མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནོན་ཤུཊ་སྤྲོད་རྒྱུའི་འགན་མང་ཙམ་ལེན་རོཊ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་ལ་གནོན་ཤུགས་སྤྲོད་རྒྱུའི་འགན་མང་ཙམ་ལེན་རྒྱུའི་རེ་སྐུལ་ཞུས་ཡོད།

ཁ་སང་ཕྱི་ཚེས་ ༦ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཉེ་ལམ་གསེར་རྟ་རྫོང་དུ་བོད་མི་གསུམ་གྱིས་རང་ལུས་མེར་བསྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པའི་སྐོར་ལ་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། གསལ་བསྒྲགས་ནང་། ཟླ་འདིའི་ཕྱི་ཚེས་ ༣ ཉིན་གསེར་རྟ་རྫོང་ཕུ་འུ་ཤང་དུ་བོད་མི་གསུམ་གྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་རྗེས། རྒྱ་ནག་གཞུང་གིས་ས་གནས་གང་སར་དམག་མི་འགྲེམས་འཇོག་གིས་བོད་མིའི་འགྲུལ་བཞུད་དང་བརྒྱུད་ལམ་བཀག་སྡོམ་བྱས་ཡོད་པའི་སྐོར་དང་། ཕྱི་ཚེས་ ༤ ཉིན་སེར་ཤུལ་རྫོང་དབོན་པོ་ཤང་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་དང་། ཡིག་ཆ་སྦྱར་འགྲེམས་གྱི་གནས་ཚུལ་བྱུང་བ་ནས་དགོན་གྲོང་གཉིས་ལ་དམ་དྲག་བཀམ་སྡོམ་བྱེད་ཀྱིན་པའི་སྐོར། དེ་བཞིན། ཉེ་ཆར་བོད་རང་སྐྱོང་ལྗོངས་དམར་ཤོག་དང་སྲིད་གཞུང་གིས་དཔྱིད་གསར་དུས་ཆེན་དང་། ཕྱི་ཟླ་ ༣ བཅས་སུ་འབྲེལ་ཡོད་གཏན་འབེབས་གཟབ་ནན་གྱིས་ལག་བསྟར་བྱེད་དགོས་པའི་ཛ་དྲག་བརྡ་ཐོ་དང་། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་བཀོད་སྒྲིག་བྱས་པའི་བརྟན་ལྷིང་སྲུང་སྐྱོབ་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ལག་ལེན་དོན་འཁྱོལ་དགོས་པའི་ཛ་དྲག་བརྡ་ཐོ་གཉིས་ཀྱི་ནང་།བརྟན་ལྷིང་སྲུང་སྐྱོབ་ཆེད་ལག་གང་སྔ་བརྩད་དེ། རང་འགུལ་གྱིས་ཕར་རྒོལ་བྱ་དགོས་ལུགས་དང་། བརྟན་ལྷིང་བཀོད་འདོམས་ཀྱི་འབྲེལ་ཡོད་ལས་ཁུངས་དང་། ལས་ཁུངས་ཁག གྲོང་གསེབ་བཅའ་སྡོད་ལས་དོན་རུ་ཁག དགོན་སྡེ་དོ་དམ་ཨུ་ལྷན་བཅས་ཀྱི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ།གནད་དོན་བྱུང་མཚམས་འཕྲལ་དུ་ཐག་གཅོད་དང་སྙན་སེང་། བརྟན་ལྷིང་སྲུང་སྐྱོབ་ཀྱི་ལས་དོན་འཐུས་ཤོར་གཏོང་མཁན་རིམ་པའི་ལས་བྱེད་དག་འཕྲལ་མར་ལས་གནས་ཕྱིར་ཕུད་དང་། ཚབས་ཆེའི་རིགས་སྲིད་ཁྲིམས་ཚན་པས་ཉེས་དོན་འགན་ཁུར་བརྩད་ཞིབ་བྱ་རྒྱུ་ཡིན་ཚུལ་སོགས་ཞིབ་ཕྲར་བཀོད་འདུག  

ཡང་གསལ་བསྒྲགས་ནང། རྒྱ་གཞུང་གིས། དུས་རབས་ ༢༡ ནང་ད་དུང་དྲག་ཤུགས་ཁོ་ནར་ཡིད་ཆེས་བྱས་ཏེ། དཀའ་རྙོག་རྣམས་འབུར་འཇོམས་དང་དམ་དྲག དྲག་གནོན་ཁོ་ནས་མེད་པར་བཟོ་ཐབས་བྱེད་པ་དང་། རྫུན་དང་ཧམ་པ། དཀར་ནག་གོ་ལྡོག་གི་དྲིལ་བསྒྲགས་སྤེལ་བཞིན་ཡོད་པ་དང་། སྔར་ལོ་བོད་ནང་སྐྱ་སེར་ཕོ་མོ་ ༡༩ ཡིས་རང་ལུས་མེར་བསྲེག་བཏང་བའི་ཁྲོད་སེར་སྐྱ་ ༡༣ འདས་གྲོངས་དང་། བོད་མི་ ༦ གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། ལོ་གསར་བའི་ནང་སྤྱི་བདེ་ལས་བྱེད་དང་དྲག་ཆས་ཉེན་རྟོག་པས་བོད་མི་ཞི་རྒོལ་བའི་སྟེང་གང་བྱུང་མེ་མདའ་བརྒྱབ་སྟེ། ཉུང་མཐར་བོད་མི་ ༥ དམར་གསོད་དང་བོད་མི་མང་པོར་རྨས་སྐྱོན། གཞན་མང་པོ་ཞིག་འཛིན་བཟུང་བཙན་ཁྲིད་སོགས་བྱས་ཏེ། ད་ཆར་ཞི་རྒོལ་བྱུང་ཡུལ་ས་ཁུལ་ཁག་ཏུ་མངོན་གསལ་མིན་པའི་དམ་དྲག་གནས་ཡོད། གལ་སྲིད། རྒྱ་གཞུང་གིས་མུ་མཐུད་བོད་མིའི་ཐོག་དྲག་གནོན་དང་བོད་དོན་འགྲིག་འཇགས་ལ་དུས་འགྱངས་བྱས་ཚེ། དེ་ལས་བྱུང་བའི་ངན་འབྲས་མཐའ་དག་རྒྱ་གཞུང་གིས་འགན་ཁུར་ལེན་དགོས། ཞེས་སོགས་བཀོད་འདུག

གསལ་བསྒྲགས་ཀྱི་མཇུག་ཏུ།  ཉེ་ཆར་སྤྱི་ལྷན་གྱིས་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་བསམ་ཚུལ་དང་དགོས་འདུན་ཁག་གསལ་སྟོན་བྱས་ཏེ། ལྡི་ལིར་རྒྱ་ནག་གཞུང་ཚབ་ལ་བོད་ནང་གི་ཛ་དྲག་གནས་སྟངས་ཞུ་སྐུལ་ཆེད་ཐུག་འཕྲད་དུ་བསྐྱོད་སྐབས། རྒྱ་ནག་གཞུང་ཚབ་ཀྱིས་སྤྱི་ལྷན་སྐུ་ཚབ་ལ་ཐུག་འཕྲད་མ་བྱས་པ་མ་ཟད། གཞུང་ཚབ་གཞན་དག་ལ་ཡི་གེ་བཏང་སྟེ་ཐུག་འཕྲད་མི་བྱེད་པའི་སྐུལ་སློང་བྱས་པ་མ་ཟད། རྒྱལ་སྤྱིའི་རྟོག་ཞིབ་ཚོགས་ཆུང་བོད་ནང་གཏོང་རྒྱུའི་འབོད་སྐུལ་རིམ་པར་སྣང་མེད་བཏང་ཡོད། གལ་སྲིད། རྒྱ་གཞུང་གིས་བོད་ནང་ཞི་བདེ་ལྷིང་འཇགས་ཀྱི་ཁོར་ཡུག་ཞིག་དགོས་གལ་མཐོང་ཚེ། དམག་དཔུང་ཕྱིར་འཐེན་དང་དྲག་གནོན་མཚམས་འཇོག  གཞུང་ངོས་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་སྒྲོ་སྐུར་གྱི་རྫུན་སྒྲོག་མི་བྱེད་པར། སྲིད་འཛིན་ཧུའུ་ལ་ཕུལ་བའི་སྙན་ཞུའི་ནང་དོན་ལྟར་བོད་མིའི་སྐུ་ཚབ་བོད་ནང་གཏོང་རྒྱུའི་སྐོར་ལ་ནན་སྐུལ་གནང་ཡོད་པ་དང་། རང་དབང་མང་གཙོའི་སྲིད་གཞུང་དང་གྲོས་ཚོགས་བཅས་ནས་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཡོངས་ཁྱབ་རིན་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་ཐད་གནོན་ཤུགས་སྤྲོད་ཐབས་ཀྱི་འགན་འཁུར་མང་ཙམ་ལེན་རྒྱུའི་རེ་སྐུལ་སོགས་གནང་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 1

  1. ཤིང་ལོ། says:
    ལོ་ 14 སྔོན།

    ཐེངས་གཅིག་གིས་ག་ལ་ཆོག རྦད་དེ་གཞུང་ཚབ་ཁང་ཁག་གི་སྒོ་འགྲམ་ནས་ཉལ་བཞག་དགོས་ཀྱི་རེད། བོད་གཞིས་བྱེས་གཉིས་ཀྱི་སྐུ་ཚབ་ཚོ་ད་འདུག་རན་ཞིག་མིན། འདི་དག་གི་སྐབས་དབྱིན་སྐད་མཁྱེན་མཁན་ཚོ་རྒྱུགས་དགོས་ཀྱི་འདུག སྤྱི་འཐུས་དབྱིན་སྐད་མི་མཁྱེན་ནི་ཚོས་ཀྱང་འཇོན་ཚད་ཀྱིས་རྒྱུགས་དགོས། སྐུ་མཁྱེན་ད་བཤད་བྱེད་ཀྱི་ལྕེ་ཁ་ནང་ལ་བཞག་འདུག་གཱ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese