མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་ཆེན་དུ་ལྷག་དཀར་སྲུང་བརྩི།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ལྷག་པའི་ཉིན་ཡུལ་ཤུལ་ནང་ཆེན་རྫོང་དུ་བོད་མི་ཚོས་བོད་ལྭ་གྱོན་པ་དང་བསང་གསོལ་བཏང་བ། མཆོད་འབུལ་སོགས་བྱས་ཏེ་ལྷག་དཀར་སྲུང་བརྩི་བྱས་འདུག

བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༨ ཉིན་སྟེ་གཟའ་ལྷག་པའི་ཉིན། བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་འོག བཞུགས་སྒར་ངྷ་རམ་ས་ལ་གཙོས་བཙན་བྱོལ་བོད་མི་འདུས་སྡོད་ས་གནས་ཡོངས་སུ་ཉིན་གཅིག་དུས་གཅིག་ཏུ་ལྷག་དཀར་སྲུང་གཙི་དང་མཉམ་དུ། ད་བར་བོད་ནང་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་རྣམ་པ་གཙོས། བོད་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏོང་བྱས་པ་དང་། རྒྱའི་བཙོན་འོག་ཏུ་མནར་གཅོད་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་རྗེས་དྲན་ཆེད། གཞི་རྒྱ་ཆེ་བའི་མཆོད་འབུལ་སྨོན་ལམ་དང་མར་མེ་ཁྲོམ་སྐོར་གནང་བཞིན་པའི་སྐབས་དང་སྟབས་བསྟུན་ཏེ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཐོག་ཏུ། བོད་མི་ཚོས་རྒྱ་གཞུང་གི་དམ་དྲག་འོག་གནས་ཡོད་མིན་ལ་མ་ལྟོས་པར། ནང་ཆེན་རྫོང་ཐོག་ཏུ་ཡོད་པའི་སྐྱ་སེར་བོད་མི་ ༥༠༠ ཡས་མ་ཤིག་གིས། བོད་ལྭ་གྱོན་པ་དང་བོད་ཟས་འཁུར་ཏེ་རྫོང་ཐོག་ཏུ་ཡོད་པའི་ལུས་རྩལ་ཐང་ཆེན་དུ་འཛོམས་ཏེ། དགོང་དྲོའི་ཆུ་ཚོད་ ༧ པ་བར་རྒྱལ་བའི་གསོལ་འདེབས་དང་མ་ཎི་སོགས་ཞལ་འདོན་སྐྱོར་ཡོད་པ་མ་ཟད། རྫོང་གི་ཉེ་འགྲམ་དུ་ཡོད་པའི་དགོན་པ་ཁག་ཏུ་མཆོད་འབུལ་དང་བསང་གསོལ་བཏང་བ་སོགས་བྱས་ཏེ་ལྷག་དཀར་སྲུང་བརྩི་བྱས་འདུག 

ཁ་སང་མི་མང་མང་པོ་འདུ་འཛོམས་བྱས་རྗེས། ཡུལ་ཤུལ་ས་གནས་སྲིད་གཞུང་གིས་བཀོད་མངགས་ལྟར། དམག་མི་སྟོང་ཕྲག་མང་པོ་རྫོང་གི་སྲང་ལམ་དང་ལུས་རྩལ་རྭ་བའི་མཐའ་བསྐོར་ཡོངས་སུ་འགྲེམས་འཇོག་ལྟ་རྟོགས་བྱས་ཡོད་ཀྱང་། བོད་མི་ཚོས་སྣང་མེད་ངང་གསང་གསོལ་དང་མཆོད་འབུལ་བྱས་པ་ལས་ངོ་རྒོལ་ལས་འགུལ་སྤེལ་མེད་སྟབས། མི་སྣ་འཛིན་བཟུང་གི་གནས་ཚུལ་ཅི་ཡང་ལྷག་མི་འདུག

ལྷག་དཀར་ལས་འགུལ་འདི་ནི། བོད་ཕྱི་ནང་གཉིས་སུ་དར་ཁྱབ་ཆེ་པའི་ལས་འགུལ་ཞིག་ཡིན་ཞིང་། བོད་ནང་ལ་མཚོན་ན། བོད་མི་ཚོས་ནམ་རྒྱུན་གཟའ་ལྷག་པའི་ཉིན་བོད་ལྭ་གྱོན་པ་དང་བོད་ཟས་ཟ་བ། མཆོད་འབུལ་སོགས་བྱེད་སྒོ་འདྲ་མིན་ཐོག་སྲུང་བརྩི་བྱེད་བཞིན་པ་མ་ཟད། ཉེ་བའི་ཆར་ཁ་པར་གྱི་ལམ་ནས་བོད་སྐད་གཙང་མ་བཤད་པ་དང་བོད་ཡིག་བྲིས་ཏེ་ཕན་ཚུན་ལ་འཚམས་འདྲིའི་འཕྲིན་ཐུང་བསྐུར་བ་སོགས་ཀྱི་ལྷག་དཀར་ཉིན་མོ་སྲུང་བརྩི་བྱེད་ཀྱི་ཡོད་འདུག

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 6

  1. ཚངས་སར་འཕྲིན་ལས། says:
    ལོ་ 14 སྔོན།

    བདུད་རྡོ་ལགས་གནས་ཚུལ་འདི་འོད་ཟེར་གྱིས་རྣ་བས་ཉན་ནས་བསམ་བློ་གཏོང་སྟེ་གོ་བ་ཡིན་རྒྱུ་རེད། ལྷག་པར་མོ་ལ་ཕྱོགས་སུ་མ་ལྷུང་བའི་མི་རིགས་ཀྱི་བདེ་སྡུག་ཉན་བྱེད་ཅིག་དང་མཐོང་བྱེད་ཡོད་པའི་དབང་གི་གོ་བ་ལས་ཟུར་ཟ་དང་ཕྲག་དོག་གིས་ལྷད་པའི་མུག་བཤད་ཅིག་དུས་ནམ་ཡང་བྱེད་མི་སྲིད། གོ་བ་གྱིས་ཤིག

    Reply
  2. ཤར་མདའ། says:
    ལོ་ 14 སྔོན།

    འདི་ནི་བོད་མི་རིགས་ཀྱི་རིགས་གཞུང་ཉམ་ཆགས་སུ་སོང་བ་དག་ཉམ་གསོའི་ཐབས་ལམ་ཡག་ཤོས་ཞིག་ཡིན་པས་ཡི་རང་ཡོད་པར་མ་ཟད་དགའ་སྤྲོའི་ངང་ལྟས་ནས་ཡོད།  འདི་ལྟར་བོད་མདོ་དབུས་ཁམས་གསུམ་དུ་ལས་འགུལ་འདི་འདྲ་སྤེལ་ཐུབ་ན་དགེ་མཚན་ཆེ་བས་གང་ནུས་ཀྱི་བསྒྲགས་ཀྱི་གལ་ཆེན་རེད།

    Reply
  3. བདུད་རྡོ། says:
    ལོ་ 14 སྔོན།

    ལྷག་དཀར་སྲུང་བརྩི་འདི་དངོས་ནས་ཡག་པོ་འདུག།འོད་ཟེར་ཟེར་བ་མོས་ག་འདྲ་བྱས་ནས་གོ་ཡིན་ན།

    Reply
  4. སྣང་རྒྱལ་ཤེར་དགེ says:
    ལོ་ 14 སྔོན།

    གནས་ཚུལ་འདིའི་ཁ་བྱང་མཐོང་བ་དང་ནང་དོན་ལ་བལྟ་འདོད་ཆེན་པོ་བྱུང་སྟེ་ཐོག་གི་ཡིག་འཕྲེང་(བོད་ཆོས་གྱོན་པ་དང་གསང་གསོལ་བཏང་བ། དགོན་པ་མཆོད་འབུལ་)འདི་ཀློག་སྐབས་ཚིགས་འཕྲེང་ཉུང་ངུ་འདིའི་ནང་དུའང་ཡིག་ནོར ༼ཆོས༽དང་༼གསང༽། ད་དུང་ལ་དོན་གྱི་ཕྲད་ཆད་པའི་༼པ༽སོགས་གསུམ་བྱུང་འདུག་པས་ཀློག་འདོད་མེད་པར་གྱུར་སོང་། རྩོམ་ཡིག་གཞན་ཁག་ཀྱང་དེ་དང་གཅིག་མཚུངས་རེད། དེང་སང་དུས་བབས་ཚང་གི་སྤུས་ཚད་དངོས་གནས་ཞན་དུ་འགྲོ་གིན་འདུག རྩོམ་སྒྲིག་པ་དང་གསར་འགོད་པ་ཚོས་དོ་སྣང་མང་ཙམ་གནང་རོགས། ཀློག་པ་པོ་མང་པོ་ཞིག་གིས་འདི་ལྟར་བསམ་འཆར་ཕུལ་འདུག་པ་མཐོང་སོང་ལ་ངས་ཀྱང་ཐེངས་མར་པོར་ཕུལ་བ་ཡིན། འོན་ཀྱང་ཤུགས་རྐྱེན་ཐེབས་མེད་པ་འདྲ་བོ་འདུག སྐུ་མཁྱེན། ད་བོད་ཡིག་ལ་རྨ་ཁ་མ་བཟོ་རོགས། འདི་ང་ཚོའི་སྲོག་རྩ་ཡིན། སྐུ་མཁྱེན་སྐུ་མཁྱེན།

    Reply
  5. ཤིང་ལོ། says:
    ལོ་ 14 སྔོན།

    ༼བོད་ཀྱི་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་མང་ཡིན།༽མི་འབོར་གྱི་ཆ་ནས་དང་། བསམ་བློའི་ཆ་ནས།། ས་ཡི་ཆ་ནས། སེམས་ཤུགས་དང་སྙིང་སྟོབས་ཀྱི་ཆ་ནས། ལ་རྒྱ་དང་ལྷག་བསམ་གྱི་ཆ་ནས། མདོར་ན་གང་གི་ཆ་ནས་ཡིན་ནའང་གཞིས་ལུས་རྒྱ་ཆེའི་མི་མང་དངོས་གནས་ཧ་ལས་པ་རེད། ད་ཁོང་ཚོར་མེད་པ་ནི་འཛམ་གླིང་ཕྱི་ཕྱོགས་སུ་དྲིལ་བསྒྲགས་དང་། སྡུག་བསྔལ་དེ་བཤད་ས་དང་ཉན་མི་མེད་པའི་དཀའ་ངལ་རེད། དེ་ང་ཚོའི་སྒྲིགས་འཛུགས་ཀྱི་ལས་ཀ་དངོས་གནས་ཡིན་ཕྱིར། དེ་རིང་ཁ་སང་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས་ཀྱི་རེད་མ་གཏོགས་ལྷག་དཀར་ཀྱི་བསང་གསོལ་དང་། ཁ་འདོན་སུས་ཀྱང་བྱེད་ཐུབ་ཀྱི་རེད། ༼ཁྱི་མི་ཟུག་སྐུན་མས་སྐེ་སོ་བྱས།། ཝ་མི་བརྒྱལ་དྲེ་མོས་རྣ་རྩ་གཏགས་པ་རེད་མ་གཏོགས་ང་ཚོ་ལ་གོ་རྟོགས་གང་ཡོད་དམ། སྐུ་མཁྱེན་བཀའ་སྤྱི་གཉིས་ནས་མུ་འཐུད་དུ་དྲིལ་བསྒྲགས་དང་། རྒྱབ་སྐྱོར་བཙལ་ནས་བོད་ནང་དུ་ཞི་འཇམ་ཡོང་ཐབས་ཤིག་བྱེད་རོགས།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མདང་གི་བསང་གསོལ་དང་། བོད་ཆས་གྱོན། བོད་ཟས་བསྣམས་ནས་ཁ་ཏོན་འདོན་པ་དང་། སྨོན་ལམ་བརྒྱབ་ནས། བོད་དོན་ལས་འགུལ་སྲུང་བརྩི་། ཉིན་གཅིག་དུས་གཅིག་ལ་གནང་བ་འདི་ནི། ཆེས་ཚད་མཐོའི་ལམ་འགུལ་ཅིག་ཡིན་པ་ངོས་འཛིན་ཞུ་འོས་སུ་མཐོང་ལགས་ན། ཐུགས་རྗེ། བཀའ་དྲིན་ཆེ་ཞེས་ཞུའོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese