས་གནས་རང་བདེན་ཚོགས་ཆུང་གི་དྲུང་ཆེ་དང་ས་གནས་གཞོན་ལྷན་གྱི་ཚོགས་གཙོ། ཅན་ངྷི་སྒར་ཕྱི་རྒྱལ་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཞོན་བཅས་ཀྱི་ལས་འཁུར་གནང་མྱོང་བ་དང་། ཕྱིས་སུ་སྤོན་ཊ་གཏན་སློབ་ཏུ་ལོ་ཤས་རིང་དགེ་རྒན་གྱི་ཕྱག་ལས་གནང་རྗེས། ༡༩༩༤ ནས་ལོ་ ༦ ལྡི་ལི་བོད་གནས་ཉམས་ཞིབ་ཁང་དུ་ཉམས་ཞིབ་དང་དབྱིན་བསྒྱུར་གྱི་ཕྱག་ལས་གནང་བ་དང་། ༡༩༩༩ ནས་ལོ་ ༦ རིང་སྦེལ་ཀོབ་སེར་བྱེས་སློབ་གྲྭའི་དགེ་རྒན་གྱི་ཕྱག་ལས་གནང་ཡོད།  ༢༠༠༡  ནས་ ༢༠༠༧ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་སྒྲིག་འཛུགས་ཀྱི་འགན་འཛིན་དང་ཚོགས་གཞོན་གྱི་ལས་འཁུར་ཞུས་ཡོད་ཅིང་། སྐབས་དེ་དག་ཏུ་བོད་དོན་དང་འབྲེལ་བའི་ཟས་བཅད་ངོ་རྒོལ་དང་ཞི་བའི་གོམ་བགྲོད། རྔམ་སྟོན་ཁྲོམ་སྐོར། བོད་དོན་གོ་རྟོག་སྤེལ་བའི་ཟབ་སྦྱོང་། རང་བཙན་གོམ་འགྲོས་ཀྱི་སྣེ་ཁྲིད། མཉམ་སྦྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་དོན་སྙན་ཐོ་དང་རྒྱ་ནག་གི་འཁྱོག་བཤད་ཡིག་ཆ་ཁག་ལ་ལན་འདེབས་བཅས་གནང་ཡོད་པ་དང་།  ༢༠༠༢ དང་ ༢༠༠༦ ལོ་སོ་སོར་དུས་འཁོར་དབང་ཆེན་སྐབས་ཀྱི་གཞོན་ལྷན་སྤྱི་ཚོགས་ཞབས་ཞུའི་སྣེ་ཁྲིད་འགན་འཁུར་བ་གནང་བ་མ་ཟད། དེ་བཞིན། བོད་མི་གཞིས་ཆགས་ཁག་དང་སློབ་གྲྭ མཐོ་སློབ་ཁག་བཅས་སུ་བོད་དོན་དྲིལ་བསྒྲགས་དང་ཆབ་སྲིད་གོ་ རྟོགས། རྒྱལ་ཞེན་སློབ་གསོའི་ཟབ་སྦྱོང་སོགས་ལས་འགུལ་སྣ་མང་སྤེལ་ཡོད། ༢༠༠༧ ལོར་གཉན་ནད་རག་དུག་གི་ནད་གཞི་འགོག་ཐབས་སུ་འདེམ་ཀ་ཚོགས་པ་ (CHOICE) གསར་འཛུགས་ལ་རམ་འདེགས་གནང་སྟེ། ད་ལྟའི་བར་ལྷོ་གཞིས་ཁག་ལྔའི་ནད་པར་ལྟ་སྐྱོང་གནང་མུས་སུ་ཡོད།

གསར་འགོད་པ། དོན་གོ

མཆན། 4

  1. གླག་སྨྱོན། says:
    ལོ་ 11 སྔོན།

    སྤྱི་མཐུས་གསར་བ་བློ་བཟང་ཡེ་ཤེས་ལ་བཀྲ་ཤིས་བདེ་ལེགས་ཞུ། སྐུ་ཉིད་ཀྱིས་སྤྱི་ཡི་ལས་དོན་ཐམས་ཅད་ལ་གེགས་མེད་ལམ་འགྲོ་ཡོང་བའི་སྨོན་ལམ་གྲངས་མེད་ཡོད།

    Reply
  2. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 11 སྔོན།

    སྤྱི་འཐུས་གསར་བ་བློ་བཟང་ཡེ་ཤེས་ལགས་སུ་སྙིང་ནས་རྟེན་འབྲེལ་ཞུ། རྒན་ལགས་ནི་དངོས་གནས་ཤེས་འཇོན་གཉིས་ལྡན་ཞིག་རེད་བསམ་ཡོད།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 11 སྔོན།

    བློ་བཟང་ཡེ་ཤེས་ལགས་མདོ་སྟོད་སྤྱི་འཐུས་ལ་སླེབས་པར་འཚམས་འདྲི་ཞུ། མི་འདི་ངོ་མ་ཁ་ལག་ཐོད་ཐུག་གི་ལས་ཀ་བྱེད་མཁན་ལྷག་བསམ་རྣམ་པར་དག་པའི་མི་ཞིག་ཡིན་པར་ཡིད་ཆེས་སྔ་མོ་ནས་ཡོད་ལ། སྤྱི་འཐུས་སུ་སླེབས་ན་སྙམ་པའི་རེ་བ་ཡང་སྔར་ནས་ཡོད། ད་ཡང་མི་གོ་ཆོད་ཅིག་གྲོས་ཚོགས་སུ་སླེབས་ཐུབ་སོང་བ་རེད།

    Reply
  4. བསྟན་འཇམ། says:
    ལོ་ 11 སྔོན།

    རྒན་ལགས་སྤྱི་འཐུས་སར་སླེབས་པ་གུས་པའི་བརྟེན་འབྲེལ་ཞུ ། ལྷག་བསམ་གཅིག་པོ་ལས་ཤེས་རིག་བློ་མིག་བཀྲ་ཞིག་ཡིན། གཡུང་དྲུང་རྒྱལ་མཚན་ལས་བརྒྱ་འགྱུར་གྱི་རྒན་བློ་བཟང་ཡི་ཤེས་བཟང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist