མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀི་ཞིག་འདེབས་ཐུབ་ན་དམིགས་འབེན་ལ་གཟས།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

མི་རིགས་དང་རིག་གཞུང་སྐྱོབ་འདོད་ཀྱིས་རང་ལུས་མེ་མཆོད་ལ་ཕུལ་བའི་བོད་མི་དཔའ་བོ་དཔའ་མོ་དག་ལ་དྲན་གསོ་ཞུ།

 གཉའ་འབྲོང་ཐུ་བུ།

བར་སྐབས་འདིར་ང་ཚོས་ཕྱིར་འདང་རྒྱག་མི་དགོས་པར་ཡིད་ལ་ཁ་ཐུག་ལ་འཁོར་ཡོང་བ་ནི་ཁ་སང་དེ་རིང་བོད་ནང་གི་བོད་མི་དཔའ་བོ་དཔའ་མོ་ཚོའི་རང་ལས་མེར་བསྲེགས་ཀྱི་ལས་འགུལ་དེ་ཡིན་སྲིད། བདག་ལ་མཚོན་ན་ཅི་ཞིག་བཤད་རྩིས་བྱས་ཀྱང་ཁ་ནས་སྐད་ཆ་ཐོན་གྱི་མི་འདུག་སྟབས་ད་བར་ཁ་བཙུམས་ནས་བསྡད་པ་ཡིན། བོད་ནང་གི་དཔའ་བོ་དཔའ་མོ་ཚོས་རང་ལུས་མེ་རུ་ཇི་ལྟར་བསྒྲོན་པ་ཚབས་ཆེ་ན་བཙན་བྱོལ་དུ་དེའི་ཚོད་ཀྱིས་ལས་འགུལ་ཚགས་ཚུད་ཅིག་དཀའ་ཡང་ཚོགས་པ་དང་མི་སྒེར་གྱི་ལྟ་ཚུལ་ཙམ་པོ་བ་དྲ་ཚིགས་དག་ན་ཤིན་ཏུ་མང་། དེ་ཡང་བློ་འཚབ་དང་ཚོར་བས་དེད་པའི་འཆར་སྣང་རེ་ཡིན་ཆོག་པས་ཐུག་ཁག་ཅི་ཡོད་མོད། ཚོར་བ་དང་བསམ་ཚུལ་ལོགས་པ་ཡིན་པའི་གནས་ལུགས་ཤེས་རྒྱུ་གལ་ཆེན་དུ་མཐོང་།  

 

བསམ་ཚུལ་ཁག་གི་ནང་འགལ་བ་རྟགས་སྤྲོད་དང་གླེང་སློང་མང་ཤོས་ནི་ ༢༠༡༢/༠༢/༠༧ཉིན་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་བོད་ཀྱི་དུས་བབ་དྲ་བའི་བསམ་ཚུལ་ཚན་པའི་ནང་བོད་ནང་གི་མེ་ལྕེ་དེ་དག་མུ་མཐུད་ནས་འབར་དགོས་ཞེས་པའི་ཁ་བྱང་འོག་བོད་ནང་ནས་མུ་མཐུད་རང་ལུས་མེ་ལ་སྒྲོན་དགོས་པར་བཤད་པ་དང་། ༢༠༡༢/༠༢ /༡༡ དབུ་མའི་ལམ་ལས་འགུལ་ཁང་གིས་གསར་འགོད་གསལ་བསྒྲགས་དོན་ཚན་དྲུག་ཅན་ཞིག་སྤེལ་བའི་ནང་གི་དོན་ཚན་དང་པོའི་ནང་གསེས་སུ་བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་ལས་འགུལ་དེ་མཚམས་འཇོག་དགོས་པར་བཤད་པ་དེ་གཉིས་ཡིན་འདུག་མོད། བདག་གིས་ནི་དེ་གཉིས་ལ་ཕན་མེད་ཀྱི་བསམ་ཚུལ་དང་དགོས་མེད་ཀྱི་གསར་འགོད་གསར་བསྒྲགས་ཞེས་བཤད་འདོད་བྱུང་།

 

གསལ་བསྒྲགས་དེ་དང་བསམ་ཚུལ་དེ་གཉིས་ཀྱི་དམིགས་ཡུལ་ནི་སྔ་མས་བོད་ནང་གི་མེར་བསྲེགས་ཀྱི་ལས་འགུལ་མཚམས་འཇོག་རྒྱུར་དམིགས་པ་དང་། ཕྱི་མས་མུ་མཐུད་མེར་བསྲེགས་རྒྱུར་དམིགས་པ་ཞིག་ཡིན་འདུག་པས་སྐད་ཆ་འདི་མི་བཤད་ཐབས་མེད་རེད། རྒྱུ་མཚན་ཅི་རེད་ཅེ་ན། བོད་ནང་གི་དཔའ་བོ་དཔའ་མོའི་ཚོའི་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པ་དེ་ནི་གཞན་ཞིག་གིས་མཚམས་ཞོག་ལབ་པ་ཙམ་གྱིས་དུམ་སེ་ཆད་འགྲོ་བ་ཞིག་དང་། མུ་མཐུད་དུ་མེ་སྦར་རོགས་ལབ་ན་འུར་སེ་འབར་འགྲོ་བ་ཞིག་མིན་པར་དེ་ནི་ང་ཚོའི་ལོ་རྒྱུས་དང་གནས་བབ་མང་པོ་བརྒྱུད་དེ་གོམས་ཚར་བའི་སེམས་བསྐྱེད་ཅིག་རེད། སེམས་བསྐྱེད་དེ་ནི་བོད་མི་རྩམ་ཟན་ཚང་མར་ཡོད་པ་ཞིག་ཀྱང་མིན་ཏེ། དེ་ནི་རང་གི་རྩ་བའི་བླ་མ་རང་ཡུལ་དུ་གདན་དྲངས་ཏེ་མཇལ་སྙིང་འདོད་པའི་དད་པ་དང་། ཆོས་དང་རིག་གཞུང་སྲུང་སྐྱོབ། མི་རིགས་ཀྱི་མངོན་འདོད་ལ་དམིགས་པའི་སེམས་བསྐྱེད་ལ་མྱོང་བ་ཐོན་པའི་བློ་གྲོས་བཅས་ཀྱིས་ཁ་ལོ་བསྒྱུར་བ་ཞིག་རེད།

 

དེ་ཡིན་པ་མགོ་ལོག་སྟོང་སྐྱབས་དགོན་པའི་སྤྲུལ་སྐུ་བསོད་བྷ་ལགས་ཀྱི་ཞལ་ཆེམས་དང་མེར་བསྲེགས་ལས་འགུལ་ལ་དངོས་སུ་ཞུགས་པའི་དཔའ་བོ་དཔའ་མོ་དག་གི་འབོད་སྒྲ་ལས་ཀྱང་ཤེས་ཐུབ། ཆོས་དང་རིག་གཞུང་གི་ཆེད་རང་སྲོག་དངོས་སུ་བཏང་བའི་སེམས་བསྐྱེད་དེ་འདྲ་སྔ་རབས་པའི་ཁྲོད་དུའང་ལྷ་བླ་མ་ཡེ་ཤེས་འོད་ལྟ་བུ་རེ་ཟུང་ལ་མ་གཏོགས་བྱུང་མྱོང་མེད། དེའི་ཕྱིར་འཛམ་གླིང་གི་མི་དང་བྱེ་བྲག་བོད་མིའི་གྲངས་འབོར་དང་བསྡུར་ན་སེམས་བསྐྱེད་དེ་ཡོད་པའི་མི་ནི་ཉུང་ཉུང་ཞིག་ཡིན་རྒྱུ་རེད། ང་ཚོས་འདི་ལྟར་ཚོད་དཔག་ཅིག་བྱས་ན་ངས་གོང་དུ་བཤད་པ་བཞིན་བོད་ནང་གི་མེར་བསྲེགས་ཀྱི་ལས་འགུལ་འདིའི་མཚམས་ཚིགས་གཞན་གྱིས་འཛིན་རྒྱུ་ཞིག་མིན་པར་དེ་ནི་ཆོས་ཉིད་དང་གནས་ལུགས་ཀྱི་གཏན་ཁེལ་ལ་བསྒུག་རྒྱུ་དེ་རེད།

 

ངས་གསལ་བོར་བཤད་ན་སེམས་བསྐྱེད་དེ་ནི་མྱོང་བ་གཏིང་ཟབ་ཐོན་པའི་བསམ་བློ་ཞིག་ཡིན་པས་གང་ཟག་རང་ཉིད་དེའི་རྗེས་སུ་མི་འབྲངས་ཐབས་མེད་ལགས་པ་བློ་གང་ལ་མྱོང་གོམས་ཡོད་ན་དེའི་རྗེས་སུ་འགྲོ་བས་ཤེས་ནུས་ཤིང་། འདི་ལྟར་བསམ་བློ་བཏང་ན་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་མཚམས་ཚིགས་ནི་སེམས་བསྐྱེད་དེ་ལྡན་གྱི་བོད་མིའི་དམིགས་ཡུལ་མངོན་དུ་གྱུར་བའམ་ཡང་ན་སེམས་བསྐྱེད་དེ་ལྡན་གྱི་བོད་མི་མ་རྫོགས་པའི་བར་ཡིན་པ་སུ་ཞིག་གིས་བསྙོན། དེས་ན་ད་ནས་བཟུང་ང་ཚོ་གཞན་གྱི་སེམས་བསྐྱེད་བཀག་གཏོང་གི་རྟ་ཁར་མི་འཇུ་བར་ཤ་ཁྲག་གཅིག་ལས་གྲུབ་པའི་བོད་ནང་གི་བོད་མི་ཚོའི་གནས་སྟངས་ལ་གཞིགས་ཏེ་རང་རང་ས་ནས་ཀི་ཞིག་འདེབས་ཐུབ་ནའང་གནམ་འོག་གི་བོད་མིའི་ཚང་མའི་རེ་འདུན་དང་དམིགས་ཡུལ་ལ་ཁ་འཁོར་རྒྱུ་ཤིན་ཏུ་གལ་ཆེན་དུ་མཐོང་། ལྷག་པར་ཆབ་སྲིད་ཀྱི་རིག་ལམ་དེད་ན་བོད་ནང་གི་མེར་བསྲེགས་ལས་འགུལ་འདིའི་མཚམས་ཚིགས་ང་ཚོས་བཟུང་ན་རྒྱ་ནག་གིས་ལག་པ་འཆང་ས་ཞིག་ཀྱང་རྙེད་འགྲོ་བར་དོགས་ནས་བསམ་ཚུལ་གནད་བསྡུས་ཙམ་ཕུལ་བ་ལགས།།

 

༢༠༡༢ ། ༢ ། ༡༩

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢༣ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 1

  1. gyurmey says:
    ལོ་ 14 སྔོན།

    ཁྱེད་ཀྱི་རྩོམ་ཡིག་ཆ་ཚང་བཀླགས་ཚར་སོང་། བསམ་ཚུལ་ཡག་པོ་འདུག ངས་ཡག་པོ་འདུག་བཤད་ཡག་འདི། ཁྱེད་རང་གིས་བསམ་བློ་ཞིག་གཏོང་གི་ཡོད་པའི་བཟོ་ལྟ་བུ་ཞིག་མཐོང་བ་ལ་བལྟས་ནས་ཡིན། གཞན་དེང་སང་ང་ཚོས་སྤྱི་ཚོགས་ནང་སོ་སོ་རང་ཉིད་ལ་འབྱོན་རྒྱུ་ཐིགས་པ་གཅིག་མེད་ནའང་། སྤྱི་ཚོགས་ཕུ་བཀྲུག་མདའ་དཀྲུག་བྱེད་རྒྱུ་ལ་དགའ་པོ་ཡོད་མཁན་མང་པོ་འདུག
    སླར་ཡང་ཞུ་རྒྱུར། བསམ་ཚུལ་འགྲིག་མིན་ལ་མ་བལྟོས་པར། ལྷག་བསམ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ། སྤྱི་ཚོགས་དང་མི་རིགས་མཐུན་སྒྲིག་པ་ཕན་པའི་རྩོམ་ཡིག་འབྲི་ན་ཡག་པོ་ཡོང་ས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese