མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་བའི་དོན་དུ་མདོ་སྨད་བློས་གཏོང་དགོས་ཀྱང་གཏོང་ཐུབ་པ་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་དྷ་ས་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ། བོད་ལྗོངས་མདོ་སྨད་ཆོལ་ཁའི་སྐབས་བཅུ་བཞི་པའི་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་སྟེ། མདོ་སྨད་གཅིག་པུ་མ་ཡིན་པར་བོད་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྤྱི་བའི་ལས་དོན་ཐོག་བསམ་བློ་གཏོང་དགོས་པའི་གཏམ་བཤད་གནང་སོང་།

ཁ་སང་ཕྱི་ཚེས་ ༡༡ ཉིན་དྷ་ས་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ། མདོ་སྨད་ཆོལ་ཁའི་དབུས་རྒྱུན་ ༡༤ པའི་ཚོགས་ཆེན་ཐེངས་ ༢ པ་དེ་དབུ་འཛུགས་གནང་ཡོད་ཅིང་། སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག བཀའ་ཟུར་དང་སྤྱི་འཐུས་ལས་ཐོག་ཐུབ་བསྟན་ལུང་རིག་མཆོག་གིས་གཙོས། མདོ་སྨད་སྤྱི་འཐུས་རྣམས་དང་མདོ་སྨད་དབུས་ས་གཉིས་ཀྱི་རྒྱུན་ལས་རྣམ་པ། དེ་བཞིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་མི་གྲངས་ ༦༠ ཡས་མས་མཉམ་ཞུགས་གནང་སོང་།

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན། མདོ་སྨད་ཚོགས་གཙོ་བཅས་ནས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་དང་སྣང་གསལ་མར་མེ་ཞལ་འབྱེད།  ཚོགས་བཅར་བ་ཡོངས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། བོད་ནང་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་པ་དག་ལ་མྱ་ངན་བཅས་གནང་རྗེས། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་ཡེ་ཤེས་སྒྲོལ་མ་ལགས་ཀྱིས་དབུ་འཛུགས་ཀྱི་གཏམ་བཤད་གནང་སོང་།  

མཛད་སྒོའི་གཏམ་བཤད་སྐབས་དམིགས་བསལ་སྐུ་མགྲོན་བཀའ་ཟུར་དང་སྤྱི་འཐུས་ལས་ཐོག་ཐུབ་བསྟན་ལུང་རིག་མཆོག་གིས། “གནའ་སྔ་མོ་བོད་མ་ཤོར་གོང་གི་ལུང་སྡེ་བྱེ་བྲག་པའི་འཁོན་འཛིན་དེ་འདྲ་མི་བྱེ་བྲག་པ་སོ་སོའི་བསམ་བློའི་ནང་ཁུར་ཏེ། བར་སྐབས་བཙན་བྱོལ་ནང་དུའང་ཕར་ཚུར་གཅིག་གིས་གཅིག་ལ་མཐོང་ཚུལ་འཛིན་པ་དེ་འདྲ་ཡོང་གི་འདུག་ཟེར་ནས་ཐོས་སོང་། དེ་བདེན་པ་ཡིན་ཚེ་ཧ་ཅང་བློ་ཕམ་རེད། དེ་འདྲ་བྱས་པ་ཡིན་ན་མདོ་སྨད་ཀྱི་ཞབས་འདྲེན་རེད། དེ་སྔོན་ངས་རྟག་པར་ནང་ཁུལ་འཆམ་མཐུན་ཐད་མདོ་སྨད་ཀྱིས་མིག་དཔེ་སྟོན་ཐུབ་ཀྱི་ཡོད་ཅེས་བརྗོད་མྱོང་ཡོད། ད་ལྟ་སོ་སོའི་བཤད་པ་དེ་ནོར་བ་མིན་འགྲོ་བསམ་པ་དྲན་ཡོང་གི་འདུག  ངས་ནན་གྱིས་ཞུ་འདོད་ཅིག་ལ་ནང་ཁུལ་འཆམ་མཐུན་གནང་རོགས་ཞུ་རྒྱུ་ཡིན” ཞེས་མདོ་སྨད་ཁ་ལ་ཁྱེར་དེ་ཆོལ་ཁའི་དོན་གཅིག་པུ་བྱས་བསྡད་པ་ཡིན་ན། མདོ་སྨད་ལ་མིང་ཆད་འཕོག་རྒྱུ་ལས་ཕན་ཐོགས་གཞན་མེད་སྟབས། ༧གོང་ས་མཆོག་གི་ཐུགས་དགོངས་ཇི་བཞིན་སྒྲུབ་ཐུབ་རྒྱུར་རྒྱག་གཅིག་མཆོང་གཅིག་བྱས་ཏེ། བོད་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྤྱི་བའི་དོན་ལ་མདོ་སྨད་བློས་གཏོང་དགོས་ཀྱང་གཏོང་ཐུབ་པ་ཞིག་བྱས་ན། དངོས་གནས་དྲང་གནས་མིང་དོན་མཚུངས་པའི་མདོ་སྨད་པ་ཞིག་ཆགས་ཐུབ་སྐོར་བཅས་བརྗོད་བྱུང་།   

ད་དུང་ཁོང་གིས་དངོས་བྱུང་ལོ་རྒྱུས་ཀྱི་གནས་སྟངས་གསུངས་ཏེ། བོད་མི་ཚང་མས་༸གོང་ས་མཆོག་གི་བཀའ་དྲིན་སྙིང་བཅངས་དགོས་པ་ནན་བརྗོད་དང་། དེང་སྐབས་༸གོང་ས་ཆོག་ལ་མཚན་སྨད་ཞུ་མཁན་མང་རུ་འགྲོ་བཞིན་ཡོད་ཀྱང་། དོན་གྱིས་མཚན་སྨད་ཞུ་མཁན་དེ་དག་གིས་མཚན་སྨད་ཞུ་ཐུབ་པའི་གནས་སྟངས་དང་སྤོབས་པ་དེའང་། ༸གོང་ས་མཆོག་གི་སྐུ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་དང་། གལ་སྲིད། ༸གོང་ས་མཆོག་ལྟ་བུ་ཞིག་མེད་ཚེ་མཚན་སྨད་ཞུ་ཐུབ་པའི་གནས་སྟངས་ཙམ་ཡང་ལྷག་མེད་པར།  ཧ་ལམ་ད་ལྟའི་ང་ཚོའི་གནས་སྟངས་དང་ཁ་སྟབས་ནི་རང་མགོ་མ་ཐོན་པར་ལྷག་ཡོད་ངེས་པའི་གནས་ཚུལ་གསལ་བཤད་དང་སྦྲགས།  “ མི་དེ་ཚོར་རྒྱག་རེས་དང་ཉེས་པ་གཏོང་དགོས་ཀྱི་འདུག་ཟེར་གྱིན་ཡོད་པ་མ་རེད། དེ་ཚོའི་སེམས་ནང་ལ་ར་ཞིག་མ་འཕྲོད་པ་དང་། གོ་བརྡ་ཞིག་མ་འཕྲོད་པ། བསམ་བློ་འཁྱེར་ཕྱོགས་ཤིག་གི་སྟེང་ནས་མ་འགྲིག་པ་ཞིག་ཆགས་ཏེ་བསྡད་ཡོད་རྒྱུ་རེད། དེ་ལ་ང་ཚོས་གོ་བསྐོན་སློབ་གསོ་ག་འདྲ་བྱེད་དགོས་ཀྱི་འདུག  ལན་ག་འདྲ་རྒྱག་དགོས་མིན་བཅས་ཀྱི་ཐད་དགོངས་པ་བཞེས་དགོས་ཀྱི་འདུག” ཅེས་གསུངས་སོང་། 

དེ་རྗེས། བཀའ་ཟུར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་གསུངས་བཤད་གནང་དོན། “དང་ཐོག་རྒྱ་གར་དུ་མདོ་སྨད་ཚོགས་པ་བཙུགས་པའི་དུས་ནས་སོ་སོ་དེའི་ནང་དུ་ཡོད། སྐབས་དེར་མདོ་སྨད་པ་ཤིན་ཏུ་ཉུང་ཉུང་རེད།  ཤེས་ཡོན་ཅན་ཡང་ཉུང་ཉུང་རེད། ཡིན་ནའང་བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་སྐུ་དོན་ཡིན་ཚེ། ཚང་མ་རྒྱག་གཅིག་མཆོངས་གཅིག་རེད། ཤེས་ཡོན་མེད་ཀྱང་ལྷག་བསམ་རྣམ་དག་གིས་ལས་ཀ་གནང་བསྡད་པ་རེད། ད་ལྟའང་མདོ་སྨད་པ་ཚོས་སེམས་ཤུགས་ཆེན་པོ་ཞིག་གི་སྒང་ནས། བོད་སྤྱི་བའི་དོན་དག་ལ་སྐུ་སྲོག་བློས་བཏང་དེ། ཁ་ཡོད་ལག་ཡོད་ཀྱིས་བོད་མི་མང་གི་ཆེད་དུ་དཀའ་ལས་བརྒྱབ་ཡོད་པ་དེ་ཚང་མས་མཁྱེན་གསལ་རེད། ཤེས་ཡོན་སྒང་ལའང་དཀའ་ལས་རྒྱག་མཁན་ག་ཚོད་ཅིག་འདུག  བོད་ཀྱི་ཆོས་དང་རིག་གཞུང་སོགས་ཕྱོགས་གང་ཅིའི་ཐད་རྩ་བ་དེ་མདོ་སྨད་ནང་འཇུས་བསྡད་ཡོད་པ་རེད། དེ་དངོས་ཡོད་གནས་ཚུལ་རེད་མ་གཏོགས་མདོ་སྨད་པ་ཞིག་ཡིན་པའི་ཆ་ནས་བཤད་བསྡད་པ་དེ་འདྲ་མ་རེད། ཡིན་ནའང་། ས་རྩོད་ཆུ་རྩོད་སོགས་ཏོག་ཙམ་མ་མཐུན་པ་དེ་འདྲ་ཡོང་བསྡད་ཡོད་པ་རེད།  དེར་ཚང་མས་དགོངས་བཞེས་གནང་དེ་རྒྱབ་ཏུ་བསྐྱུར་དགོས་པ་ཤིན་ཏུ་གལ་ཆེན་རེད།” ཅེས་གསུངས་ཏེ།  མ་འོངས་པར་ཡང་མདོ་སྨད་མི་མང་ཡོངས་ཀྱིས་ཁ་ཞེ་གཉིས་མེད་དང་ལྷག་བསམ་རྣམ་དག་གི་སྒོ་ནས་བོད་སྤྱི་བའི་དོན་ལ་འབད་བརྩོན་གནང་དགོས་པ་ནན་སྐུལ་གནང་སོང་ལ། དེ་བཞིན། ༸གོང་ས་མཆོག་གིས་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་སྐུ་ངལ་བསྐྱོན་དེ་ད་ཆ་ང་ཚོ་མི་མང་གི་ལག་ཏུ་རྩིས་སྤྲད་བྱས་ཡོད་ལ།  ༸གོང་ས་མཆོག་གི་མཛད་འཕྲིན་དེ་ང་ཚོས་མཇུག་སྐྱོང་དགོས་ཀྱི་ཡོད་སྟབས།  ད་ལྟའི་གཞུང་གསར་བའི་ངོས་ནས་བོད་སྤྱི་བའི་ལས་དོན་ཡག་པོ་ཞིག་སྒྲུབ་ཀྱིན་ཡོད་ན། དེར་ང་ཚོའི་ངོས་ནས་ངེས་པར་ཏུ་རྒྱབ་སྐྱོར་གནང་དགོས་པ་དང་། གལ་སྲིད། སང་ཉིན་ལས་དོན་སྤེལ་སྟངས་འགྲིག་གི་མེད་པ་ཡིན་ན།  ཁ་རོག་གེར་ཁ་བཙུམ་སྟེ་སྡོད་རྒྱུ་མེད་པར། དེའི་ཉིན་མོ་དེར་མར་འཐེན་ཐུབ་པ་དགོས་པ་དེ་ང་ཚོ་མི་མང་གི་ལས་འགན་ཡིན་པ་དང་། ད་ལྟ་ཚོགས་པ་སྐྱིད་སྡུག་དང་མི་སྒེར་ཚང་མའི་ངོས་ནས་ལས་འགུལ་སྤེལ་དགོས་པའི་དུས་ལ་སླེབས་ཡོད་པས། ཚང་མས་མཉམ་རུབ་ཐོག་འབད་བརྩོན་གནང་སྟེ། ༸གོང་ས་མཆོག་གི་དགོངས་གཞི་འགྲུབ་ཐུབ་པ་ཞིག་གནང་དགོས་པ་གསུངས་སོང་།

མཇུག་མཐར། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། “ད་རེས་མདོ་སྨད་ཀྱི་སྐབས་བཅུ་བཞི་པའི་ཚོགས་ཆེན་ཐེངས་གཉིས་པ་དེ། ཀིརྟི་བྱེས་པ་གྲྭ་ཚང་དུ་ཚོགས་པ་དེའང་། དམིགས་བསལ་གྱི་མཚོན་དོན་ཞིག་ཡོད་པ་རེད་བསམ་གྱི་ཡོད། ༢༠༠༩ ལོར་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་ཞུགས་འབུལ་བྱས་པ་ནས་བཟུང་སྟེ། མགོ་འཛུགས་ས་ཆ་ཚང་ཞིག་ཀིརྟི་དགོན་པ་ཆགས་བསྡད་ཡོད་པ་རེད། ད་ལྟ་བར་དུ་རང་ལུས་ཞུགས་འབུལ་དང་རྒྱ་མིས་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་པའི་ཁྲོད་ནས། མི་ ༢༠ ལྷག་མདོ་སྨད་དང་དེ་ལས་ཀྱང་ཀིརྟི་དགོན་པ་ཆགས་ཡོད་སྟབས། ཚོགས་འདུའི་ནང་དམིགས་བསལ་གྱི་ཚོར་ལ་སླེབས་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད།” ཅེས་གསུངས་ཏེ།  ད་ལྟ་བོད་ནང་ཛ་དྲག་གནས་སྟངས་ཡོང་དགོས་པའི་རྒྱུ་མཚན་རྣམས་རྒྱ་ནག་གཞུང་གིས་མཐུལ་ཕྱིན་པ་ཞིག་ཞིབ་འཇུག་བྱས་ཏེ། བོད་མིའི་མངོན་འདོད་སྒྲུབ་ཐུབ་ཀྱི་ཡོད་མེད་ཀྱི་གནས་སྟངས་གསལ་བོ་ཞིག་མ་ཆགས་བར་དུ། བོད་ནང་ཛ་དྲག་གི་གནས་སྟངས་ཏེ་མུ་མཐུད་ལྷག་རྒྱུ་ཡིན་པ་བཤད་མི་དགོས་སྟབས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་གསར་འགོད་ལས་རིགས་ནི་དམངས་གཙོའི་སྤྱི་ཚོགས་ཀྱི་ཁྱད་ཆོས་གཙོ་བོ་དེ་ཆགས་ཡོད་པས། ཚང་མས་མུ་མཐུད་འབད་བརྩོན་གནང་སྟེ་ཤུགས་རྒྱག་དགོས་སྐོར་བརྗོད་སོང་།

གཞན་ཡང་། ཚོགས་གཙོ་མཆོག་གིས།  དེང་སྐབས་རྒྱ་གཞུང་གིས་ང་ཚོའི་སྤྱི་ཚོགས་ནང་དཀྲུགས་ཤིང་རྒྱག་ཐབས་སུ། སྤྱི་ཚོགས་ནང་དངོས་སུ་ཐོན་ཏེ་དཀྲུགས་ཤིང་རྒྱག་མཁན་དང་། དྲ་རྒྱ་བརྒྱུད་ནས་དཀྲུགས་ཤིང་རྒྱག་མཁན། མི་གཞན་བརྒྱུད་ནས་དཀྲུགས་ཤིང་རྒྱག་མཁན་སྣ་ཚོགས་ཡོང་གི་ཡོད་པ་དང་། ད་ལྟའི་གནས་སྐབས་སུ་དོལ་རྒྱལ་ལྟ་བུ་ཡིན་ནའང་། སྤྱིར་བཏང་གི་སྔོན་མ་དང་བསྡུར་ན་ཞི་འཇམ་དུ་ཕྱིན་ཡོད་ཀྱང་། ཁོ་ཚོས་དྲ་ཐོག་གློག་འཕྲིན་བརྒྱུད་དེ་མ་ལེ་ཞི་ཡཱ་དང་། སིང་གྷ་པོ་སོགས་སུ་རྒྱ་མིའི་མིང་དེ་འདྲ་སྤྱད་དེ་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ་དང་། དེའི་ཐད་དུས་འཁོར་དབང་ཆེན་སྐབས་ལའང་། ༸གོང་ས་མཆོག་གིས་དམིགས་སུ་བཀར་ཏེ་བོད་ཕྱི་ནང་གཉིས་ཀྱི་སྐྱ་སེར་རྒན་གཞོན་ཚང་མར་བཀའ་སློབ་ཤུགས་ཆེན་པོ་ཕེབས་ཡོད་པ་ལྟར།  བར་ལམ་ཆོས་རིག་ལས་ཁུངས་ནས་ཀྱང་དེའི་མཇུག་གནོན་གྱི་གསུང་བཤད་ཁག་ས་གནས་ཚང་མར་ཕུལ་ཡོད་པ་དང་།  སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཀྱང་གཏོང་རྒྱུ་ཡིན་པས། ང་ཚོའི་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་མི་ཡོང་བའི་རྒྱ་གཞུང་གི་སྲིད་ཇུས་དེ་དག་ལ་གདོང་ལེན་བྱེད་དགོས་པ་དང་།  སྤྱིར་བཏང་བོད་མི་མང་ཆེ་བ་ལྷག་བསམ་དང་ཆོད་སེམས་ཡག་ཐག་ཆོད་ཡོད་ཀྱང་།  སྐབས་ལན་རེར་དངུལ་མཐོང་ཡོང་དུས་མགོ་འཁོར་རྒྱུའི་ཉེན་ཁ་ཡོད་སྟབས།  དེ་དག་གི་ཐད་གཟབ་གཟབ་བྱས་ཏེ་ཚང་མས་མགོ་སྐོར་མ་ཐེབས་པ་ཞིག་འབད་བརྩོན་གནང་དགོས་པ་གལ་ཆེན་ཡིན་སྐོར་གསུངས་སོང་།

ཁ་སང་ཕྱི་དྲོ་ནས་བཟུང་དབུས་ས་རྒྱུན་ལས་ཁག་གིས་ལས་སྡོམ་སྙན་འབུལ་དང་། ༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་སྐབས་སྐུའི་གྱ་སྟོན་གྱི་མཛད་སྒོ་གཟབ་རྒྱས་ཞུ་ཕྱོགས་དང་མདོ་སྨད་གཞིས་བྱེས་གཉིས་ནས་བརྟན་བཞུགས་འབུལ་རྒྱུའི་སྐོར་ལ་བཀོད་སྒྲིག་ཚོགས་ཆུང་ཟུར་འཛུགས།  ལོ་རྗེས་མར་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ཚུགས་ནས་བགྲང་བྱ་ ༥༠ འཁོར་བར་མཛད་སྒོ་འཚོགས་རྒྱུ་ཡིན་མིན། མདོ་སྨད་ཆོལ་ཁའི་དྲ་རྒྱ་ཡར་རྒྱས་གཏོང་ཕྱོགས་སོགས་ལས་རིམ་གྲོས་གཞི་ཁག་ལ་བགྲོ་གླེང་གནང་རྒྱུ་ཡིན་པ་མ་ཟད། ཚོགས་འདུའི་ཉིན་མཐའ་མར་སྐབས་བཅོ་ལྔ་བའི་རྒྱུན་ལས་གསར་འདེམས་དང་དབུས་རྒྱུན་གྱི་དུས་ཡུན། མདོ་སྨད་དབུས་རྒྱུན་ལས་ཁུངས་གསར་རྒྱག་ཐད་བགྲོ་གླེང་ཐག་གཅོད་བཅས་གནང་རྒྱུ་ཡིན་འདུག   

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 17

  1. རྡོ་རྗེ། says:
    ལོ་ 13 སྔོན།

    ཆོས་དང་རིགས་གཞུང་ནི་མི་རིགས་ཀྱི་སྲོག་རྩ་དང་་རྒྱལ་ཁབ་ཀྱིདཔང་རྟགས་ཡིན་པས་དེ་སླར་གསོ་དང་རྒྱུད་འཛིན་བྱེད་པར་གུས་པས་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།

    Reply
  2. རྡོ་རྒོད། says:
    ལོ་ 13 སྔོན།

    དགོངས་པ་མ་མཚོམ་གནམ་གྱི་བུ། ངས་ཆེད་དུ་ཚིག་ངན་ཞུས་པ་མིན་ང་ཡང་དངོས་ནས་བཤད་ན་འདོ་སྨད་པ་ཞིག་ཡིན། འོན་ཀྱང་དཀའ་ཟུར་ཞིག་གིས་སྐད་ཆ་དེ་འདྲ་བཤད་ན་ཆོལ་ཁ་འཐེན་ཆེར་ལ་གནོད་ཀྱི་རེད་འདོད་ཀི དེ་འདྲ་ཡིན་ཡང་དངོས་སུ་བཤད་ཀྱི་ཡོད་མ་རེད། དཔེར་ན། སྟོང་ལོ་བརྒྱད་པའི་སུམ་དུས་ཉིན་ངོ་རྒོལ་བྱེད་མཁན་ཐོགས་མ་དེ་ཁམས་ཀྱི་གྲྭ་འགའ་ཞིག་རེད། ཡིན་ནའང་སྟོང་ལོ་བརྒྱད་པའི་སུམ་དུས་སྐབས་ཐོགས་མར་ངོ་རྒོལ་བྱེད་མཁན་ཁམས་ཡིན་ཟེར་མཁན་སུ་ཡང་དངོས་སུ་མ་བྱང་པ་རེད། དེ་འདྲ་ཞིག་རེད། ཁྱོད་ཀྱིས་ཞིབ་འདང་ཞིག་རྒྱོབ་དང།

    Reply
  3. ཤར་མདའ། says:
    ལོ་ 13 སྔོན།

    གནའ་སྔ་མོ་བོད་མ་ཤོར་གོང་གི་ལུང་སྡེ་བྱེད་བྲག་བའི་འཁོན་འཛིན་དེ་མི་བྱེད་བྲག་པ་སོ་སོའི་ཞེས་པའི་ལུང་སྡེ་བྱེད་བྲག་པ་དང་མི་བྱེད་བྲག་པ་སུ་སུ་ཡིན་གསལ་བོ་གནང་ན་དགེ་མཚན་ཆེ་དེ་མིན་དེ་འདྲ་མ་གསུང་ན་བཟང་། སྐུ་ངོ་ཐུབ་བསྟན་ལུང་རིགས་ལགས།

    Reply
  4. ༊༝༞༊གནམ་གྱི་བུ། says:
    ལོ་ 13 སྔོན།

    རྡོ་རྒོད་མིང་ཅན་ལ། ཁྱེད་ཀྱིས་ཀིརྟི་རིན་པོ་ཆེ་ལ་ཆེད་དུ་མངགས་ནས་ཚིག་ངན་པ་ཞུ་དགོས་དོན་གང་ཡིན་ངས་མི་ཤེས། ཁྱེད་ལ་སྒེར་གྱི་ན་ཚ་ཞིག་ཡོད་པའམ། ཡང་མིན་ན་ཀིརྟི་རིན་པོ་ཆེ་དང་མདོ་སྨད་པ་ལ་ཕྲག་དོག་གིས་མི་བཟོད་མཁན་ཞིག་ཡིན་པ་འདྲ། གང་ལྟར། ཀིརྟི་རིན་པོ་ཆེས་བོད་ཀྱི་ཆོས་དང་རིག་གཞུང་སོགས་ཀྱི་རྩ་བ་མདོ་སྨད་ནང་འཇུས་ཡོད་པ་དངོས་ཡོད་གནས་ཚུལ་རེད་ཅེས་གསུངས་འདུག དངོས་ཡོད་གནས་ཚུལ་ཡིན་སྟངས་ནི། ངས་བལྟས་ན་ལོ་སྔ་ཕྱི་འདིའི་ནང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་མདོ་སྨད་ནང་ནས་སློབ་ཕྲུག་ཚོས་ངོ་རྒོལ་ཤུགས་ཆེ་བྱས་དང་བྱེད་བཞིན་པ་དང། བོད་མིའི་རང་དབང་ཆེད་རང་ལུས་མེར་སྲེག་གཏོང་མཁན་མང་ཆེ་བ་མདོ་སྨད་ནང་ནས་བྱུང་དང་འབྱུང་བཞིན་པས་གཙོ་བོ་འདི་ཚོ་ལ་གཟིགས་ཏེ་རིན་པོ་ཆེས་དངོས་ཡོད་གནས་ཚུལ་རེད་གསུངས་པ་ཡིན་གྱི་རེད། སྐད་ཡིག་དང་རང་དབང་ནི་ང་ཚོའི་ཆོས་དང་རིག་གཞུང་གནས་མི་གནས་ཀྱི་རྩ་བ་ཐུག་ས་དེ་རེད། ད་ལྟའི་ཆར་ལས་འགུལ་འདི་དག་ཆོལ་ཁ་གསུམ་གྱི་ནང་ནས་ཤུགས་ཆེ་ཤོས་དང་མང་ཆེ་ཤོས་མདོ་སྨད་ནང་ནས་འབྱུང་བཞིན་ཡོད་པས། རྩ་བ་མདོ་སྨད་ནང་འཇུས་ཡོད་པ་རེད་གསུངས་ན་དེ་ལ་མ་རེད་ཅེས་ཞུ་ས་མི་འདུག་ག བློ་གཟུ་བོར་གནས་ཏེ་སྐད་ཆ་ཤོད། མི་དགོས་པའི་དཀྲུག་ཤིང་མ་བརྒྱབ། ཆོལ་ཁའི་ལར་ཞེན་རྩོད་པའི་དུས་ཚོད་མ་རེད། དངོས་ཡོད་གནས་ཚུལ་ཤོད་པའི་དུས་ཚོད་རེད། བོད་མི་ནང་ཁུལ་ལ་དངོས་ཡོད་གནས་ཚུལ་ཤོད། རྒྱ་ནག་ལ་དངོས་ཡོད་གནས་ཚུལ་ཤོད། འཛམ་གླིང་ལ་དངོས་ཡོད་གནས་ཚུལ་ཤོད།

    Reply
  5. གསེར་མོ་ལྗོངས། says:
    ལོ་ 13 སྔོན།

    ཐུབ་བསྟན་ལུང་རིགས་ཀྱིས་ཁ་བདེ་མདོག་ཁ་པོ་བཤད་འདུག བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་མདོ་སྨད་བློས་གཏོང་གི་ཡོད་ཚེ་ཁོ་རང་སྤྱི་འཐུས་ཚོགས་གཞོན་དང་། ཚོགས་གཙོ་བྱས་པའི་རིང་དང་། དེ་རྗེས་ཤེས་རིག་བཀའ་བློན་བྱས་པའི་རིང་སོགས་སུ་མང་ར་བ་གདུགས་དཀར་འབུམ་བདེ་སྲུང་བོད་གནས་ཉམས་ཞིབ་ཏུ་བཅུག་པ་དང་། ཤེས་རིག་དྲུང་འཕར་བཀྲ་ཤིས་དོན་གྲུབ་དང་ཆུང་ཚེ་རིང་གཉིས་མཁས་ཚད་བསྡུར་ས་མེད་ཀྱང་བཀྲ་ཤིས་ལ་གོ་གནས་ཆེ་བ་སྤྲད་པ། ཤར་ཕྱོགས་ཁུག་རྟ་ཨུ་ཚུགས་མཐར་སྐྱེལ་གྱིས་ལས་བྱེད་དུ་ཉར་བ་སོགས་མང་བོ་ཡོད་པ་ཤེས་གསལ་རེད། ད་གཞི་ནས་མདོ་སྨད་་བློས་བཏང་བྱ་རྒྱུ་དྲན་པར་བཀའ་དྲིན་ཆེ་ཞུའོ༌

    Reply
  6. ཤིང་ལོ། says:
    ལོ་ 13 སྔོན།

    དྲྭ་འབུས་དྲྭ་འབུ་འཇོམ་བྱེད་ཅིང་།།
    དྲྭ་འབུ་ཚང་མ་དུག་གིས་འཇོམ།།
    དུག་དེ་དགྲ་བོའི་ལག་ན་ཡོད།།
    དུག་དེ་རང་གི་ནང་ནའང་ཡོད།།

    Reply
  7. རྡོ་རྒོད། says:
    ལོ་ 13 སྔོན།

    ངོ་དང་ལུས་མི་མཚུངས་ལ་ཕྱི་དང་ནང་མི་མཚུངས་པའི་ཀིརྟིའི་ཨ་ནེ་རྒན་མོ། ཁྱོད་ཀྱི་ཐལ་དྲགས་པའི་སྐད་ཆ་དེ་ཁྱོད་ཀྱིས་དོན་དངོས་དང་མི་མཐུན་པ་མཁས་ལེན་བྱེད་ཀྱི་ཡོད་དམ། ངས་ཁྱོད་ཀྱི་གཏམ་ཆལ་ལ་སྒུག་ཡོད། གཡུ་དྲུག་དཀར་གྱིས་ཟུར་ལེན་གནང་བར་ཐུགས་རྗེ་ཆེ་ཞུ།

    Reply
  8. གནས་ཚང་། says:
    ལོ་ 13 སྔོན།

    ད་ལྟ་ཁམས་དང་ཨ་མདོ་ཞེས་པའི་ས་མཚམས་ཤིག་དབྱེ་རྒྱུ་ཡོད་པ་མ་རེད། ས་ཆ་ཚང་མ་རྒྱ་ནག་གཞུང་གིས་བདག་བཟུང་བྱས་ཡོད་པས། ཡུལ་ཤུལ་མཚོ་སྔོན་ནང་འཐིམས་ཟིན་ལ། གཞན་དག་དེ་ག་ནང་བཞིན་ཕར་འཐིམས་ཚུར་འཐིམས་རེད། གཙོ་བོའི་ནང་གི་གཙོ་བོ་ནི་རྒྱ་ལག་ནས་ས་ཆ་ཚང་མ་བླངས་རྗེས་ད་གཟོད་སྐད་ཆ་བཤད་རྒྱུ་དང་ས་གནས་མང་ཚོགས་ཀྱི་དགོས་འདུན་གཞིར་འཇོག་པ་ལས་ཐབས་གཞན་ལྷག་མེད།

    Reply
  9. གཡུ་དྲུག་དཀར། says:
    ལོ་ 13 སྔོན།

    སྐུ་ཞབས་རྡོ་རྒོད་ལགས། བོད་ཀྱི་ལོ་རྒྱུས་སྲིད་དོན་རྒྱལ་རབས་ནང་དུ། སྟོད་མདའ་རིས་གུང་ཐང་ནས་སོག་ལ་སྐྱ་བོའི་བར་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་དང་། སོག་ལ་སྐྱ་བོ་ནས་ཨ་ཆེན་གངས་རྒྱབ་བར་མདོ་སྟོད་མིའི་ཆོལ་ཁ། ཨ་ཆེན་གངས་རྒྱབ་ནས་མཆོད་རྟེན་དཀར་པོའི་བར་མདོ་སྨད་རྟ་ཡི་ཆོལ་ཁ་ཞེས་གསལ་བོར་འཁོད་ཡོད་མོད། འཇུ་ཆེན་ཐུབ་བསྟན་གྱི་ནང་དཀྲགས་མགོ་སྐོར་འོག་ཚུད་པའི་བླངས་དོར་མི་ཤེས་པ་སྐོར་ཞིག་གིས་རྒྱུ་མཚན་མེད་པར་རང་གི་ཕ་ཡུལ་དངོས་དེ་སྦས་སྐུང་བྱེད་བཞིན་ཡོད། དེར་བརྟེན་བསྡུས་གྲྭའི་རིག་པ་ལྟར་སྣང་ཞིག་གིས་བོད་མི་རིགས་ཀྱི་ལོ་རྒྱུས་ལ་མཐོང་ཆུང་བྱེད་བཞིན་ཡོད།

    Reply
  10. གླིང་གེ་སར། says:
    ལོ་ 13 སྔོན།

    མཚན་ལ་བཀུར་འོས་པའི་ཀུརྟི་རིན་པོ་ཆེ་ལགས་།བོད་ཀྱིས་ཆོས་དང་རིག་གཞུང་རྩ་བ་མདོ་སྨད་ནས་འཇུས་ཡོད་གསུང་པ་དེ་བདེན་པའི་དཔངས་པོ་ཡང་མང་པོ་འདུག་་ཡང་བོད་ཀྱིས་ཆོས་དང་རིགས་གཞུང་རྩ་མེད་གཏང་མི་མདོ་སྨད་རེད་ལབ་ནའང་བདེན་པའི་དཔངས་པོ་མང་པོ་འདུག་།གང་ལྟར་བླ་མའི་མཚན་གྲ་བའི་གཟུགས་ཅན་ནས་ཕྱོགས་རིས་ཞེན་ཆགས་དེ་འདྲ་མ་གསུང་རོགས་།དུས་དེ་རིང་བར་ལུས་སྲོག་ལོངས་སྤྱོད་གྲངས་མེད་གཏང་བར་དེ་བོད་རྒྱལ་ཁབ་ཀྱི་དོན་དག་རེད་།སྐད་ཆ་ཚིག་གཅིག་གསུང་ནའང་བོད་ལ་ཕན་པར་ཞིག་དགོས་།

    Reply
  11. རྡོ་རྒོད། says:
    ལོ་ 13 སྔོན།

    དྲྭ་གྲོགས་ཨ་མའི་བུ་ལགས་ཁྱོད་ཀྱིས་བློ་ཕམ་གནང་མི་དགོས་དེའི་སྐབས་སུ་བླ་རྒན་སྣང་བ་བསྐྱིད་པོ་ཆགས་པ་རེད། ཕྱོགས་གཅིག་ནས་མདོ་སྟོད་སྨད་དང་ཨམ་མདོ་ཁམས་པའི་ཁྱེད་པར་ཡག་པོ་ཞིག་མ་ཤེས་ཡིན་ས་རེད། ངས་ལན་ཞིག་ལ་སྒུག་ནས་བསྡད་ཡོད་འོན་ཀྱང་ད་དང་གོ་ཡ་མི་འདུག

    Reply
  12. ཨ་མིའི་བུ། says:
    ལོ་ 13 སྔོན།

    རྗེས་སུ་ཡི་རང་དང་བཀྲ་ཤིས་བདེ་ལེགས་ཡོད། འོན་ཀྱང་རིན་པོ་ཆོ་གསུངས་བཤད་འདི་ཧ་ཅང་ཐལ་གྲགས་འདུག་ལགས། བོད་ཀྱི་ཆོས་དང་རིག་གཞུང་སོགས་ཕྱོགས་གང་ཅིའི་ཐད་རྩ་བ་དེ་མདོ་སྨད་ནང་འཇུས་བསྡད་ཡོད་པ་རེད། ཟེར་དེ་དངོས་ཡོད་གནས་ཚུལ་མ་རེད་་རིན་པོ་ཆེ་མདོ་སྨད་པ་ཞིག་ཡིན་པའི་ཆ་ནས་བཤད་བསྡད་པ་དེ་འདྲ་རེད་ཅེས་ཞུ་འདོད་བྱུང་། དེ་ནི་རིན་པོ་ཆེའི་ཐུགས་བསམ་མ་བཞེས་པའི་བཀའ་མོར་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
    ཁོ་བོ་ཡང་མདོ་སྨད་པ་ཞིག་ཡིན་ཀྱང་དེ་ལ་ནམ་ཡང་ངོས་ལེན་མེད་པ་མ་ཚད་བློ་ཕམ་ཡོད་ལགས།

    Reply
  13. རྡོ་རྒོད། says:
    ལོ་ 13 སྔོན།

    ཀིརྟི་རིན་པོ་ཆེའི་སྙན་ལམ་དུ་ཞུ་རྒྱུ། མདོ་སྨད་ཀྱི་ཁོངས་སུ་གཏོགས་པའི་ས་མཚམ་གང་ནས་གང་གི་བར་ཡིན། དེང་སོང་ཨམ་མདོ་གང་ཡིན་ལ་མདོ་སྨེད་དང་ཁམས་པ་གང་ཡིན་ལ་མདོ་སྟོད་བྱེད་ཀྱི་འདུག་པས་ཁམས་དང་ཨམ་མདོ་གང་ལ་བརྟེན་ནས་གཏགས་པ་དང་མདོ་སྟོད་སྨད་གང་ལ་བརྟེན་ནས་གཏགས་པ་དེ་ལ་དཀའ་ལན་བསལ་པོ་ཞིག་ཡོད་པ་མཁྱེན། ཟུར་ལན་འདེབས་མཁན་ཡོད་ན་ཐུགས་རྗེ་ཆེ་ཞུ། གཙོ་བོ་བློ་བསྐྱེད་ཡོད་པ་ཞིག་རེ་བ་ཡིན།

    Reply
  14. བློ་འཕེལ། says:
    ལོ་ 13 སྔོན།

    སྤྱིའི་གནས་བབ་ཡག་པོ་རེད། འོན་ཀྱང་་་་་་བོད་ཀྱི་ཆོས་དང་རིག་གཞུང་སོགས་ཕྱོགས་གང་ཅིའི་ཐད་རྩ་བ་དེ་མདོ་སྨད་ནང་འཇུས་བསྡད་ཡོད་པ་རེད།་་་་་ཅེས་པའི་ཚིག་འདི་རིགས་ཕན་ལས་གནོད་ཆེ་སམ་སྙམ།

    Reply
  15. སྦྲ་གསར་དཀར་ལོ། says:
    ལོ་ 13 སྔོན།

    བོད་ཆོལ་གསུམ་རྒྱལ་གྱུར་ཅིག

    Reply
  16. སངྒེ ། says:
    ལོ་ 13 སྔོན།

    རང་ལུས་མཆོད་འབུལ་གྱི་ལས་འགུལ་དང་། སྐད་ཡིག་བདག་དབང་གི་ཞི་རྒོལ། དུས་ངེས་མེད་ཟས་བཅད། བོད་སྐྱོད་གོམ་བགྲོད་སོགས་གང་ཡིན་རུང་། ཡུལ་དུས་ཀྱི་དབང་གིས་མདོ་སྨད་དང་ཧ་ཅང་འབྲེལ་ཆེ་བས་ན། ད་རེས་མདོ་སྨད་ཀྱི་དངོས་ནས་གང་དགའ་ཅི་དྲག་གི་གྲོས་མོལ་མཐར་ཕྱིན་པ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་རེད།

    Reply
  17. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཚོགས་གཙོ་མཆོག་གིས། དེང་སྐབས་རྒྱ་གཞུང་གིས་ང་ཚོའི་སྤྱི་ཚོགས་ནང་དཀྲུགས་ཤིང་རྒྱག་ཐབས་སུ། སྤྱི་ཚོགས་ནང་དངོས་སུ་ཐོན་ཏེ་དཀྲུགས་ཤིང་རྒྱག་མཁན་དང་། དྲ་རྒྱ་བརྒྱུད་ནས་དཀྲུགས་ཤིང་རྒྱག་མཁན། མི་གཞན་བརྒྱུད་ནས་དཀྲུགས་ཤིང་རྒྱག་མཁན་སྣ་ཚོགས་ཡོང་གི་ཡོད་པ་དང་། ད་ལྟའི་གནས་སྐབས་སུ་དོལ་རྒྱལ་ལྟ་བུ་ཡིན་ནའང་།
    ཡང་། ཁ་ཅིག་གིས།
    བོད་ཀྱི་ཆོས་དང་རིག་གཞུང་སོགས་ཕྱོགས་གང་ཅིའི་ཐད་རྩ་བ་དེ་མདོ་སྨད་ནང་འཇུས་བསྡད་ཡོད་པ་རེད། ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese