མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཞི་ཅིན་ཕེན་བསུ་མཁན་ལ་ཨ་སྒོར་ ༡༠༠ རེ་སྤྲོད།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་རྒྱ་ནག་སྲིད་འཛིན་གཞོན་པ་ཞི་ཅིན་ཕེན་ཨ་རིར་སླེབས་ཡོད་སྟབས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་འདུག 

ཕྱི་ཚེས་ ༡༣ ཉིན་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕེན་ཨ་རིར་སླེབས་ཡོད་པ་དང་། ཕྱི་ཚེས་ ༡༢ ཉིན་ནས་བཟུང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ། བོད་རང་དབང་སློབ་ཕྲུག་ཚོགས་པས་ཞི་ཅིན་ཕེན་ཨ་རིའི་ནང་སླེབས་པར་ངོ་རྒོལ་ལས་འགུལ་སྤེལ་བཞིན་པར་མ་ཟད། ཕྱི་ཚེས་ ༡༤ ཨ་རིའི་ཕོ་བྲང་དཀར་པོའི་མདུན་ཐང་དུ་ཨ་རིར་གནས་སྡོད་བོད་དང་ཡུ་གུར་མི་མང་རྣམས་འདུ་འཛོམས་ཀྱིས། རྒྱ་གཞུང་གིས་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཁག་ལ་དྲག་གནོན་དམར་གསོད་ཀྱི་དབང་སྒྱུར་སྲིད་ཇུས་སྤེལ་བཞིན་པའི་ཐད། རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕེན་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འཆར་ཡོད་པ་དང་། དེ་བཞིན། ཨ་རིའི་ནང་གནས་སྡོད་ཐེ་ཝན་སྤྱི་མཐུན་ལས་དོན་ཚོགས་པའི་གཙོས། ཐེ་ཝན་གྱི་ཚོགས་སྡེ་ཁག་གིས་ཀྱང་མཉམ་འབྲེལ་ཐོག་སྲིད་འཛིན་ཨོ་བྷ་མར་འབོད་སྐུལ་བྱས་ཏེ།   ཉེ་སྔོན་ཐེ་ཝན་སྲིད་འཛིན་འོས་བསྡུའི་སྐབས་ཨ་རིས་མཱ་ཡན་ཅིག་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་པར་ངོ་རྒོལ་དང་། ཨ་རིའི་གཞུང་གིས་ཐེ་ཝན་མི་མང་གིས་རང་ཉིད་ཀྱི་མ་འོངས་མདུན་ལམ་ཐད་ཀྱི་རང་ཐག་རང་གཅོད་ཀྱི་ཁེ་དབང་ལ་བརྩི་མཐོང་བྱེད་དགོས་པ་ནན་སྐུལ་བྱས་ཡོད་འདུག 

གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིར་གནས་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ཨ་རིར་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་གི་སློབ་ཕྲུག་རྣམས་ལ་སྐུལ་སློང་བྱས་ཏེ།  ཕྱི་ཚེས་ ༡༤ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་མདུན་དུ་རྒྱ་ནག་སྲིད་འཛིན་གཞོན་པ་ཞི་ཅིན་ཕེན་ལ་བསུ་བ་བྱེད་དུ་ཡོང་དགོས་པ་དང་།  ཡོང་མཁན་སློབ་ཕྲུག་རེ་རེར་ཉིན་རེར་ཨ་སྒོར་ ༡༠༠ ཡི་གླ་དངུལ་སྤྲོད་རྒྱུ་ཡིན་པ་བསྒྲགས་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 8

  1. འཇའ་ཐང་འབྲོག་བུ། says:
    ལོ་ 11 སྔོན།

    ཡོད་ཚད་དཔལ་འབྱོར་གྱིས་ཉོས་ཏེ་ཨོ་སྦ་མ་ཡང་ས་མཚམས་ངེས་ཅན་ཞིག་ཏུ་སླེབས་ཡོད་པ་འདྲ། ད་ངོ་མ་དཔལ་འབྱོར་དང་རང་དབང་གིས་དབུལ་བའི་འགྲོ་བ་རྣམས་ཀྱིས་ཅི་ཞིག་བྱ་དགོས་སམ།

    Reply
  2. ནད་པ says:
    ལོ་ 11 སྔོན།

    གང་དུ་དྲག་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོད།

    Reply
  3. ཤིང་ལོ། says:
    ལོ་ 11 སྔོན།

    དཔལ་འབྱོར་དང་དབང་ཤུགས་དྲག་ཤུགས་གསུམ།།
    དེང་འཛམ་གླིང་འཛིན་པའི་སྙིང་པོ་ཡིན།།
    ཞི་བདེ་དང་ཆོག་ཤེས་དྲང་བདེན་གསུམ་།།
    ཚེ་ཕྱི་མར་མ་གཏོགས་བེད་སྤྱོད་མེད།།

    Reply
  4. སངྒེ ། says:
    ལོ་ 11 སྔོན།

    བོད་མི་མགོ་བདེ་འགའ་རེ་ལའང་ཨ་སྒོར་༡༠༠་ཐོབ་སྲིད།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ཞི་ཅིན་ཕིན་ཌོ་ལོར་བརྒྱ་སྤྲད་བསུ་རུ་བཅུག
    ཞི་ཅིན་ཕིན་རྒྱ་རིགས་སྐྱག་པས་བསུ་བར་ངེས།

    Reply
  6. ཧོར་བུ་ཡེ་ཤེས says:
    ལོ་ 11 སྔོན།

    ཡ་ཡ་་ད་རྒྱ་གཞུང་གིས་སོ་སོའི་མི་རིགས་ཀྱང་ཉོ་དགོས་པའི་དུས་ལ་སླེབས་པར་དགའ་པོ་བྱུང་།ཨུ་ཐུག་པའི་ལས།ངོ་མ་མཚར་ཀི་ཡ

    Reply
  7. བཀྲ་ཤིས་སྒྲོལ་མ། says:
    ལོ་ 11 སྔོན།

    གཏམ་རྣམས་དབང་དང་ཤེད་ཀྱིས་ཉོ་བ་དང་། །
    ནུས་མེད་ཉམ་ཆུང་རྗེས་སུ་ལུས་པ་འདི། །
    འགྲོ་བ་སྤྱི་ཡི་ལས་བསོད་མ་དག་པས། །
    རྟགས་མཚན་ཡིན་པས་ལས་བསོད་སྤེལ་ལ་འབོད། །

    Reply
  8. འཇིགས་མེད་སེང་གེ says:
    ལོ་ 11 སྔོན།

    སྤྱིར་ཡིན་ན་རྒྱ་ནག་གཞུང་འདི་ལྟར་རྒྱལ་སྤྱིའི་གཟུགས་བརྙན་ཤི་བཞིན་པའི་རྟགས་མཚན་གསལ་ཡང་། ཟོལ་བཅོས་ཟོག་རྫུ་བྱ་རྒྱུ་མཚམས་མི་འཇོག་པ་དེས་ག་ཚོད་བར་དུ་བརྟན་ཡོང་གི་ཡོད་ན། དངོས་གནས་ཐབས་སྐྱོ་བ་ལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist