མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཛ་དྲག་ཏུ་མ་གཟིཊ་པ་ཨེ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

 བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༤༥ སྟེང་གི་རྩོམ་སྒྲིག་པའི་གཏམ།

དབུས་བོད་མིའི་སྒྲིག་འཛུགས་འདིས་བོད་ནང་གི་གནས་ཚུལ་ཛ་དྲག་ཏུ་མ་གཟིགས་པ་རེད་དམ། ཡང་ན་འདི་ལས་ལྷག་ཅིག་གནང་རྒྱུ་མེད་སོང་བ་རེད། བོད་ནང་གནས་ཚུལ་རེ་བྱུང་སྐབས་ཕྱི་རྒྱལ་གཞུང་ཚབ་ཁག་ཏུ་ཞུ་ཡིག་རེ་ཕུལ་བ་དང་། བོད་མིའི་གཞིས་སྒར་ཁག་ཏུ་མཆོད་འབུལ་རེ་བྱེད་པ། ངྷ་ས་གཙུག་ལག་ཁང་དུ་མ་ཎི་རེ་བགྲང་བ་ཙམ་གྱིས་རྒྱ་ནག་ལ་སྒུལ་ཤུགས་མི་ཐེབས་ལ། རྒྱལ་སྤྱིར་དྲིལ་བསྒྲགས་ཀྱང་མི་ཡོང་། ཐ་ན་ཤི་བོའི་དགེ་རྩ་མི་འགྲུབ་ལ། གསོན་པོའི་སེམས་གསོ་ཡང་མི་ནུས།

    རྒྱལ་དམངས་ཀྱི་ཚེ་སྲོག་གཞན་ལག་ན་རྩེ་མོའི་ཞོར་ལ་ཤོར་བཞིན་པའི་སྐབས་འདིར། མི་མང་གི་སྐུ་ཚབ་ཁ་རུ་འཁྱེར་བའི་གཞུང་ངམ་སྒྲིག་འཛུགས་ཤིག་གིས་འདི་ལས་ལྷག་པའི་ཛ་དྲག་གི་གནས་ཚུལ་གཞན་ཞིག་ལ་རེ་སྒུག་བྱེད་ཀྱི་ཡོད་ན་ནི། ད་ལྟའི་གཉན་འཕྲང་གི་དུས་ཚོད་འདིར་དེ་འདྲའི་སྒྲིག་འཛུགས་ཤིག་བོད་པ་ཚང་ལ་དགོས་མཁོ་ཡོད་མེད་དཔྱད་གཞི་རེད་ལ། མུ་མཐུད་བོད་མི་དམངས་ཀྱི་ཚབ་མཚོན་སྒྲིག་འཛུགས་ཤིག་ཏུ་རྒྱུན་གནས་ཐུབ་མིན་ཡང་དོགས་གནས་རེད།

    ང་དགུ་ལོ་ནས་ད་ལྟའི་བར་གྱི་བོད་པའི་འཐབ་རྩོད་ཀྱི་བྱུང་རིམ་ཧྲིལ་པོར་ཕྱིར་བལྟས་ཤིག་བྱས་ན། ལོ་རྒྱུས་ཀྱི་དཀྱོགས་མཚམས་རེ་རེར་གཞུང་དང་སྒྲིག་འཛུགས་ཀྱིས་འཐུས་ཤོར་ལ་བཏང་བ་དང་། རྣམ་དཔྱོད་རིག་པའི་རྣོ་དཔལ་གྱིས་མ་འདང་བར་གྱོང་གུད་རག་པ་ཁོ་ན་ལས། མི་དམངས་མང་ཚོགས་ཀྱི་སེམས་ཤུགས་དང་བློས་གཏོང་གིས་མ་འདང་བར་ཕྱིར་འགྱེད་བྱས་པ་སྔར་ཡང་བྱུང་མྱོང་མེད་ལ་ཕྱིས་ཀྱང་འབྱུང་མདོག་མེད་མོད། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ད་དུང་བསྔོ་སྨོན་མཆོད་འབུལ་རེ་བྱས་ཏེ་ཉིན་འགྱངས་ཞག་ཕུད་བྱེད་ཀྱི་ཡོད་པ་ལྟར་ཁུ་སིམ་མེར་འཇམ་ཐིང་ངེར། 

    བོད་མི་ཞིག་ལ་མཚོན་ན་ཕྱག་མཆོད་འབུལ་ནི། རྒྱུན་ལྡན་འཚོ་བའི་ཆ་ཤས་ཙམ་ལས་རྩ་དོན་ཆབ་སྲིད་ཀྱི་ལས་འགུལ་ཞིག་ཏུ་བརྩི་སྲོལ་མེད་ལ་བརྩི་རིན་ཡང་མེད་མོད། ཁ་སང་དེ་རིང་གཞུང་དམངས་གཉིས་ཀས་བསྔོ་སྨོན་མཆོད་འབུལ་ལ་རེམ་གྱི་ཡོད་པ་འདིས། རིམ་གྱིས་ད་ལྟའི་སྐད་འབོད་དང་མར་མེ་ཁྲོམ་སྐོར་འདི་ཡང་ཉམས་ཏེ། བཙན་བྱོལ་ནང་གི་ན་གཞོན་ཚོས་བོད་དོན་ལས་འགུལ་ཟེར་དུས་བསྔོ་སྨོན་མཆོད་འབུལ་ཞིག་ཏུ་འདོད་པ་དང་། བསྔོ་སྨོན་མཆོད་འབུལ་མཐོང་དུས་བོད་དོན་ལས་འགུལ་ཞིག་ཏུ་མཐོང་མི་སྲིད་པའི་ངེས་པ་ཡང་མེད་པའི་ཚོད་དུ་བསླེབས་ཡོད།

            བོད་ནང་གི་བོད་མི་ཚོས་དུས་དང་ནམ་པ་ཀུན་ཏུ་ཕྱི་ལོགས་སུ་ཆུ་བུར་མིག་གིས་བལྟས་བསྡད་ཡོད་ལ་དམར་ཆུང་སྙིང་གིས་ཉན་བསྡད་ཡོད། གོ་སྐབས་ཀྱིས་ང་ཚོར་མི་བསྒུག་པའི་གནས་ལུགས་ལ་ངོས་ལེན་བྱས་ཏེ། ད་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཉི་གདུགས་གཅིག་གི་འོག་ནས། རྒྱ་བལ་འབྲུག་གསུམ་ཁུལ་གྱི་བོད་མི་སྡེབ་ལངས་ཀྱིས་བོད་ནང་ཞི་བའི་གོམ་བགྲོད་ཆེན་མོ་མགོ་འཛུགས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་མཉམ་སྡེབ་ཀྱིས་ཞི་བའི་རྔམ་སྟོན་ཁྲོམ་སྐོར། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་སྣེ་ཁྲིད་དེ་ཟས་བཅད་ངོ་རྒོལ་སོགས་གནང་བའི་དུས་སུ་བསླེབས་ཡོད།

འབྲེལ་ཡོད་གསར་འགྱུར།

བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

ཆུ་ཚོད་ ༡༡ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

ཆུ་ཚོད་ ༡༡ སྔོན་ལ།
From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

༢༠༢༦/༠༥/༠༦
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

༢༠༢༦/༠༥/༠༦
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥

མཆན། 1

  1. gyurmey says:
    ལོ་ 14 སྔོན།

    རྩོམ་སྒྲིག་པ་ལགས། ཁྱེད་ཚོས་ཀྱང་འཆར་ཅན་གྱི་སྐད་ཆ་ཤོད་སྟངས་ཞིག་བསྐྱར་བཤད་བྱས་པ་ལས་གསར་བ་ཞིག་གང་ཡང་མི་འདུག ཁྱེད་རང་གིས་གསར་བཤད་གང་ཡང་བྱེད་མ་ཐུབ་པའི་རྒྱུ་མཚན་གང་ལ་ཐུག་ཡོད། དེར་བསམ་བློ་གཏོང་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ལན་བསྐྱོན་མི་དགོས་པར་ཁྱེད་རང་རང་སྟེང་ནས་ལན་གསལ་ཐག་ཆོད་པ་ཞིག་འཐོབ་ངེས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese