མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལམ་དབུ་མར་སྒོ་ལྕཊ་བརྒྱབ་སོང་།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཧུའུ་ཅིན་ཐའོ་ཡིས་ལམ་དབུ་མའི་རང་སྲིད་རང་སྐྱོང་ལ་སྒོ་ལྕགས་འཕར་མ་བརྒྱབ་པ།

ཚེ་རིང་རྡོ་རྗེ།

ཉེ་ཆར་ཀྲུའུ་ཝེ་ཆོན་གྱིས་སྤེལ་བའི་རྩོམ་ཡིག་སྟེ། དེང་སྐབས་མི་རིགས་ས་ཁོངས་གནད་དོན་ཐད་ཀྱི་བསམ་གཞིགས་ཐོར་བུ་ཞེས་པའི་སྐོར་ལ་དྲ་རྒྱ་དང་བརྙན་འཕྲིན་བརྒྱུད་ལམ་དུ་གླེང་སློང་བྱས་པ་དང་། དཔྱད་བརྗོད་པ་ཕལ་ཆེ་བས་འབྲེལ་ཡོད་མི་རིགས་ལ་ཤུགས་རྐྱེན་ཅི་འབྱུང་གི་དཔྱད་པ་དང་བསམ་ཚུལ་འདྲ་མིན་བཏོན་སོང་། ཁོ་བོས་འདིར་ངོས་གཞན་ཞིག་ནས་གླེང་བར་བྱ་བ་གཉིས་ཡོད་དེ།  གནས་སྐབས་འདི་ལ་ཀྲུའུ་ཡིས་རྩོམ་ཡིག་དེ་འདྲ་སྤེལ་དགོས་པའི་རྒྱབ་ལྗོངས་དང་ཤུགས་བསྟན་གྱི་དམིགས་འབེན་ནོ།།

དང་པོ། རྒྱབ་ལྗོངས།

ཀྲུང་གུང་དམར་ཕྱོགས་གཞུང་གི་སྲིད་འཛིན་པ་སུས་ཀྱང་སྒྲིག་འཛུགས་ཀྱི་ལང་ཕྱོགས་ཙམ་ལས་ཐུན་མིན་གྱི་ལྟ་ཚུལ་བཤད་མི་སྲིད་པས། མཐོ་རིམ་གོ་གནས་འཁུར་ཞིང་མི་རིགས་སྲིད་ཇུས་ཀྱི་མགྲིན་ཚབ་པ་ལྟ་བུར་གྱུར་བའི་ཀྲུའུ་ཝེ་ཆོན་གྱི་རྩོམ་ཡིག་དེའང་མཐར་གཏུགས་ན་ཀྲུང་གོའི་དམར་ཕྱོགས་ཚོགས་པའི་མགོ་བདག་ཧུའུ་ཅིན་ཐའོ་ཡི་བསམ་ཚུལ་མཚོན་པར་སྙམ། འོན་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་ཚེ། ཀྲུའུ་ཡིས་རང་ཉིད་ཀྱི་དབང་ཆའི་གོ་གནས་འཕར་བའམ་བརྟན་པའི་ཆེད་དུ་ཧུའུ་ཕྱོགས་ཁག་ལ་རྒྱབ་སྐྱོར་མཚོན་པར་རྩོམ་དེ་སྤེལ་བའང་སྲིད།

འོ་ན། ད་ལྟའི་དུས་སྐབས་འདི་ལ་རྩོམ་ཡིག་དེ་སྒེར་གྱི་རྣམ་པར་བརྫུས་ཏེ་གཞུང་གི་སྨྲ་ལྕེ་ཉེ་བར་མཚོན་བྱེད་ཀྱི་བརྒྱུད་ལམ་ཆེ་བ་མིན་པའི་ཚགས་ཤོག་ཅིག་ནས་ཕྱི་ལ་བསྒྲགས་པའི་རྒྱབ་ལྗོངས་ཅི་འདྲ་ཡིན་ནམ་ཞེ་ན།  རྒྱ་ནག་གཞུང་གི་མགོ་ཁྲིད་བརྗེ་མཚམས་སུ་སླེབས་པ་དང་ཀྲུང་གོའི་དབང་ཆེན་ནང་ཁུལ་གྱི་དབང་རྩོད་གནས་བབ་ཛ་དྲག་པར་བརྟེན། ཧུའུ་ཅིན་ཐའོ་ཡིས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་བརླིང་སྲུང་སྟེ་རང་ཉིད་ཀྱི་སྒེར་དབང་སྲ་བརྟན་དུ་གཏོང་བ་དེ་ལ་རག་ལུས། ཧུའུ་ཅིན་ཐའོ་ཡི་ཕྱོགས་ཁག་ལ་མཚོན་ན། བོད་དུ་བྱུང་བའི་ངོ་རྒོལ་དང་རང་ལུས་སྦྱིན་སྲེག་གི་གནས་སྟངས་ནི་སྤྱི་ཚོགས་བརྟན་བརླིང་དང་སྲིད་བྱུས་ཀྱི་ཕམ་ཁ་ཆེན་པོ་ཞིག་དང་། ཀྲུང་གོ་དམར་ཕྱོགས་དབང་ཆེན་ནང་ཁུལ་གྱི་ཁ་གཏད་ཕྱོགས་ཁག་གིས་ཧུའུ་ལ་བསྙོན་འཛུགས་ཀྱི་བྱ་ཡུལ་དུའང་འགྱུར་སྲིད།  དེར་བརྟེན། ཀྲུའུ་ཝེ་ཆོན་གྱི་མིང་ཐོག་ནས་མི་རིགས་ས་ཁུལ་བརྟན་བརླིང་དང་རྒྱལ་ཁབ་གཅིག་གྱུར་ལ་ཁ་གཡར་ནས་ལྟ་ཚུལ་དེ་དག་ཕྱིར་བཏོན་པར་འདོད།

གཉིས་པ།  ཤུགས་བསྟན་དམིགས་འབེན།

རྩོམ་ཡིག་གི་བསམ་ཚུལ་དེ་མི་རིགས་སྤྱི་བྱིངས་ལ་བརྗོད་ཡོད་ཀྱང་། ཧུའུ་ཅིན་ཐའོ་ལ་ན་ཟུག་སློང་བ་དང་ཁོའི་སྤྱི་ཚོགས་བརྟན་བརླིང་ལ་གནོད་པའི་གྲས་སུ་བགྲངས་པའི་མི་རིགས་ནི་བོད་དང་ཡུ་གུར་གཉིས་ཡིན།  དེ་གཉིས་ལས་ཀྱང་བོད་དེ་གཙོ་བོར་བཟུང་འདུག  ཧུའུ་ཡིས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་། བོད་དོན་རྒྱབ་སྐྱོར་བ་བཅས་ནི་རྒྱལ་ཁབ་ཁ་བྲལ་གྱི་སྟོབས་ཤུགས་གཙོ་བོ་ཡིན་པར་འདོད་པ་དང་། བོད་ཁུལ་དུ་བྱུང་བའི་ངོ་རྒོལ་རིགས་ནི་༧གོང་ས་མཆོག་དང་བཙན་བྱོད་བོད་གཞུང་གི་ངན་སྐུལ་ལས་བྱུང་བར་བསྙོན་འཛུགས་པ་འདིས་ཀྱང་རྩོམ་ཡིག་དེའི་བསམ་ཚུལ་གྱི་ཁ་གཏད་ནི་བོད་ཡིན་པ་ཤེས་ཐུབ། ད་དུང་ཅུང་ཟད་སྤྲོ་ན། བོད་དུ་ལག་ལེན་བསྟར་བའི་གཏུམ་དྲག་གི་སྲིད་བྱུས་དང་དྲག་གནོན་ནི་ཧུའུ་དང་ཐད་ཀར་འབྲེལ། ཧུའུ་ཡི་གོ་གནས་ཐོལ་བརྒལ་བྱུང་བའང་བོད་རང་སྐྱོང་ལྗོངས་ཟེར་བའི་ཀྲུང་གུང་དམར་ཕྱོགས་ཚོགས་པའི་ཧྲུའུ་ཅིའི་སྐབས་སུ། ཁོས་བོད་ལ་གཏུམ་དྲག་གི་སྲིད་བྱུས་ལག་ལེན་དུ་བསྟར་ཏེ་བྱས་རྗེས་བཞག་པའི་རྐྱེན་ཡིན།  མ་འོངས་པར་བོད་མི་ཚོ་ལ་བདེན་པ་ཁྲིམས་ཀྱི་རྒྱ་མའི་སྟེང་ཏུ་འཇོག་པའི་གོ་སྐབས་བྱུང་ཚེ། ཉེ་བའི་བགྲང་བྱ་བཅུ་ཕྲག་གཉིས་ཙམ་རིང་གི་བོད་མི་དམར་གསོད་ལ་སོགས་ཀྱི་ཉེས་ཅན་གཏེ་བོ་ཁྲིམས་གཏུག་བྱ་ཡུལ་ནི་ཧུའུ་ཅིན་ཐའོ་ཡིན། ཧུའུ་ཡིས་སྒེར་ངོས་ནས་ལུས་དང་གྲིབ་མ་བཞིན་འདོར་དཀའ་ཞིང་རྨི་ལམ་དུ་འཁོར་བ་ནི་བོད་ཡིན།

རྩོམ་ཡིག་དེར། སྔོན་ཆད་འཐོར་ཞིག་ཏུ་སོང་བའི་དམར་ཕྱོགས་རྒྱལ་ཁབ་ལས་བྱུང་བའི་ཉམས་མྱོང་དཔེ་མཚོན་དུ་དྲངས་ཏེ། མི་རིགས་རང་སྐྱོང་ས་ཁོངས་གསར་འཛུགས་དགག་པ་དང་མི་རིགས་གཅིག་གྱུར་གྱི་དགོས་དོན་ཤུགས་སུ་བསྟན། ཡང་དེར། གཞུང་གིས་མི་རིགས་ས་ཁུལ་ལ་གཏོང་བའི་དཔལ་འབྱོར་འགྲོ་སྒོ་རིགས་ཚང་མར་མཐུན་སྒྲིལ་ཇེ་བརྟན་དང་། བརྟན་བརླིང་སྲུང་སྐྱོབ། རྒྱལ་ཁབ་གཅིག་གྱུར་སྲ་བརྟན་བཅས་ཀྱི་དོན་སྙིང་དགོས་པ་དང་། འགྲོ་སྒོ་དེ་ཚང་མར་དཔལ་འབྱོར་དང་ཆབ་སྲིད་གཉིས་ཐད་ནས་འབྲས་བུ་འབྱུང་བར་བསམ་གཞིགས་བྱ་དགོས། ཞེས་འཁོད་འདུག  འདི་ལ་དཔྱད་པ་ཕྲན་ཙམ་བཏང་ན། མི་རིགས་ས་ཁུལ་གྱི་དཔལ་འབྱོར་ཡར་རྒྱས་དང་ཆབ་སྲིད་བརྟན་བརླིང་གཉིས་ནི་དམིགས་ཡུལ་གཅིག་ཏུ་བཤད་དེ། ཧུའུ་ཅིན་ཐའོ་ཡིས་བོད་ཁུལ་དུ་ལག་བསྟར་བྱས་དང་བྱེད་མུས་ཀྱི་གཏུམ་དྲག་གི་སྲིད་ཇུས་དེ་དགོས་ངེས་ཞིག་དང་ལུགས་མཐུན་དུ་བསྒྲུབས་པ་དང་། ཧུའུ་ཡིས་སྒེར་གྱི་དབང་ཆ་སྲ་བརྟན་གྱི་ཕྱིར་དུ་བསགས་པའི་ནག་ཉེས་གནམ་འོག་ཏུ་མི་ཤོང་བ་བཟོས་པ་དེ་རྒྱལ་ཁབ་གཅིག་གྱུར་གྱི་བྱས་རྗེས་སུ་བསྒྲུབས་པ་ནི་གནད་འགག་ཏུ་མཐོང་།  ཀྲུང་གུང་དམར་ཕྱོགས་ཚོགས་པའི་དབང་ཆེན་རུ་ཚོགས་ཀྱི་མི་སྣ་སུ་ཡིན་ཡང་རུལ་སུངས་དང་ནག་ཉེས་མེད་པ་ཉུང་།  ནང་ཁུལ་དུ་དབང་རྩོད་དང་ཕྱོགས་ཁག་གི་འགལ་ཟླ་ཡོད་མོད་ཀྱང་། ཐུན་མོང་གི་སྲིད་དབང་འཇིགས་ཚེ་ཀུན་ལ་ནག་འདེད་ཀྱི་མཇུག་འབྲས་མྱོང་དགོས་པ་ཁོ་ཚོས་གསལ་བོར་ཤེས། དེའི་ཕྱིར། ཧུའུ་ཡིས་སྒེར་དབང་སྲ་བརྟན་དང་དབང་ཆེན་རུ་ཚོགས་ནང་ཁུལ་གྱི་རྒྱབ་སྐྱོར་ལ་དམིགས་ཏེ་རྒྱལ་ཁབ་གཅིག་གྱུར་འོང་བར་མི་རིགས་གཅིག་གྱུར་གལ་ཆེ་བའི་བསམ་ཚུལ་བཏོན།

མཇུག་བསྡུས་ནས་བཤད་ན།  ཧུའུ་ཅིན་ཐའོ་ཡིས་ཀྲུའུ་ཝེ་ཆོན་གྱི་སྨྲ་ལྕེ་བརྒྱུད་དེ་སྒེར་དབང་སྲ་བརྟན་གྱི་ཕྱིར་དུ་མི་རིགས་ས་ཁོངས་རང་སྐྱོང་གསར་འཛུགས་དགག་པ་དང་།  ཤུགས་བསྟན་དུ་རྒྱལ་བ་རིན་པོ་ཆེ་མཆོག་གཙོས་པའི་བོད་མིས་བཏོན་པའི་ལམ་དབུ་མའི་རང་སྲིད་རང་སྐྱོང་ལ་སྒོ་ལྕགས་འཕར་མ་ཞིག་བརྒྱབ་བོ།།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

༢༠༢༦/༠༢/༠༨
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 6

  1. བློ་འཕེལ། says:
    ལོ་ 14 སྔོན།

    གྲོགས་པོ་ཚོ། ཚེ་རིང་རྡོ་རྗེའི་རྩོམ་ཡིག་འདི་ཕྱོགས་གཅིག་རེད། ཉེ་ཆར་རྒྱ་གཞུང་གིས་དབུ་ལམ་ལ་སྒོ་ལྕག་བརྒྱབ་པ་གཅིག་བྱས་ན་བདེན་པ་ཡིན་རྒྱུ་རེད། དེ་ཡང་བོད་མིའི་མངོན་འདོད་ལ་རྒྱ་གཞུང་གིས་སྒོ་ལྕག་བརྒྱབ་ཐ་མ་ཡིན་ཤས་ཆེ། གང་ཡིན་ཞུས་ན། བོད་རང་བཙན་ལ་རྒྱ་གཞུང་མང་གཉིས་ཀྱིས་སྔ་མོ་ནས་སྒོ་ཆེན་པོ་ཞིག་བརྒྱབ་པ་དང་། སྒོ་ལྕག་དེའི་ཐོག་ཏུ་རྒྱལ་སྤྱི་དང་འབྱོར་ལྡན་རྒྱལ་ཁབ་ཨ་རི། བཙན་བྱོལ་མི་བོད་གཞུང་གནས་ཡུལ་རྒྱ་གར་བཅས་ཕལ་ཆེར་རྒྱལ་ཁབ་ཀྱི་མིང་ཐོགས་ཚད་ཀྱིས་ཐམ་ཀ་བརྒྱབ་ཚར་ཡོད་པ་རེད།
    ད་བར་ས་སྒང་ཐོག་གི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་དང་། དེ་བཞིན་མི་སྒེར་བཅས་ཀྱིས་ངོ་ལེན་གནང་ས་དང། རེ་བ་རྒྱག་ས། སྒོ་ཕྱེས་ནས་ཡོད་པ་ནི་དབུ་ལམ་སྟེ་ས་ཁུལ་མི་རིགས་རང་སྐྱོང་དེ་རེད། འདི་སྒོ་བརྒྱབ་ན་རེ་བ་གཞན་མེད་ལ་རང་ལུས་མེ་བསྲེག་བཏང་བའང་དོན་ཆུང་དུ་ཕྱིན་པ་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དབུས་ལམ་སྒོ་ལྕག་བརྒྱབ་ན། རང་བཙན་ལམ་ཆེན་ཕྱེ་བདགོས

    Reply
  3. རིན་ཆེན་གྲགས་པ། says:
    ལོ་ 14 སྔོན།

    རྩོམ་འདི་ཀློག་དུས་ཡིད་སྐྱོ་བའི་གནས་ལས་མ་འདས།ད་ལྟའི་ང་ཚོའི་སྤྱི་ཚོགས་ཁྲོད་དུ་བྱིས་བློ་ལྟ་བུའི་ལམ་དབུ་མའི་དགོངས་པ་མ་འགྲིག་པ་དང་གཞོན་ལྷན་གྱི་ལྟ་བ་མ་འགྲིག་པ་ཟེར་བའི་ནང་འཁོར་དཀྲུག་པའི་དུས་ཚོད་གཏན་ནས་མིན་འབྲི་རྩལ་དང་ཆབ་སྲིད་ཀྱི་མཁྱེན་ཡངས་ནའང་རྒྱ་གཞུང་ལ་ཁ་འཁོར་ནས་སྐད་ཆ་བཤད་དགོས་པའི་དུས་བབ་ཡོད་པ་མཁྱེན་རྟོགས་ཞུའོ།

    Reply
  4. རྒྱང་མིག says:
    ལོ་ 14 སྔོན།

    ཀྲུས་ཝེ་ཆོན་གྱི་བསམ་ཚུལ་རྒྱ་གཞུང་གི་སྲིད་ཇུས་དངོས་གནས་དེ་ཡིན་སོང་ན། ང་ཚོ་བོད་མི་ཚང་མ་འཆི་འདོད་མེད་ཀྱང་གཞུང་གིས་གསོད་རྩིས་ཡིན་པ་རེད། སྤུན་ཟླ་ཚོ་སྐབས་དེ་འདྲ་ཞིག་དངོས་གནས་སླེབས་སོང་ན་གཟི་བརྗིད་ལྡན་པའི་འཆི་སྟངས་ཤིག་སྔར་ནས་གྲ་འགྲིག་ཡོད་པ་བྱོས། རང་ས་མ་མོའི་བྲང་འདྲ་བོ་ལས་སླ་པོ་བྱས་ནས་རྒྱ་གཞུང་ལ་རྩིས་མི་སྤྲོད་ཐག་གཅོད་ཡིན།

    Reply
  5. མགྲིན་པ་ཟབ་མོ། says:
    ལོ་ 14 སྔོན།

    ལོ་ ༣༠ ནས་ ༥༠ ཕར་ཞོག ལམ་དབུ་མར་རྒྱབ་སྐྱོར་རག་གི་ཡོད་པ་བདེན་ན་ན་ནིང་ད་ལོ་ལ་གསལ་བོ་ཆགས་དགོས་པ་ཡིན་མོད། གནས་ཚུལ་འདྲ་གོ་རྒྱུ་མི་འདུག རང་བཙན་དང་རང་སྐྱོང་གང་ཡིན་ཡང་བོད་པ་རང་ཚོས་མ་འཇོན་ན་གཞན་ཞིག་གིས་རྒྱབ་སྐྱོར་བྱེད་གི་རེད་དང་། བྱེད་སྲིད་པ་རེད་ཅེས་བཤད་མཁན་ཚོ་ནི་གཞན་རྟེན་སྲིན་འབུའི་རིགས་རེད། དེའི་རིགས་ལ་སུས་ཀྱང་ཡ་བྱེད་གི་མ་རེད།

    མི་རིགས་གང་ཡིན་རུང་རང་རང་གི་དོན་དུ་རང་རང་གིས་འབད་ནས་གྲུབ་འབྲས་བླངས་པ་མ་གཏོགས་གཞན་ཞིག་གིས་བརྩད་ནས་སྟེར་མཁན་མེད་ལ། བོད་པ་ཚོ་མ་གཏོགས་གཞན་ཁོ་ནར་རེ་བ་བརྒྱབ་ནས་འཐབ་རྩོད་བྱེད་མཁན་ཞིག་ཀྱང་མེད་པ་གསལ་བོ་རེད།

    Reply
  6. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    གུས་པས་གཞིག་ན་དབུ་མའི་ལམ་ལ་སྒོ་ལྕགས་རྒྱག་འདོད་པ་དེ་དངོས་ཡོད་རེད། གང་ཡིན་ཟེར་ན་གུང་ཁྲན་ཚོགས་པ་སྐྲག་ས་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཐབ་རྩོད་ལངས་ཕྱོགས་ཏེ་རང་སྲིད་རང་སྐྱོིང་ཡིན་པ་གསལ་བོ་རེད། འཐབ་རྩོད་ཀྱི་ལངས་ཕྱོགས་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་བྱ་ངེས་པར་མ་ཟད་རྒྱ་མི་རིགས་ནང་ཁུལ་གྱིས་ཀྱང་རྒྱབ་སྐྱོར་ཐོབ་ངེས་པར་འདོད། ཉེ་སྔོན་རྩོམ་པ་པོ་བང་ལེ་ཤོང་གིས་ཀྱང་མི་རིགས་རང་སྐྱོང་འཐབ་རྩོད་བྱེད་སྟངས་སམ་ཐབ་ལམ་གསར་བ་བསྟན་པར། རྒྱ་ནག་དམར་ཤོག་པ་དེ་བས་ཀྱང་འཇིགས་སྐྲག་ངང་ན་ཅི་བྱ་གཏོལ་མེད་དུ་གྱུར་ཡོད་པ་གསལ་བོ་ཡིན་པས། ཧུའུ་དང་ཀྲུའུ་སོགས་ཀྱི་གླུན་རྟགས་དེ་ལ་ནུས་པ་ཅི་ཙམ་ཡོད་ལྟ་ཆོག་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese