རྒྱ་ནག་གཞུང་གིས་རྨ་ལྷོ་རེབ་གོང་དུ་དམག་མི་དང་ལས་བྱེད་མི་སྣ་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེར་བྱེད་ཀྱི་འདུག
སུད་སུ་གནས་སྡོད་ཤ་བོ་རྡོ་རྗེ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཉེ་ཆར་བོད་ཁམས་བྲག་མགོ་དང་གསེར་རྟ། མགོ་ལོག ལྷ་སའི་བར་བསྐོར་བཅས་སུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རིམ་པར་སྤེལ་རྗེས། མདོ་སྨད་རྨ་ལྷོ་རེབ་གོང་ས་ཁུལ་དུ་དེ་དག་ལ་གདུང་སེམས་མཉམ་སྐྱེད་ཆེད་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པའི་གནས་ཚུལ་ཞིག་ཁྱབ་ཡོད་སྟབས། རྒྱ་ནག་གཞུང་གིས་རྒྱའི་ལོ་སར་སྐབས་ཉིན་གྲངས་ ༡༥ ལྷག་གི་གུང་གསེང་སྤྲད་ཡོད་པའི་ལས་བྱེད་ཡོངས་ལ་ཛ་དྲག་གི་གསལ་བསྒྲགས་བསྐྱངས་ཏེ་སྐོང་འགུག་བྱས་ཡོད་པ་མ་ཟད། ཁ་སང་ཕྱི་ཚེས་ ༣ ཉིན་ནས་བཟུང་ལས་བྱེད་ཡོངས་རྫོགས་ནམ་རྒྱུན་ལྟར་སོ་སོའི་ལས་ཁུངས་ནང་འཛོམས་ཏུ་བཅུག་པ་དང་། དགོང་མོ་ལས་བྱེད་པ་ཚོ་དམག་མི་དང་ལྷན་དུ་རྨ་ལྷོ་ཁུལ་གྱི་སྲང་ལམ་གང་སར་བགོས་ཏེ། དམག་མི་དང་ལས་བྱེད་པ་བརྒྱ་ཕྲག་མང་པོས་མཚན་གང་བོར་རེས་མོས་ཀྱི་ལྟ་རྟོག་དང་དམ་དྲག་ནན་མོ་བྱེད་ཀྱི་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་གསལ་ལྟར་ན། ༢༠༡༢ ལོའི་ལོ་སར་སྐབས། མདོ་སྨད་རྨ་ལྷོ་རེབ་གོང་ཁུལ་གྱི་བོད་མི་ཚོས། སྔར་ལོར་བོད་ནང་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་དང་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར། ཆོས་ལུགས་ཀྱི་བྱེད་སྒོ་ཙམ་ལས་རྒྱས་སྤྲོས་ཀྱི་རྣམ་པ་ཅི་ཡང་མེད་པའི་ཐོག་ལོ་སར་བཏང་ཡོད་པ་མ་ཟད། རེབ་གོང་སྐྱབས་མགོན་གཙོས་བླ་མ་མང་པོ་ཞིག་ཀྱང་ལོ་སར་སྐབས་རང་རང་གི་ཁྱིམ་དུ་ཕེབས་ཏེ་བཞུགས་ཡོད་འདུག
གསར་འགོད་པ། དོན་གོ
ཧ་ཅང་གི་སྡུག་རྩུབ་ཆེ་བའི་རྒྱ་གཞུང་ནི་གསོན་འདྲེ་ཞིག་དང་མཚུངས། ང་ཚོ་བོད་ལ་ཡོད་པའི་དཔའ་བོ་དང་དཔའ་མོ་དེ་དག་ཉིན་རེ་བཞིན་ཚེ་སྲོག་ཤོར་བ་ཇེ་མང་རེད། ཕྱིར་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་སྒོར་མོ་ལ་རྔམས་ནས་མ་བསྡད་པར་རང་རིགས་སྤུན་ཟླ་རྣམས་ཀྱི་ཚེ་སྲོག་ཤོར་ཟིན་པ་དང་ཤོར་བཞིན་པ་རྣམས་ཀྱི་ཆེད་དུ་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་བསྒྲགས་ཤུགས་ཆེན་པོའི་སྒོ་ནས་བྱེད་ཐུབ་་ཡ་གི་ལས་ལ་བརྩོན་རོགས་གནང་།
བོད་ཀྱི་གང་ས་གང་དུ་ཞི་བའི་ཡར་ལངས་གཅིག་པུའི་མི་ཆོག་པར། ཡིག་ངག་གཉིས་ཀྱི་ཐོག་ནས་གཞུང་ལ་ང་ཚོའི་འདོད་པ་གང་ཡིན་པ་དེ་བཤད་རྒྱུ་གལ་ཆེན་རེད། དེ་ནི་གཙོ་བོ་རྒྱ་རིགས་བོད་རིགས་སུ་ཡིན་ནའང་ཤེས་ཡོན་པ་ཚོ་ལ་འགན་ཡོད་པ་རེད། བོད་ཡར་ལངས་བྱེད་རྒྱུ་རེད། རྒྱ་དམག་གིས་གསོད་རྒྱུ་རེད་ཟེར་ནས་བཞག་ན་མི་འགྲིག གཙོ་བོ་གང་ན་འགྲིག་གི་མེད་ན་དེ་ཐག་གཅོད་དགོས་རྒྱུ་རེད་མ་གཏོགས། ད་དུང་ཡར་ལངས་ཡར་རྒྱས་ལ་འགྲོ་རྒྱུ་ཐག་ཆོད་རེད།
མདོ་ཁམས་ཆིག་སྒྲིལ་གྱིས་ཞི་བའི་ངོ་རྒོལ་འདི་༢༠༡༡ ནས་མགོ་བཟུང་སྟེ་མུ་མཐུད་དུ་ངོ་འབྱུངས་དང་འབྱུང་བཞིན་པ་རེད། འདི་ལ་དངོས་ཐོག་ནས་གྲུབ་བཟང་པོ་ཞིག་མི་རིང་བར་འབྱུང་བའི་སྨོན་ལམ་དང་ནུས་ཤུགས་གཅིག་བསྒྲིལ་བྱེད་ངེས།
ཨ་ཁ།་ད་ཡིན་ན་་ཁ་སང་དེ་རིང་ངའི་ཕ་ས་ཕ་ཡུལ་དམག་མིས་ཁེངས་སོང་།
འཛམ་གླིང་མཉམ་སྒྲིལ་རྒྱལ་ཚཽགས་ག་བ་ཡོད་ན།
རེབ་ཀོང་ནང་བཞིན་མདོ་སྨད་ཀྱི་ས་ཁུལ་མཚོ་ཤར་དང་། མཚོ་བྱང་། མཚོ་ནུབ། མཚོ་ལྷོ་སོགས་རོང་འབྲོག་ཐམས་ཅད་ནས་ཡར་ལངས་ཐུབ་ན་ཅི་མ་རུང་།
ཆིག་སྒྲིལ་གྱི་སྟོབས་ཤུགས་ནི་ཟླ་མེད་ཀྱི་གནམ་ལྕགས་དང་མཚུངས།
བོད་ས་ཡོངས་སུ་འདི་ལྟར་གནང་པ་ཡིན་ན་ཆིག་སྒྲིལ་ནི་སྟོབས་ཤུགས་ཡིན་ཟེར་པ་ལྟར་དམར་གཞུང་ཚང་གི་ཅི་ལྟར་སྒྲུབ་དགོས་མིན་མི་ཤེས་པ་ཞིག་འབྱུང་ངེས་རེད། བོད་རྩམ་ཟན་ཟེར་པ་འདི་འདྲ་ལས་ལ་བརྩོན་ཞིག་དཔའ་ངར་ལྡན་ཞིག་ཡིན་པ་ནི་ཡབ་མེས་ཚོས་སྐབས་ལ་གཟིགས་དང་ཤེས་ངེས་ཡིན། སྤུན་ཟླ་ཚོ་ཆིག་སྒྲིལ་གལ་ཆེན་རེད།