མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསེར་རྟར་དམར་གསོད་དང་འཛིན་བཟུང།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་གསེར་རྟ་རྫོང་གི་བོད་མི་ཞི་རྒོལ་བ་ཁག་ཅིག་དམར་གསོད་དང་། གཞན་དགེ་རྒན་གཅིག་དང་དང་སློབ་མ་ལྔ་འཛིན་བཟུང་བཙོན་འཇུག་བྱས་འདུག  

ཉེ་ལམ་བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་མགོ་ལོག་དམ་ཆོས་དཔལ་བཟང་ལགས་སུ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༢༤ ཉིན་གསེར་རྟ་རྫོང་གི་ཁྲོམ་གཞུང་དུ་བོད་མི་ཚོས་རླུང་རྟ་གཏོར་བ་དང་འབོད་ཚིག་འདྲ་མིན་སྒྲོག་བཞིན་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་སྐབས། དྲག་ཆས་དམག་མིས་བོད་མི་ཞི་རྒོལ་བའི་ཁྲོད་གང་བྱུང་མེད་མདའ་བརྒྱབ་ཏེ། གསེར་རྟ་བསེར་བའི་རང་ལོ་ ༢༦ ཡས་མས་ཡིན་པའི་ཟླ་བ་གྲགས་པ་ལགས་དང་གཞན་བོད་མི་ཁག་ཅིག་དམར་གསོད་དང་། གསེར་རྟ་ཆུ་སྟོད་ཀྱི་བླ་མ་ཞིག་དང་གནུབ་ཟུར་ཡུལ་ཚོའི་པདྨ་བཅས་བོད་མི་ ༤ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་མ་ཟད། ཉིན་དེའི་དགོང་མོའི་ཆུ་ཚོད་ ༩ པ་ཡས་མས་སུ་ས་གནས་ཉེན་རྟོག་པས་ས་གནས་ཀྱི་དགེ་རྒན་ཨ་སྒང་ཚུལ་ཁྲིམས་འབོད་པ་གློ་བུར་འཛིན་བཟུང་བཙན་འཁྲིད་བྱས་པ་དང་། ཕྱི་ཉིན་ཕྱི་ཚེས་ ༢༥ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨ པ་ཡས་མས་སུ་བོད་རིགས་ཉེན་རྟོག་པ་ ༡༠ ལྷག་ཁོང་གི་ཁྱིམ་དུ་ཡོང་སྟེ་ཁྱིམ་གྱི་ཅ་དངོས་ཡོངས་ལ་བསྔོག་བཤེར་གྱིས། གློག་ཀླད་དང་པར་ཆས། དེབ་སོགས་བཙན་འཁྱེར་བྱས་འདུག

ཨ་སྒང་ཚུལ་ཁྲིམས་ལགས་ནི། རྔ་པ་ཁུལ་གྱི་མི་ཡིན་ཞིང་། ད་ལྟའི་བར་གསེར་རྟར་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད་འདུག  ༢༠༠༨ ལོར་ཁོང་གི་སྣེ་འཁྲིད་འོག་གསེར་རྟ་རྫོང་གི་རོང་འབྲོག་ཁུལ་གྱི་སློབ་མ་མཉམ་རུབ་ཐོག་༼ཕ་སྐད་མདུན་ལམ་ཚོགས་པ༽ཞེས་པ་གསར་འཛུགས་གནང་བ་དང་།  སློབ་གྲྭའི་དབྱར་དགུན་གྱི་གུང་གསེང་སོགས་སུ་ས་གནས་ཞིང་འབྲོག་མང་ཚོགས་ཁྲོད་ཕྱིན་སྟེ། ཡིག་རྨོངས་སེལ་བའི་བྱ་འགུལ་སྤེལ་རིམ་པ་སྤེལ་ཡོད་འདུག་ལ། ད་ལྟའི་བར་རང་ནུས་ཅི་ལྕོག་གིས་དཀའ་ངལ་ཅན་གྱི་སློབ་མར་རོགས་སྐྱོར་དང་བོད་སྐད་ཡིག་སྲུང་སྐྱོབ་ཐད་ཕྱག་ལས་གནང་མཁན་ཞིག་ཡིན་འདུག  ཁོང་འཛིན་བཟུང་བྱས་རྗེས། རྒྱ་ནག་གཞུང་གིས་གསེར་རྟ་རྫོང་གི་བརྙན་འཕྲིན་ནང། ཁོང་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ཚོགས་པ་ཞིག་དང་འབྲེལ་བ་ཡོད་ཚུལ་དང་། ནམ་རྒྱུན་ཆབ་སྲིད་དང་འགལ་བའི་ལས་ཀ་བྱས་ཡོད་པའི་སྐོར་སོགས་ཁྱབ་བསྒྲགས་བྱས་འདུག   ཉེ་ལམ་ཁོང་གི་གྲོགས་པོ་ཞིག་གིས་ཟ་མ་འཁྱེར་ཏེ་ཉེན་རྟོག་ལས་ཁུངས་དུ་ཕྱིན་སྐབས། ཉེན་རྟོག་པས་ཁོང་ལ་ཟ་མ་སྤྲོད་མི་ཆོག་ཚུལ་དང་ཐུག་འཕྲད་རྩ་བ་ནས་བྱེད་མི་ཆོག་ཚུལ་བཤད་དེ་ཕྱིར་བཏང་འདུག   ཕྱིས་སུ་ཁོང་གསེར་རྟ་རྫོང་ནས་དར་མདོར་འཁྲིད་ཡོད་ཚུལ་གྱི་གནས་ཚུལ་ཙམ་ལས་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག  

ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། ཉེ་བའི་དུས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ཙམ་མིན་པར་སློབ་གྲྭ་ཁག་གི་སློབ་དེབ་དང་སྒྲིག་གཞི་ཕྱོགས་ཡོངས་ལ་དམ་དྲག་བྱས་ཏེ། སི་ཁྲོན་དར་མདོ་སློབ་གྲྭའི་ནང་ནམ་རྒྱུན་སློབ་མ་ཚོར་མི་རིགས་དང་སྐད་ཡིག་གི་བདག་དབང་། མི་རིགས་ཀྱི་ལར་ཞེན་སོགས་བརྗོད་བྱ་བྱས་པའི་སྐད་ཆའི་རིགས་བཤད་པ་ཡིན་ན། སློབ་མ་ཚོར་འདྲི་གཅོད་བྱེད་ཀྱིན་པ་མ་ཟད། ཉེ་ཆར་སློབ་གྲྭའི་བོད་རིགས་སློབ་མ་ ༥ ཡིས་རྫོང་གི་ཁྲོམ་གཞུང་དུ་ཡོད་པའི་གསོལ་ཇ་ཁང་ཞིག་ཏུ་བསྡད་ཡོད་སྐབས། ཉེན་རྟོག་པ་གློ་བུར་ཡོང་སྟེ་ཁོང་ཚོའི་ཁ་པར་ནང་པར་འདྲ་མིན་ཡོད་ཚུལ་དང་སྐེ་རུ་༸གོང་ས་མཆོག་གི་སྐུ་པར་ཡོད་པའི་མཚོན་སྲུང་བཏགས་ཡོད་ཚུལ་བཤད་དེ་གསེར་རྟ་རྫོང་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག་ལ། ས་གནས་མི་མང་ལ་མཚོན་ནའང་། ངོ་རྒོལ་ལས་འགུལ་བྱུང་བ་ནས་བཟུང་དམག་མི་སྟོང་ཕྲག་ ༥ ཡས་མས་ཤིག་འགྲེམ་འཇོག་གིས། རྫོང་གི་ཁྲོམ་གཞུང་དང་ལམ་བར་སོགས་སུ་དམ་དྲག་བསྔོག་བཤེར་བྱེད་བཞིན་པ་མ་ཟད། བོད་པའི་ཚོང་ཁང་ཁག་ལ་དགོང་དྲོའི་ཆུ་ཚོད་ ༧ པ་ནས་བཙན་གྱིས་སྒོ་རྒྱག་ཏུ་བཅུག་པ་སོགས་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་འདུག 

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨
དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་གསར་འགོད་ལྷན་ཚོགས་ཐེངས་གསུམ་པ་བསྐོངས། ༢༠༢༦།༡།༢༨ དུས་བབ་ཀྱི་པར།
Mobile App

དབུས་འོས་བསྡུ་ལས་ཁང་གིས་མི་གཅིག་ལ་ཉེས་ཆད་དང་མི་གཉིས་ལ་ཉེན་བརྡ་བཏང་འདུག

༢༠༢༦/༠༡/༢༨

མཆན། 8

  1. རིག་འཛིན། says:
    ལོ་ 14 སྔོན།

    རང་གིས་གཅེས་པའི་རང་གི་ཚེ་སྲོག་དེ།།
    རང་རིགས་སྤུན་ཟླ་ཆེད་དུ་གཏོངས་ཟིན་པའི།།
    རིགས་ཞེན་ལ་རྒྱལ་ཅན་གྱི་དཔའ་རྒོད་ཚོ།།
    ནམ་ཡང་མི་བརྗེད་སེམས་ལ་དམ་བཅའ་ཡོད།།

    Reply
  2. ཤར་སྐྱེས། says:
    ལོ་ 14 སྔོན།

    ཁྲག་གི་འཁོར་ལོ་སྐོར་བ་དམར་དམག་གི་བྱེད་ལས། །
    བདེན་པ་བདེན་པར་བརྡལ་བ་ཆོས་ལྡན་པའི་བགོ་སྐལ། །
    འགལ་བ་ཁ་རུ་འཐབ་པའི་མི་ཡུལ་གྱི་ཞིང་ན། །
    དྲང་པོའི་མི་ལ་ཕྱོགས་པ་ག་ཚོད་ཙམ་ཡོད་དམ། །

    གསར་འགོད་པ་དང་རིག་འདོན་པ་སུ་ཡིན་ཡང་གནད་འགག་གི་སྐབས་དག་ནོར་གྱིས་བརྡ་ལོག་མི་སྟོན་པའི་རེ་བ་ཞུ།

    Reply
  3. བཀྲ་ཤིས། says:
    ལོ་ 14 སྔོན།

    རྒན་དམ་ཆོས་ལགས་ཀྱིས་གནས་ཚུལ་ཡག་པོ་སྤེལ་འདུག གོང་ཚེས་ཉིན་གྱི་གནས་ཚུལ་ད་རུང་ཁ་གསལ་ཨེ་གོ་བལྟ་དགོས་པ་རེད། ཉིན་དེར་མི་བཞི་བཅུ་ཙམ་འཛིན་བཟུང་བྱས་པ་ལས་ཕལ་ཆེར་བཏང་ཚར་ཡོད་ས་རེད།
    དེའི་ནང་ནས་བཙོན་འཇུག་སུ་་སུ་བྱས་ཡོད་མིན་མི་ཤེས།

    Reply
  4. ཤིང་ལོ། says:
    ལོ་ 14 སྔོན།

    སེམས་སྐྱོ་བ་གངས་ཅན་ལྗོངས་ལ་སོང་།།
    གངས་དཀར་པོ་སྐྱོ་བས་ཞུ་ལ་ཁད།།
    ལུས་རྒྱལ་ཁབ་མེད་པས་ས་མཐར་འཁྱམས།།
    ས་སེར་པོ་མྱ་ངན་ཚ་བས་རྐམས།།

    Reply
  5. རིན་ཆེན་གྲགས་པ། says:
    ལོ་ 14 སྔོན།

    དཔའ་བོ་དང་དབའ་མོ་རྣམ་པ་རྒྱལ་ཁབ་སླར་གསོའི་ཆེད་དུ་བཞུད་ཀྱང་ང་ཚོ་ནམ་ཡང་ཕམ་མི་རུང་།རྒྱ་གཞུང་གི་རྒྱ་དར་མེ་བསྲེགས་བཏང་བ་ཡག་པོ་མཐོང་སོང་གཞོན་ནུ་ལྷན་ཚོགས་ནས་ལས་འགུལ་འདྲ་མིན་སྤེལ་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན།

    Reply
  6. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    ངོ་མ་བོད་ནང་གི་སྤུན་ཟླ་ཚོའི་བདེ་སྡུག་འདི་སེམས་ཀྱིས་མི་བཟོད་ཀྱང་བྱ་ཐབས་མི་འདུག

    Reply
  7. ཀླུ། says:
    ལོ་ 14 སྔོན།

    གུས་འོས་གསར་འགོད་པ་དོན་ཁོ་ལགས།
    གཞན་བོད་མི་ཁག་ཅིག་དམར་གསོད་བཏང་འདུག་ཟེར་བ་སུ་དང་གང་རེད། གསེར་རྟ་ཁུལ་གྱི་མི་གསུམ་བསྲེགས་པའི་གནས་ཚུལ་ལྟར་ང་ཚོས་དེང་སང་དོན་དམ་པས་གཟབ་དགོས་བའི་དུས་ལ་སླེབས་འདུག། ཁག་ཅིག་དམར་གསོད་བཏང་བ་དོན་ཆུང་མ་རེད། ཟླ་བ་གྲགས་པའི་འདྲ་པར་དང་བཅས་བ་འབྱོར་ས་ན་གཞན་ཁག་གཅིག་དམར་གསོད་བཏང་བ་སུ་ཡིན་མི་ཤེས་ས་མི་འགྲོ་བ་ཞིག་འདུག།

    Reply
  8. ཚེ་རིང། says:
    ལོ་ 14 སྔོན།

    རྩོམ་སྒྲིག་པ་ལགས། རྒྱ་ནག་གཞུང་གིས་དམར་གསོད་བཏང་བའི་ཟླ་བ་གྲགས་པ་ལགས་གསེར་རྟ་བསེར་བ་ནས་ཡིན་པ་ལས། གཟེར་བ་ནས་མ་རེད། དེ་བཞིན་གནུབ་ཟུར་དགོན་པ་རེད་མ་གཏོགས། ནུབ་གཟེར་མ་རེད།
    ཀློག་པ་པོ་རྣམས་ཀྱིས་ནོར་བཅོས་གནང་རོགས།
    དེ་ནས་བསམ་ཚུལ་ཞུ་རྒྱུ་ཞིག་ལ། ས་གནས་རྫོང་གི་མིང་འབྲི་སྐབས་བོད་ཀྱི་ས་གནས་ཤིག་ཡིན་པ་གསལ་པོ་དགོས་ཀྱི་འདུག ས་ཁྲ་བརྒྱུད་ནས་ས་ཆ་དེ་འཚོལ་སྐབས་སྟབས་བདེ་པོ་རེད། དཔེར་ན་གསེར་རྟ་གཅིག་པུ་བྲིས་ན། མང་པོ་ཞིག་གིས་ཤེས་རྟོགས་མི་འདུག རྒྱ་ནག་གི་ས་ཁྲའི་ནང་བཙལ་ན་རག་པ་དང་། བོད་ཀྱི་ས་གནས་ཡིན་པ་ར་འཕྲོད་པ་ཞིག་ཕྱི་རྒྱལ་ཁག་ལ་དགོས་ཀྱི་འདུག
    དཔེར་ན། གསེར་རྟ་ལྟ་བུ་ཡིན། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཆ་བཅད་བགོས་ལྟར་ན། སི་ཁྲིན་ཞིང་ཆེན་གྱི་བོད་ཀྱི་ས་ཁུལ་དཀར་མཛེས་ཁུལ། གསེར་རྟ་རྫོང་ཞེས་བྲིས་ན་འགྲིག་གམ། ལྷན་རྒྱས་ཀྱིས་བསམ་གཞིག་གནང་རོགས། གང་ལྟར་ས་གནས་དེ་མི་སུས་བལྟས་ཀྱང་གསར་པོ་ཤེས་ཐབས་དགོས་ཀྱི་འདུག
    སྔོན་མ་བོད་ཀྱི་ས་ཆ་འབྲི་སྟངས་བྱས་ན་ཡང་ས་ཁྲ་ནས་རག་གི་མིའདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese