མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རབས་གཉིས་པའི་གསུམ་དུས་དང་པོ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༤༨སྟེང་གི་རྩོམ་སྒྲིག་པའི་གཏམ།

དེ་རིང་ནི་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༠ ཉིན་ལྷ་སར་བཅའ་སྡོད་དམག་དཔོན་ཐཱན་ཀོན་སན་གྱིས་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་འཁོར་དང་ཞབས་འབྲང་གཅིག་ཀྱང་འཁྲིད་མི་ཆོག་པར་སྐུ་རྐྱང་ལྷ་ས་ནོར་བུའི་གླིང་ཁའི་ཉེ་འཁྲིས་སུ་ཡོད་པའི་དམག་སྒར་ནང་དམག་མིའི་ཟློས་གར་འཁྲབ་སྟོན་ཞིག་ལ་མགྲོན་འབོད་བྱས་སྐབས། བོད་མི་ཁྲི་ཕྲག་མང་པོས་ནོར་གླིང་ཕོ་བྲང་གི་མཐའ་བསྐོར་ཏེ་ཁོག་པའི་སྙིང་ལས་གཅེས་པའི་ཡིད་བཞིན་ནོར་བུ་རྒྱ་དམག་གིས་བཙན་འཁྲིད་བྱེད་པར་དོགས་ཤིང་། ལྷ་སའི་དམར་དམག་གི་དབང་བསྒྱུར་མཐར་སྐྲོད་གཏོང་འདོད་ཀྱིས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ལ་དཔའ་མཛངས་ཀྱི་རྔམ་བརྗིད་ཆེ་བའི་བོད་མིའི་སྒེར་ལངས་ཀྱི་དབུ་ཁྱུད་བྲིས་ཏེ་བགྲང་བྱ་ང་གསུམ་འཁོར་བའི་ཉིན་མོ་དེ་ཡིན། འདི་ནི་བཙན་བྱོལ་བོད་མིའི་མི་རབས་གཉིས་པའི་གསུམ་བཅུའི་དུས་དྲན་ཐེངས་དང་པོ་དེ་ཡིན་ཞེས་བརྗོད་ཀྱང་ཆོག
    བོད་པ་བཙན་བྱོལ་དུ་གྱར་ཏེ་གསུམ་བཅུའི་དུས་དྲན་ཐེངས་དང་པོ་སྲུང་གཙི་གནང་སྐབས། ༧གོང་ས་མཆོག་གིས་དེ་རིང་ནི་རང་རེ་བོད་མི་མང་ནས་ལྟ་ལོག་ངན་གཡོའི་ལམ་དུ་ཞུགས་པའི་རྒྱ་དམར་གྱི་སྲིད་དབང་གདུག་རྩུབ་ཅན་ལ་ངོ་རྒོལ་དང༌། བོད་སྒེར་ལངས་རང་དབང་བསྐྱར་གསོའི་དོན་དུ་ལས་འགུལ་ཆེན་པོ་སྤེལ་ཏེ་ལོ་གཅིག་འཁོར་བའི་གཟི་བརྗིད་ཅན་གྱི་ཉིན་མོ་རྗེས་དྲན་ཞུ་འོས་པ་ཞིག་ཡིན་ལ། འཇིག་རྟེན་འདིར་ཡིག་རིགས་དང༌ལོ་རྒྱུས་མ་དར་བའི་དུས་སྐབས་ལ་སུ་ཞིག་སུའི་ཁོངས་སུ་གཏོགས་མིན་སུས་ཀྱང་བརྗོད་དཀའ་ཞིང༌། འོལ་ཚོད་དུ་བརྗོད་ཀྱང་རྩ་འཛིན་མི་འཕེར་ལ། ཡིག་རིགས་དང་ལོ་རྒྱུས་ཀྱི་སྲོལ་དར་རྗེས་ཕྱི་སྣོད་ཀྱི་བཀོད་པའི་ས་ཆུ་རི་བྲག་གངས་ཀྱི་རྭ་བ་སོགས་ཆགས་ཚུལ་དང༌། ནང་བཅུད་ཀྱི་སེམས་ཅན་མི་རིགས་དང་སྐད་ཡིག་རིག་གནས། ཆས་གོས། མི་གཤིས་སོགས་སྒོ་ཀུན་ནས་གསལ་པོར་ཤན་འབྱེད་པའི་རང་རེ་བོད་རིགས་རྣམས། རང་སྲིད་རང་ཉིད་ཀྱིས་སྐྱོང་བའི་རྒྱལ་ཁབ་སྒེར་བཙན་གཙང་མ་ཞིག་ཡིན་པར་ལོ་ངོ་སྟོང་ཕྲག་གོང་གི་བཙན་པོ་རིམ་བྱུང་དང་བོད་རྗེ་རིམ་པ། རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་བར་རྒྱལ་རབས་ལོ་རྒྱུས་ནས་གསལ་པོར་རྟོགས་ཞེས་ཉིན་མོ་འདིའི་རིན་ཐང་དང་། སྐབས་དེའི་ཆབ་སྲིད་ལངས་ཕྱོགས་ཀྱི་ཟུར་ངོས་ཤིག་ནས་གླེང་ཡོད།  
    ཉིན་མོ་འདི་ནི་བོད་པའི་སྲིད་དོན་ལོ་རྒྱུས་ཐོག་ཏུ་ཁྲག་དམར་བཞུར་བའི་ཉི་མ་ནག་པོ་ཞིག་ཡིན་ཞིང་། བོད་ས་རྒྱ་ལག་ཏུ་ཤོར་ནས་ད་ལྟའི་བར་གྱི་ཆབ་སྲིད་འཕོ་འགྱུར་དང་། བོད་གཞིས་བྱེས་གཉིས་ཀྱི་རྩ་དོན་འཐབ་རྩོད་ཀྱི་ལེའུ་གསལ་བའི་ལོ་རྒྱུས་ཀྱི་གླེགས་བམ་ཞིག་ཀྱང་ཆགས་ཡོད། ལོ་ལྟར་དེ་རིང་གི་ཉིན་མོར་རྒྱལ་སྤྱིའི་སྲིད་དོན་ཉམས་ཞིབ་པ་དག་གིས་མིག་ཧྲིག་ཧྲིག་དང་ཨམ་ཅོག་གྲུང་གྲུང་གིས་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་ལྟ་ཞིང་། བོད་གཞིས་བྱེས་ཀྱི་མི་མང་ཚོས་བློ་རྩེ་གཅིག་སྒྲིམ་ཐོག་ངྷ་རམ་ས་ལའི་བཀའ་གསུང་ལམ་སྟོན་ལ་ཉན།
            ད་ལོའི་གསུམ་བཅུའི་དུས་དྲན་ནི་དེ་བས་ཀྱང་འགག་རྩ་ཞིག་ཏུ་འཁེལ་ཡོད། ༧གོང་ས་མཆོག་གིས་བོད་པའི་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་མཚམས་འཇོག་གནང་སྟེ། ནང་པའི་དབུ་ཁྲིད་ཁེ་གཙང་ཞིག་དང་ཤཱཀྱ་དགེ་སྦྱོང་ཁེར་ཚུགས་ཤིག་གི་ངོས་ཐད་ནས་བོད་མི་བྱིངས་དང་ལྷན་དུ་མི་མང་གིས་བདམས་པའི་མགོ་ཁྲིད་དག་ལ་རྒྱང་གཟིགས་དང་། ཡང་སྒོས་སྲིད་སྐྱོང་ར་སྟག་ནས་བརྒྱུད་པའི་མཚན་གནས་རྗེས་འབྲེལ་གྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གི་བོད་པའི་རྩ་དོན་འཐབ་རྩོད་ཀྱི་སྲིད་བྱུས་ལངས་ཕྱོགས་དང་། འདས་མ་འོངས་ད་ལྟ་གསུམ་གྱི་བློ་འདོན་འཆར་འགོད་ལ་རྒྱང་གཞལ་གནང་བའི་ཉིན་མོ་ཞིག་ཀྱང་ཆགས་ཡོད།
 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༢ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese