མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུའུ་ཝེ་ཆོན་གྱིས་གྲངས་ཉུང་མི་རིཊ་ཀྱི་ལག་རྩ་མྱངས་བ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

ནམ་མཁའ།

འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྐུ་ཞབས་ཀྲུའུ་ལགས། ཁྱོད་ཀྱིས་དེང་སང་གྲངས་ཉུང་མི་རིགས་ཀྱི་ལག་རྩར་མྱངས་ཏེ། དུག་སྨན་སྤྲད་ནས་གྲངས་ཉུང་མི་རིགས་རྨ་མེད་ཁག་རྣག་གིས་གསོད་འདོད་པ་དེ་རེད་ལ། ཁྱོད་ཀྱི་བསམ་ཚུལ་འདིའི་རྒྱབ་ལྗོངས་ན་དབུས་དམར་ཕྱོགས་ཚོགས་པ་ཡོད་པ་གསལ་བོ་རེད། དེ་རིང་ཁྱོད་ཚོས་སི་ཏ་ལེན་གྱིས་བཤད་པའི་༼ མི་རིགས་ཞིག་རྩ་མེད་དུ་གཏོང་དགོས་ན་སྔོན་ལ་དེའི་སྐད་དང་ཡི་གེ་རིག་གཞུང་མེད་པར་བཟོ་དགོས། དེ་མིན་ཆ་ཚང་དམར་གསོད་བྱེད་པ་ནི་ཐབས་བྱུས་ཞིག་མིན༽ཅེས་པའི་སྐད་ཆ་འདི་དེ་རིང་དངོས་སུ་ལག་བསྟར་བྱེད་འདོད་པ་དེ་རེད།

ཁྱོད་དང་ཁྱོད་ཀྱི་སྲིད་གཞུང་གི་འདོད་ཐོག་ལ་རྟ་རྒྱུག་རྒྱུ་ཧ་ཅང་དཀའ་མོད། གང་ལྟར་སེམས་གཏིང་ནག་པོ་ཡོད་པའི་འབྲས་བུ་ཕྱིར་ཐོན་པ་རེད། ཁྱོད་ཀྱིས་གྲངས་ཉུང་མི་རིགས་ཀྱི་སློབ་མ་ཚོ་རྒྱ་མི་རིགས་དང་མཉམ་བསྲེས་དང་འཚོ་སྡོད་མཉམ་རོལ་བྱ་དགོས་བའི་འབོད་སྐུལ་དང་། དེ་མིན་ད་རུང་གནས་སྤོར་བྱེད་དགོས་བའི་བསམ་ཚུལ་བཏོན་འདུག དེ་ནི་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་རིག་གཞུང་ཆ་ཚང་མི་རིགས་ཆེན་པོ་ཞིག་གི་ནང་འཐིམ་དུ་འཇུག་འདོད་པ་དེ་རེད། ཁྱོད་ཀྱིས་བཤད་པ་བཞིན་སློབ་ཕྲུག་ཚོ་མཉམ་བསྲེས་ཀྱིས་སློབ་གྲྭ་གཅིག་ཏུ་བསྡུ་འདོད་ཀྱང་། ༢༠༠༡༡ ལོར་ལྕགས་ལམ་བཟོ་གྲྭའི་སློབ་གྲྭའི་ནང་གི་སློབ་མ་ཚོ་འཁྲུག་འཛིང་ཤོར་བ་དེ་མ་མཐོང་ངམ། འདིའི་རྟགས་མཚན་ནི་མི་རིགས་མཉམ་བསྲེས་ནམ་ཡང་ཡོང་མི་ཐུབ་པའི་རྟགས་རེད། ཕྱོགས་གཅིག་ནས་བཤད་ན་ཁྱོད་ཀྱིས་གྲངས་ཉུང་མི་རིགས་དག་གི་རིག་གཞུང་དང་སྐད་ཡིག་སོགས་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་དཀྱིལ་ལ་དུག་རྫས་འཕངས་ཏེ་རྨ་མེད་ཁག་རྣག་གིས་གསོད་འདོད་པ་དེ་རེད།

 

སྤྱིར་འཛམ་གླིང་འདིའི་སྒང་ན་ལག་དམར་ཆེན་པོ་གསུམ་ཡོད་ཅིང་། དེ་དག་ནི་ཧེ་ཐི་ལེ་དང་སི་ཏ་ལེན། མའོ་ཙེ་ཏུང་གསུམ་ཡིན་ལ། ཁྱོད་རང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིག་གཞུང་གསོད་མཁན་གྱི་ལག་དམར་ཞིག་བྱེད་འདོད་ཡོད་པ་གསལ་བོ་རེད། ཁྱོད་ལྟར་ན་སྐད་གཅིག་གྱུར་དང་ཡི་གེ་གཅིག་གྱུར་རིག་གཞུང་གཅིག་གྱུར། ཐ་ན་ཁ་ཟས་ཡང་གཅིག་གྱུར་བྱེད་འདོད་ཡོད་སྲིད་མོད། ཁྱོད་ཀྱི་མི་རིགས་གཅིག་པ་ཀོང་ཏུང་གི་སྐད་དེ་པེ་ཅིན་གྱི་སྐད་དང་གཅིག་གྱུར་བཟོ་ཐུབ་བམ། ཀོང་ཏུང་གི་མི་ཐམས་ཅད་པེ་ཅིན་ལ་གནས་སྤོར་བྱེད་ཐུབ་བམ། རྒྱ་རིགས་ནང་ཧི་མ་ལ་ཡའི་རི་འདབས་སུ་འཚོ་བཞེས་ཀྱིས་ནོར་ལུག་འཚོ་སྐྱོང་བྱེད་ཐུབ་མཁན་ག་ཚོད་ཡོད། ཁྱོད་ཀྱིས་སྲིད་གཞུང་གིས་མེ་མདའ་བྲང་ལ་གཏད་དེ་ཡུ་གུར་བ་ཚོར་བཙན་དབང་གིས་ཕག་ཤ་དང་ང་ཚོ་བོད་མི་ཚོར་བཙན་དབང་གིས་ཁྱི་ཤ་ཟ་རུ་འཇུག་འདོད་ཨེ་ཡིན།  

 

ཁྱོད་ཀྱིས་ད་རུང་མི་རིགས་གཞན་དང་དེའི་རིག་གཞུང་ལ་མཐོང་ཆུང་བྱེད་པ་ནི་བྱབ་ཆུང་ཡིན་ཟེར་བ་དང་། ཁྱོད་ཀྱིས་གྲངས་ཉུང་མི་རིགས་ཚོས་མི་རིགས་གཞན་གྱི་ས་ནས་སློབ་སྦྱོང་བྱེད་དགོས་སྐོར་བཤད་པ་འདི་གཉིས་ནང་འགལ་ཡིན་པ་མ་ཟད། ཧ་ཅང་གཡོ་སྒྱུ་ཆེ་བའི་གཏམ་ཞིག་རེད། གལ་སྲིད་མི་རིགས་གཞན་གྱི་ས་ནས་ལེགས་པའི་སློབ་སྦྱོང་བྱེད་དགོས་ཟེར་ན་ཐོག་མར་ཁྱོད་རང་ཉིད་ཀྱིས་ལག་ལེན་ལ་བསྟར་དགོས་བས། ཁྱོད་དང་ཁྱོད་ཀྱི་རྒྱ་མི་རིགས་ཚོས་བོད་ཡིག་བོད་སྐད་དང་། སོག་པོ་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཁག་གི་སྐད་དང་ཡི་གེ་ལ་སློབ་སྦྱོང་བྱ་རྒྱུར་གྲ་སྒྲིག་ཡོད་དམ། ལོ་ངོ་དྲུག་བཅུའི་རིང་ལ་སློབ་གསོ་བཏང་ཡང་གྲངས་ཉུང་མི་རིགས་ཚོའི་བསམ་བློར་འགྱུར་བ་ཅི་གང་ཡང་གཏོང་ཐུབ་མེད། དེ་རིང་ཁྱེད་ཀྱིས་མེ་མདའི་འོག་ནས་བཙན་ཤེད་ཀྱིས་སློབ་གསོ་གཏོང་འདོད་པ་དང་། བསམ་བཞིན་དུ་མི་རིགས་བར་འགལ་ཟླ་བཟོ་བ་འདི་ནི་ཅི་འདྲའི་ཡ་ང་ཞིང་སྙིང་རྗེ་མེད་པའི་ཐ་ཤལ་གྱི་བྱ་སྤྱོད་ཞིག་རེད་ཨང་།

 

སྤྱིར་སྲོག་ཆགས་གང་ཡིན་ཡང་འབྱུང་བཞིའི་འཕྲོད་པ་ལ་རྟེན་དགོས་མོད། ཁྱོད་ཀྱིས་བཙན་དབང་གིས་ཚ་བའི་ལུང་པའི་མི་འཛམ་གླིང་གི་མཐོ་སྒང་ལ་བཙན་སྤོར་བྱ་རྒྱུ་དང་གྲང་འཁྱག་མཐོ་སྒང་གི་མི་ཚ་བའི་ལུང་པར་བཙན་སྤོར་བྱེད་བཅུག་སྟེ། གཅེས་སུ་འོས་པའི་རྒྱལ་འབབས་རང་བྱུང་འབྱུང་བཞིས་འཆི་ལམ་དུ་འདེད་འདོད་པ་དེ་རེད། དེ་བས་ཀྱང་ཁ་གསལ་དུ་བཏང་ན། གྲངས་ཉུང་མི་རིགས་དང་དེའི་རིག་གཞུང་ལ་མེ་མདའི་འོག་གི་རིག་གནས་གསར་བརྗེ་གཉིས་པ་ཞིག་བྱེད་འདོད་པ་དེ་རེད། འདི་ནི་ང་ཚོ་གྲངས་ཉུང་མི་རིགས་ཁག་གིས་དུས་ནམ་ཡང་ངོས་ལེན་བྱེད་ཐབས་མེད་པའི་འཁྲུལ་སྣང་གི་རྨི་ལམ་ཞིག་ཡིན། ད་རུང་བཤད་འདོད་པ་ཞིག་ལ། ཁྱོད་རང་ཁྱོད་ཀྱི་མི་རིགས་དང་ཁྱོད་ཀྱི་སྐད་ཡིག་རིག་གཞུང་ལ་ཞེན་ཁ་ཅི་ཙམ་ཆེ་བ་དེ་བཞིན་དུ་ངེད་ཅག་བོད་པ་ཚོ་ཡང་བོད་མི་རིགས་དང་བོད་སྐད་ཡིག་རིག་གཞུང་ལ་ཞེན་ཁ་ཡོད་ཆོག་ལ། གྲངས་ཉུང་མི་རིགས་གཞན་དག་ཀྱང་དེ་དེ་བཞིན་ནོ།།

 

ཧོང་ཀོང་གི་གསར་འགོད་པ་ཞིག་གིས་ཁྱེད་ལ་དྲི་བ་འདྲི་དུས་༼ ཁྱོད་ཀྱི་འཛུམ་མདངས་ཀྱིས་ཡིད་དབང་འཕྲོག་ལ་ཁྱོད་ཀྱི་བྱ་སྤྱོད་ཀྱིས་མི་གསོད ༽ཟེར་བ་དེ་ནི་ཅི་འདྲའི་དྲང་བདེན་དང་བློ་གཟུར་བོ་གནས་པའི་གཏམ་ཞིག་ཡིན་ཡང་། དེ་རིང་ཁྱེད་ཀྱི་བྱ་སྤྱོད་ངོ་མ་དེ་ཕྱི་རུ་མངོན་ཏེ་འཛམ་གླིང་སྟེང་གླེང་བཞིན་ཡོད། དཔེར་ན། རྒྱ་མི་རིགས་ཀྱི་ཕྲུ་གུ་ཞིག་བོད་ནས་སྐྱེས་ཀྱང་། ཁྱོད་ཀྱི་མི་རིགས་དང་ཁྱོད་ཀྱི་ཕ་ཡུལ་གང་ཡིན་དྲིས་ཚེ་ང་རྒྱ་རིགས་དང་ངའི་ཕ་ཡུལ་རྒྱ་ནང་གི་གྲོང་ཁྱེར་ག་གེ་མོ་ཞིག་ཡིན་ཟེར་བ་ལས། ངའི་ཕ་ཡུལ་བོད་དང་ང་བོད་པ་ཡིན་ནམ་ཡང་ལབ་མི་སྲིད། དེ་བཞིན། བོད་པ་ཞིན་ཅང་སོག་པོ་སོགས་གང་ཡིན་ཡང་རྒྱ་ནག་ནང་སྐྱེས་ཀྱང་སེམས་ནང་ཕ་མའི་མི་རིགས་དང་དེའི་ཕ་ཡུལ་དུ་ཞེན་ཁ་འཁྱེར་བ་ནི་འགྲོ་བ་མིའི་རིགས་ཀྱི་ཐུན་མོང་གི་གཤིས་ཀ་ཞིག་ཡིན། དེ་བཞིན། མིའི་བསམ་བློར་མེ་མདས་འགྱུར་བ་གཏོང་ཐབས་མེད་ལ། ལམ་ཁ་འདི་གཅིག་པུ་ལས་གདམ་ག་གཞན་མ་སྤྲད་ཚེ་ཁྱོད་ཀྱིས་བཤད་པ་བཞིན་ཁ་བྲལ་འགྲོ་བ་ལས་འོས་མེད།

མདོར་བསྡུས་ན། ཁྱོད་དང་ཁྱོད་ཀྱི་ཆུང་མ་གཉིས་དུས་རྒྱུན་འཁོན་འཛིང་ཁོ་ནས་འཚོ་བ་སྐྱེལ་མཁན་ཞིག་ཡིན་ན། དེ་ལ་ཁྱིམ་དཔོན་གྱིས་འགྲིག་འཇགས་བཟོ་ཐབས་མེད་ལ། ཁྲིམས་སྒྲིག་གི་བཙན་གནོན་འོག་དེ་བས་ཀྱང་མཛའ་བརྩེ་འགུག་ཐབས་མེད་པས། བཙན་ཤེད་ཀྱིས་མཉམ་སྡོད་བྱེད་དུ་བཅུག་ཚེ་ཁྱེད་གཉིས་སེམས་ནང་ན་ཟུག་སྔར་བས་ཆེ་རུ་ཕྱིན་ཏེ། ཉིན་གཅིག་བཟའ་ཐོར་བྱ་རྒྱུ་ལས་འོས་མེད་ལ། གཅིག་བྱས་ན་ནང་འཛིང་གིས་ཁྱོ་ཤི་ང་གསོན་གྱི་གནས་ཚུལ་ཡ་ང་བ་ཡང་འབྱུང་སྲིད།

ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༣ ཉིན།

འབྲེལ་ཡོད་གསར་འགྱུར།

Farmers in Tibet: In the first seven months of this year over 500,000 rural Tibetan labourers have been pushed into military-style training centres.AP
Mobile App

རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༣ སྔོན་ལ།
རྒྱ་ནག་པེ་ཅིན་ནས་ཡིན་པའི་ཁྲིམས་རྩོད་པ་ཏུང་ཕུང་ལགས་ཀྱིས་བོད་ཀྱི་མཚོ་སྔོན་པོའི་འབྲོག་ཁུལ་ནས་གནས་ཚུལ་སྤེལ་བ། ཁོང་གི་བརྙན་ལམ་གྱི་པར།
Mobile App

འབྲོག་མང་བཙན་གྱིས་གནས་སྤོར་བཏང་བ་དང་གུན་གསབ་སྤྲོད་ཀྱི་མེད་པ་སོགས་ཀྱི་གནད་དོན་ལ་རོགས་རམ་བྱེད་ཀྱི་འདུག

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་སུ་འཇུག་དགོས་པའི་རེ་སྐུལ་ཞུ་བཞིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་པ་ཞལ་གྲངས་ ༥༤ ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ནས་བླངས། ༢༠༢༦།༡།༢༢
༸གོང་ས་མཆོག གསར་འགྱུར།

དགེ་འདུན་པ་ཞལ་གྲངས་ ༥༤ ལ་དགེ་སློང་གི་སྡོམ་པ་བསྩལ། 

༢༠༢༦/༠༡/༢༢
*As of December 1, 2025 | Total imprisoned: 330 journalists. Chart: Charles SpicerSource: The Committee to Protect Journalists
Mobile App

འདས་ལོར་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དེ་རྒྱ་ནག་རེད་འདུག

༢༠༢༦/༠༡/༢༢
རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་མགོ་འཛུགས་གནང་། ༢༠༢༦།༡།༢༡-༢༦  པར་ཚོགས་ཆུང་གིས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་འཚོག་གི་འདུག 

༢༠༢༦/༠༡/༢༢

མཆན། 6

  1. tata says:
    ལོ་ 14 སྔོན།

    དཔེ་ཡག་པོ་བྲིས་འདུག། ཐུགས་རྗེ་ཆེ། ཁུག་རྟ་ནི་ནང་ཕན་ཚུན་དཀྲུགས་དགོས་ན་ཡག་ཐག་ཆོད་རེད་མ་ཏོག་རྒྱ་དང་ཐུག་ན་མེད་རེད། གོ་རྒྱུ་འཚོ་རྒྱུ་མེད་རེད། དུས་བབ་ཚོང་ལ་རེ་བ་འདི་དྲ་ཐོག་འགོད་རོག་ཞུ།

    Reply
  2. ནད་པ says:
    ལོ་ 14 སྔོན།

    སྲིད་དབང་སྒེར་སྤྱོད་བྱེད་མཁན་རྒྱ་ནག་གི་ཀྲུའུ་ཝེ་ཆོན་ཟེར་བའི་མི་འདིའི་ཚོའི་ཀླད་པའི་ནང་དུ་འགྲོ་བ་མིའི་རིགས་ཀྱི་སྤྱི་ཡོངས་ལ་སེམས་འཁུར་བྱེད་ནུས་པའི་རང་བྱུང་ཀླད་པའི་ནང་གི་རྫས་ཤིག་ཚང་མེད་པའམ་ཡང་ན་ཀླད་པའི་རྩ་ཕྲན་ཞིག་ལ་སྐྱོན་ཤོར་ཡོད་པ་རེད།

    དངོས་ནས་བྱས་ན་རྒྱ་ནག་གིས་ཚན་རྩལ་ལ་མཐོང་ཆེན་བྱེད་པ་ལྟར་དེང་རབ་ཀྱི་ཚན་རིག་གི་ཐོག་ནས་ཀྲའུ་ཝེ་ཆོན་གི་ཀླད་པའི་རྩ་རིགས་ཚན་རིག་ཐོག་ནས་བརྟག་དཔྱད་བྱེད་དགོས་པའི་དུས་ལ་སླེབས་འདུག

    Reply
  3. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    གུས་པས་གཞིག་ན་ཀྲུའུ་ཡི་སྐད་ཆ་དེར་སྣང་མེད་དུ་གཏང་ཡང་རུང་བ་ཞིག་རེད། ཁོ་དང་ཁོའི་འགོ་ཁྲིད་ཚོའི་སེམས་ན་མ་རབས་དེ་འདྲ་དྲན་བཞིན་པ་གསལ་བོ་ཡིན་ཡང་། གལ་སྲིད་མ་རབས་ཀྱི་བསམ་བློ་དེ་དངོས་སུ་ལག་བསྟར་བྱ་ན། ང་ཚོའི་རླུང་རྟ་དར་བའི་ལྟས་སུ་མཐོང་། བྱིས་བློ་བ་ཚོས་བོད་དང་ཡུ་གར་བ་གཅིག་པོ་མིན་པར་མི་རིགས་ལྔ་བཅུ་ང་ལྔ་ཡི་སེམས་ལ་རྨ་ཁ་བཟོ་ནུས་ན། ང་ཚོས་རྒྱ་ནག་ཁ་ཐོར་འགྲོ་སྟངས་ལ་ལྟད་མོ་ལྟ་ནས་སྡོད་ཆོག་གི་རེད། ཁོ་ཚོས་བསམ་པར་གྲངས་ཉུང་མི་རིགས་མང་ཆེ་བར་རང་གི་སྐད་དང་ཡི་གེ་ཉམས་ཟིན་པས་མི་རིགས་དེའི་ཡོད་ཚད་དབང་དུ་བསྡུས་ཡོད་འདོད་ཀྱིན་པ་འདྲ། ཁོ་ཚོའི་གླེན་རྟགས་དེ་ངོ་མ་གད་མོ་ཤོར་བའི་ཡུལ་རང་རེད། ཕྱོགས་གཞན་ཞིག་ནས་གཞིག་ན། བང་ལེ་ཤོང་གི་ལྟ་བ་སྟེ། མི་རིགས་རང་སྐྱོང་འཐབ་རྩོད་ཀྱི་ཁ་ཕྱོགས་རྒྱལ་ཁབ་ཀྱི་གཏན་ལ་ཕབས་ཟིན་པའི་ས་གནས་རང་སྐྱོང་ནས་རིམ་བཞིན་འགོ་བརྩམ་དགོས་པའི་དོན་གནད་དེ་ལ་འཇིག་སྣང་གིས་ཀྲུའུ་ཁོས་ས་བཤད་རྡོ་བཤད་བྱས་པ་མིན་འགྲོ། གཏན་ཕབ་ཟིན་པའི་ས་གནས་རང་སྐྱོང་མིང་ཙམ་ལས་དོན་དངོས་སུ་ལག་བསྟར་བྱེད་ཀྱིན་མེད་པ་དངོས་ཡོད་ཀྱིས། གང་ལྟར་རྒྱ་ནག་གི་དབུ་ཁྲིད་ཚོའི་མགོ་ན་བཞིན་པ་གསལ་བོ་རེད་ཡྭ།

    Reply
  4. ཟླ་བ་བསོད་ནམས། says:
    ལོ་ 14 སྔོན།

    ཀྲུའུ་ལྦེ་ཆོན་ཀྱི་སྐད་ཆ་འདི་ཡང་བསྐྱར་གླེང་སློང་བྱེད་རྒྱུ་གལ་ཆེན་རེད། ཁོའི་སྐད་ཆ་འདི་གར་སྟེགས་ན་རྒྱ་གཞུང་གི་འདོད་འདུན་ལྟར་རྒྱ་ནག་མི་མང་ལ་བསྟོད་གླུ་ལེན་ཕྱོགས་ཙམ་མ་རེད། ཀྲུའུ་ལྦེ་ཆོན་ཀྱི་སྐད་ཆ་འདིའི་བསྟན་དོན་ནི། རང་གཞུང་ལ་དབུ་མའི་ལམ་གྱི་དམིགས་བྱ་རང་སྲིད་རང་སྐྱོངས་ཚད་ལྡན་ཞིག་ནམ་ཡང་ཐོབ་རེ་མེད་པའི་བརྡ་ལན་གཏོང་ཀྱིན་པ་རེད། དེ་ལས་ཀྱང་ད་ལྟའི་བོད་ནང་གི་དཔའ་བོ་དཔའ་མོ་དག་གིས་གུང་ཁྲན་སྲིད་གཞུང་གི་གཉའ་མནོན་དང་དབང་ཤུགས་འགོག་རྒོལ་བྱེད་ཆེད་རང་སྲོག་བློས་གཏོང་གི་མཛད་སྤྱོད་ལ་སྣང་ཆུང་། བསམ་བཞིན་དུ་བོད་མི་མང་ཛ་དྲགས་རང་བཞིན་གྱི་གནས་ལ་ཕུད་འདེད་གཏོང་ཀྱིན་ཡོད་པ་རེད།

    Reply
  5. བཙན་པོའི་བུ། says:
    ལོ་ 14 སྔོན།

    ཁོས་བཤད་པའི་སྐད་ཆ་དེ་དག་ནི་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་མི་རིགས་རང་སྐྱོང་ས་ཁུལ་གྱི་ཐོབ་ཐང་དང་ཁྲིམས་ལུགས་དང་ཡོངས་སུ་འགལ་བ་ཞིག་ཡིན་ལ་སྐད་ཆ་དེ་དག་ནི་དེ་སྔོན་ཧྥན་མིང་གི་བྱ་སྤྱོད་དང་མཚུངས་ཀྱི་ཡོད་པ་རེད། དེའི་མཇུག་འབྲས་ག་རེ་ཡོང་གི་ཡོད་པ་རྒྱ་ནག་གཞུང་ལ་ལོ་རྒྱུས་ཀྱིས་བརྡ་ལན་སྤྲད་ཡོད་པ་རེད། དེར་བརྟེན་ཁོ་པའི་སྐད་ཆར་ཚད་ཐུབ་རང་བཞིན་གྱི་ནུས་པ་མེད་པ་རེད། འོན་ཀྱང་ཁོ་པའི་རྩོམ་ཡིག་དེའི་དམིགས་ཡུལ་ངོ་མ་ནི་རྒྱ་སྤ྄ི་དང་རྒྱ་ནག་མི་མང་གི་ཚུར་སྣང་གི་ལན་ཆ་ག་རེ་ཡོང་མིན་ཚོད་ལྟ་བྱེད་པ་ཞིག་ཡིན་སྲིད།

    Reply
  6. རྫ་ཆུའི་ཟླ་བ། says:
    ལོ་ 14 སྔོན།

    ཀྲུའི་ཝེ་ཆོན། ཁྱོད་ཀྱི་ལུས་ངག་ཡིད་གསུམ་བ་སྤུའི་ཁུང་བུ་དང་བཅས་པར་དམར་ཕྱོགས་ཚོགས་པའི་བྱིན་བརླབས་ཡོད་པས་རྒྱ་བོད་མཛའ་འབྲེལ་བར་ལ་གཏོར་བཤིགས་གཏོང་མཁན་ཞིག་ཡིན་པར་ངོས་འཛིན་ཡོད། གལ་ཏེ་གྲངས་ཉུང་མི་རིགས་འདི་ལུག་ཁྱུ་ཞིག་ཡིན་ན། ཁྱོད་ཉིད་ལུག་ཁྱུ་དེའི་རྗེས་སྙེག་པའི་ཟ་འདོད་ཀྱི་འགྲམ་ཆུ་ལང་བའི་སྤྱང་ཀི་ཞིག་རེད། ཀ་བུམ་གཉིས་གཅིག་འགྱུར་བྱེད་པར་ཅི་ཙམ་འབད་རུང་ཁྱོད་རང་གི་གླེན་རྟགས་ཨུ་ཚུགས་རང་རེད། 你休息多一点。照顾自己。哈哈。:)

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese