མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལྡི་ལིར་སློབ་ཕྲུག་ ༤༨ འཇུ་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ལྡི་ལིར་བོད་པའི་སློབ་ཕྲུག་ ༤༨ ལག་ཏུ་བོད་པའི་རྒྱལ་དར་བཟུང་སྟེ། རྒྱ་ནག་གཞུང་ཚབ་ཁང་དུ་མཆོངས་རྒོལ་བྱས་སྐབས།རྒྱ་གར་ཉེན་རྟོག་པས་ཁོ་ཚོ་འཇུ་བཟུང་གིས་ཌེ་ཧར་ (Tihar) བཙོན་ཁང་དུ་ཁྲིད་ཡོད་འདུག

དེ་རིང་སྔ་དྲོ་ཆུ་ཚོད་ ༡༡ དང་ཕྱེད་ཀའི་སྟེང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ལྡི་ལི་ས་གནས་གཞོན་ནུ་གཉིས་ཀྱི་གོ་སྒྲིག་འོག ལྡི་ལི་མཐོ་སློབ་ཀྱི་བོད་རིགས་སློབ་ཕྲུག་ ༤༨ གྱིས་རྒྱ་ནག་གཞུང་ཚབ་ཁང་དུ་མཆོངས་རྩིས་ཀྱིས་སྒོ་འགྲམ་དུ་སླེབས་མ་ཐག   རྒྱ་གར་ཉེན་རྟོག་པས་བོད་པའི་སློབ་ཕྲུག་དེ་དག་འཇུ་བཟུང་བྱས་ཡོད་པ་དང་། སྐབས་དེར་བོད་རིགས་སློབ་ཕྲུག་ཚོས་ལག་ཏུ་བོད་ཀྱི་རྒྱལ་དར་ཕྱར་ཏེ་བོད་ལ་རང་དབང་དང་རང་བཙན་དགོས་པའི་སྐད་འབོད་བྱས་ཡོད་འདུག
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དཔལ་འབྱོར་འགན་འཛིན་དཀོན་མཆོག་ཡར་འཕེལ་ལགས་ཀྱིས་ཁ་པར་བརྒྱུད་འདི་གར་གནས་ཚུལ་བརྗོད་དོན་ལྟར་ན། ཁོ་ཚོའི་འཆར་གཞི་ནི་རྒྱ་ནག་གཞུང་ཚབ་ཁང་ནང་མཆོངས་རྗེས། རྒྱ་གཞུང་གི་དར་དམར་མར་ཕབས་ཏེ་བོད་ཀྱི་རྒྱལ་དར་ཡར་བསྒྲེངས་རྩིས་ཡོད་ཅིང་། རྒྱ་ནག་གཞུང་ཚབ་ཁང་གི་མཐའ་འཁོར་ཡོངས་རྫོགས་ཚེར་མ་ར་མགོ་དང་ལྕགས་ཀྱི་གཟེབ་དྲའི་སྐོར་ཡོད་པ་མ་ཟད། རྒྱ་གར་ཉེན་རྟོག་པ་ཕོན་ཆེན་འགྲེམས་འཇོག་གིས་སྐོར་སྲུང་ནན་མོ་བྱས་ཡོད་སྟབས། ཐོག་མའི་འཆར་གཞི་ལྟར་རྒྱ་ནག་གཞུང་ཚབ་ཁང་ནང་མཆོངས་ཐུབ་མེད་པ་རེད།
ཐེངས་འདིའི་ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི། རྒྱ་གཞུང་གིས་བོད་ནང་དམག་མི་མང་པོ་འགྲེམས་འཇོགས་ཀྱིས་དམར་གསོད་དྲག་གནོན་བྱས་པར་བརྟེན། ད་ལྟ་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་ཡོད་སྟབས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་དེ་མཚམས་འཇོག་དགོས་པའི་བརྡ་ལན་སྤྲོད་ཆེད་དང་། རྒྱ་གཞུང་གི་དྲག་གནོན་འོག་བོད་མི་རྣམས་འུ་ཐུག་སྟེ་རང་ལུས་བསྲེགས་གཏོང་བཞིན་པའི་དཀའ་སྡུག་དུས་སྐབས་འདིར། མཚོ་སྔོན་ཞིང་ཆེན་གྱི་མགོ་གཙོ་ལུའུ་ཧའེ་མཱེན་རྒྱ་གར་ནང་ཡོང་སྟེ་བོད་ཀྱི་ས་གདན་ཚོང་འགྲེམས་མཉམ་ལས་ཀྱི་མཛད་སྒོ་ཚོགས་བཞིན་པ་དེར་ངོ་རྒོལ་བྱ་ཆེད་ཡིན་འདུག
དཀོན་མཆོག་ཡར་འཕེལ་ལགས་ཀྱིས་བརྗོད་པ་ལྟར་ན། འཇུ་བཟུང་བྱས་ཟིན་པའི་སློབ་ཕྲུག་ ༤༨ ཁྲོད་ ༢༣ བུ་མོ་ཡིན་པ་དང་། ཁོ་ཚོ་དེ་རིང་ཕྱི་དྲོ་ཆུ་ཚོད་ ༧ ཙམ་ལ་ལྡི་ལི་ཌེ་ཧར་བཙོན་ཁང་དུ་འཁྲིད་རྩིས་ཡོད་འདུག ཡིན་ནའང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལིར་མུ་མཐུད་དུ་ངོ་རྒོལ་ལས་འགུལ་རིམ་པར་སྤེལ་རྒྱུ་ཡིན་འདུག
གསར་འགོད་པ། ཚེ་རིང་རྒྱལ
 

མཆན། 5

  1. ཤིང་ལོ། says:
    ལོ་ 11 སྔོན།

    བོད་མི་རིགས་ཀྱི་ཆེད་དུ་བཟུང་ན། བོད་མི་རིགས་ཀྱི་ཆེད་དུ་གློད་ཀྱང་དགོས། བོད་མི་རིགས་ཀྱི་ཆེད་དུ་ཤི་ན། བོད་མི་རིགས་ཀྱི་ཆེད་དུ་ངེས་པར་དུ་སྐྱེ་ཡང་དགོས།

    Reply
  2. བསྟན འཛིན་ཆོས་རྒྱལ says:
    ལོ་ 11 སྔོན།

    སྐྱག་རྫུན་མ་བཤད། བོད་མི་མང་ཆེ་བ་ལོ་གསར་གྱི་སྤྲོ་སྟོན་ལ་གྲ་སྒྲིག་བྱེད་བཞིན་པའི་སྐབས་འདིར་་་ཟེར་བ་དེ་སྐྱག་རྫུན་སྐྱག་ནག་རེད་དོ།། བོད་མི་མང་ཆེ་བས་ག་བ་ག་བ། ཐ་ན་བོད་མི་རེ་ཟུང་རེ་ཡང་མེད་ཚོད་རེད།
    རྟག་པར་འདི་འདྲའི་མ་ཉེས་ཁ་གཡོག་ཅིག་སྤེལ་བ་དང་སྤེལ་དུ་བཅུག་པ་གང་གི་ཐད་ནས་བཤད་ན། བོད་མི་རིགས་འདི་ལ་དམའ་འབེབ་གང་ཐུབ་བྱེད་བཞིན་པ་ནི། ནམ ལངས་ཉི་ཤར་རེད་དོ།།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ལྡི་ལི་ཌེ་ཧར་བཙོན་ཁང་དུ་ཚུད་པ་རྣམས་ཀྱི་ལས་འགུལ་ལ་ཐུགས་རྗེ་ཆེ་ཞེས་ཞུའོ། །

    Reply
  4. བཙན་བྱོལ་བ་ says:
    ལོ་ 11 སྔོན།

    ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་པ་ཡོངས་ལ་ཐུགས་རྗེ་ཆེ། བོད་མི་མང་ཆེ་བ་ལོ་གསར་གྱི་སྤྲོ་སྟོན་ལ་གྲ་སྒྲིག་བྱེད་བཞིན་པའི་སྐབས་ལ་ཁྱེད་རྣམས་ཀྱིས་བོད་དོན་ཐབས་རྩོད་གནང་བ་ལ་བསྔགས་བརྗོད་ཡོད། རྒྱ་དར་ཕོབ་ཅིག བོད་དར་སྒྲེངས་ཤིག

    Reply
  5. ཆུ་ཐིགས་སྔོན་མོ། says:
    ལོ་ 11 སྔོན།

    ང་ཚོས་མུ་མཐུད་འདི་ལྟར་བྱ་དགོས་་་་་ང་ཚོས་འདི་ནས་ཅི་ཙམ་བྱས་ཀྱང་བོད་ནང་གི་དཀའ་ངལ་གྱི་ཆ་གཅིག་ཀྱང་མྱང་དགོས་ཀྱི་མེད་་་་་དེར་བརྟེན་ས་ཕྱོགས་གང་ཡོད་པའི་བཙན་བྱོལ་བ་དག་གིས་འདི་ལྟར་རྒྱུན་མཐུད་ནས་ངོ་རྒོལ་བྱས་ན་ནམ་ཞིག་ཨུ་ཐུག་ནས་ཁ་ཞིག་གྲག་ཡོང་གི་རེད་་་་མུ་མཐུད་ཧ་ཅང་གལ་ཆེན་རེད་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist