མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསུམ་བཅུའི་དུས་དྲན་གྱི་སྔ་ཕྱིའི་མཐོང་ཐོས་ཐོར་བུ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཏཱ་ལའི་བླ་མཐོ་སློབ་ཀྱི་དགེ་རྒན་ཨ་འཇམ།

བོད་པ་ཚོར་མཚོན་ན་དུས་ཚོད་འདི་ནི་ངེས་པར་དུ་གླེང་དགོས་པའི་ཉིན་མོ་གལ་ཆེན་ཞིག་ཡིན་ལ། དེ་རིང་ནས་ཕྱིར་ལྡོག་གིས་མི་ལོ་ང་གསུམ་པའི་དཔྱིད་ཀར་ལྷ་སའི་ནོར་བུ་གླིང་གར་ཞོགས་པ་སྔ་མོ་ནས་མི་ཚོགས་ཚོམ་བུ་ཚོམ་བུར་འདུ་བཞིན་ཡོད། བར་སྐབས་ཤིག་ཏུ་མི་མང་སུམ་ཁྲི་ཙམ་གྱིས་ནོར་གླིང་ཁོར་ཡུག་ཧྲིལ་གྱིས་བཅུམ་སོང་། འདི་ནི་མི་སེར་དཀྱུས་མས་རྒྱ་གཞུང་གི་བྱེད་སྟངས་ལ་མ་དགའ་བའི་རྣམ་འགྱུར་ཐོག་མ་དེ་བྱུང་བ་ཡིན་ལ། བོད་དུ་ཞི་བའི་ངོ་རྒོལ་གྱི་སྡེབ་ལངས་ཐོག་མ་དེ་ཡང་ཡིན། ལོ་རྒྱུས་འདི་ལས་ད་གཟོད་བཙན་བྱོལ་བ་ཞེས་པའི་འུ་ཅག་གི་བགྲོད་ལམ་དེ་ཡང་ཧི་མ་ལ་ཡའི་རི་སྒང་དུ་འཐེན་མགོ་ཚུགས་པ་དང་། ཡུལ་གྱར་བའི་གཞུང་ཞིག་ཀྱང་རྒྱུས་མེད་ཀྱི་ངྷ་སའི་རི་བོའི་སྟེང་དུ་ཨུ་ཚུགས་ཀྱིས་འཛུགས་དགོས་བྱུང་།

 

འདི་ལྟར་ལོ་དང་ཟླ་མཐུད་ནས་དེ་རིང་གི་དུས་ཚོད་ཉིན་མོ་བསུས་པ་རེད། གཞིས་སྡོད་བོད་པ་ཚོས་ཀྱང་གསུམ་གཅིག་ཀླད་གོར་ནི་ག་ལེར་གསལ་ནས་གསལ་དུ་ཕྱིན་ཏེ། དེ་རིང་གི་མི་རབས་གསར་བའི་ཁྲག་རྩའི་ཁྲོད་དུ་ཨང་གྲངས་འདི་ཉིད་ལོ་རྒྱུས་ཀྱི་འུར་སྒྲ་ཞིག་ཡིན་པ་ངོས་འཛིན་གསལ་བོར་བྱུང་། ད་ལྟ་བོད་ཁུལ་གང་སར་དམག་མི་བཀྲམས་ཏེ་དམ་དྲག་ཤིན་ཏུ་ཆེ་བ་བརྗོད་པས། ཕྱི་ལོགས་ནས་ཁ་པར་མ་གཏོང་རོགས། ང་ཚོར་དཀའ་ངལ་སྤྲོད་ཀྱི་འདུག་ཅེས་པ་དང་། ང་ཚོས་ཉིན་ཁ་ཤས་ལ་འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག་ཅེས་པ་སོགས་གང་ལྟར་མངོན་ལྐོག་ཅི་རིགས་ཀྱིས་ཁོང་ཚོ་དཀའ་ངལ་ཞིག་ཏུ་ཚུད་ཡོད་པ་ཧ་ཅང་གསལ་བོ་ཤེས་ཐུབ། ཉེ་ཆར་སྤྱི་ཟླ་ ༢ པའི་ནང་དུ་བོད་ནང་གི་དྲ་ཚིགས་ཚད་ལྡན་རེ་ཟུང་སྒོ་བརྒྱབ་སོང་བས། གཞོན་སྐྱེས་རྩོམ་པ་པོ་མི་ཉུང་བ་ཞིག་གིས་དེ་ནི་གསུམ་གཅིག་ཀླད་གོར་གྱི་ཉིན་མོར་བྱོལ་བའི་གཡོ་ཐབས་དང་དངངས་སྐྲག་མ་བཟོད་པ་ཞིག་ཡིན་ཚུལ་བརྗོད་པ་མ་ཟད། དྲ་ཚིགས་དེ་དག་མཚམས་ལ་བཞུགས་པ་ངེས་པར་དུ་མཚམས་གྲོལ་དགོས་པའི་ཐ་ཚིག་ནན་གྱིས་བསྒྲགས་པས། གྲུབ་འབྲས་ཀྱང་མི་དམན་པ་བྱུང་ལ། དེས་ནི་བོད་ནང་གི་ན་གཞོན་ཤེས་ཡོན་པའི་བསམ་བློའི་སྟོབས་ཤུགས་དང་ཁ་ཕྱོགས་ལ་ངོས་འཛིན་གསལ་བའི་ཐིག་རིས་ཤིག་བརྒྱབ་ཟིན་པ་ཡིན།

 

གསུམ་བཅུ་དུས་དྲན་གྱི་ཉིན་མོར་ང་དང་ངའི་ལས་གྲོགས་སྐོར་ཞིག་བྲེལ་བ་ཅུང་ཆེ་ཙམ་ཡོད། དེ་ནི་ཐེངས་འདིའི་དུས་དྲན་དང་འབྲེལ་བའི་གཏམ་བཤད་བྱ་དགོས་པས་ཡིན། ང་རང་ཡོད་པའི་མཐོ་སློབ་འདི་ནི་གྲོང་ཁྱེར་ཞིག་གི་ཉེ་འགྲམ་དུ་ཡོད་ལ། སློབ་གྲྭའི་ཁོར་ཡུག་གི་ས་ཁྱོན་ཡང་ཆེ་ཙམ་ཡོད་པས། སྤྱིར་གུ་ཡངས་པོ་འདུག་མོད། ད་ལྟ་ས་ཆའི་སྟེང་དུ་ཡུལ་མིའི་བར་དུ་རྩོད་རྙོག་ཕྲ་མོ་ཞིག་འདུག་པས། དེ་རིང་གི་གསུམ་བཅུའི་དུས་དྲན་ཡང་འུར་སྒྲའི་རང་བཞིན་དུ་སྐད་འབོད་བྱེད་ཐབས་མ་འགྲིག་པས། ང་ཚོས་ཀྱང་ཚོགས་འདུའི་རང་བཞིན་གྱི་བྱེད་ཐབས་ཤིག་ཏུ་སྤྱད་པ་རེད། དགེ་རྒན་ཚོས་གསུམ་བཅུ་དུས་དྲན་དང་འབྲེལ་བའི་གཏམ་བཤད་མ་བྱས་གོང་དུ་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱངས་བྱས་པ་རེད། འདི་ནི་སྔར་ལོ་དང་མ་འདྲ་བར་༧གོང་ས་མཆོག་གི་གསུང་འཕྲིན་མ་ཡིན་པར་བཀའ་ཁྲིའི་གསུང་བཤད་ཁོ་ན་ཡིན་པས། ཆབ་སྲིད་ཀྱི་འགྱུར་འགྲོས་ཆེན་པོ་ཞིག་གི་གྲུབ་འབྲས་ཀྱང་གསལ་བོར་མཚོན་ཐུབ། དགེ་རྒན་ཚོས་དུས་དྲན་དང་འབྲེལ་བའི་བརྗོད་གཞི་རེ་རེ་ནི་ཚོགས་རྭ་འདིའི་ལྷིང་འཇགས་ཅུང་ཟད་སྒུལ་བཞིན་པའི་ཉམས་སྣང་བྱུང་ལ། དེ་རྗེས་སློབ་མ་ཚོས་རི་མོའི་སྒྱུ་རྩལ་གྱི་ལམ་ནས་དུས་དྲན་མཚོན་པའི་པར་རིས་མང་པོ་ཞིག་གློག་ཆས་བརྒྱུད་ནས་རྩིག་ལྡེབས་སུ་བསྟན་བྱུང་ལ། དེ་དག་ལ་གནས་རིམ་མི་འདྲ་བའི་བྱ་དགའ་ཞིག་ཀྱང་སྤྲད་སོང་། དེ་རྗེས་དུས་དྲན་དང་འབྲེལ་བའི་བོད་དབྱིན་གྱི་རྩོམ་ཡིག་འགའ་ཞིག་ཀྱང་སྒྲོག་སྦྱངས་བྱས་ཏེ་དུས་ཡུན་གང་འཚམ་ཤིག་ཏུ་ཚོགས་རྭ་འདི་ཉིད་ཆེས་ཚོར་ཤུགས་ཀྱིས་བརྟས་པའི་བྱ་འགུལ་རིགས་ཤིག་གི་ངོ་བོར་འཕོས་པར་གྱུར། དེ་ལྟར་ཉིན་གུང་ཡོལ་རྗེས་འཚོགས་འདུ་ཡང་གྲོལ།

 

ཉིན་འདིར་སྦེལ་ཀོབ་ནས་སྤྱི་ལེ་སུམ་བརྒྱ་ཉེ་བར་ཡོད་པའི་སྦེང་ལོར་གྲོང་ཁྱེར་དུ་སྐད་འབོད་བྱེད་པར་མི་སྣ་བརྒྱ་ལྷག་ཕྱིན་སོང་ལ། དེ་བཞིན་སྦེང་ལོར་གྲོང་ཁྱེར་གྱི་སློབ་ཕྲུག་སོགས་བོད་མི་བརྒྱ་མང་པོ་ཞིག་མཉམ་དུ་འཛོམས་ཏེ་སྐད་འབོད་བྱེད་བཞིན་པའི་སྒང་ཡིན། ང་རང་ལམ་སང་ལས་ཤག་ཏུ་ལོག་སྟེ་དྲ་སྒོ་ཕྱེས་པ་ཡིན། སྐབས་འདིར་རྡ་ས་རུ་མི་སྣ་ལྔ་སྟོང་འཛོམས་ཏེ་དུས་དྲན་སྲུང་བརྩི་བྱེད་བཞིན་པ་ཤེས་རྟོགས་བྱུང་ལ། ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་བོད་དུ་ལོག་པའི་ལས་འགུལ་གྱི་འགོ་བཟུང་བ་ཡང་གསལ་བོར་ཤེས་བྱུང་། ད་དུང་ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་བོད་མི་གསུམ་གྱིས་ཟས་བཅད་ངོ་རྒོལ་བྱས་ཏེ་ཉིན་བཅོ་བརྒྱད་པ་འགྲོ་བཞིན་པ་ཡང་མཐོང་བྱུང་། དེ་བཞིན་མིག་དམར་ལགས་ཀྱིས་མིག་སྒྲིབ་རྒྱལ་དཀྲོགས་ཞེས་པའི་མིག་ལ་སེང་རས་གཡོགས་ཏེ་རྒྱ་གར་རྒྱལ་ཡོངས་སུ་སྐོར་སྐྱོད་བྱེད་བཞིན་པའི་གནས་ཚུལ་ཡང་མཐོང་བྱུང་། གཞན་ཡང་གསུམ་བཅུ་དུས་དྲན་གྱི་རི་མོ་འདྲ་མིན་དང་རྩོམ་རིག་འདྲ་མིན་མཐོང་གིན་འདུག སྔར་ཁོ་བོའི་དྲ་ལམ་དུ་ཐད་ཀར་གླེང་མོལ་གྱི་བརྡ་རྟགས་མང་ན་ཉི་ཤུ་ལས་མེད་མོད། དེ་རིང་བརྒྱ་ལ་ཉེ་བ་ཡོད་ཚུལ་ལ་བལྟས་ན་དྲ་ལམ་ནས་དུས་དྲན་སྲུང་བརྩི་དང་གསར་འགྱུར་ལྟ་ཀློག་གི་རེ་སྒུག་སྔར་ལས་ཆེ་བའི་སྣང་ཚུལ་ཞིག་ཀྱང་མཐོང་བྱུང་། སྐབས་འདིར་བོད་པ་ཞིག་ཡིན་ཚེ། དྲ་ཚིགས་སུ་བཏང་བའི་བརྩམས་ཆོས་དག་ཀྱང་ཐེངས་འདིའི་དུས་དྲན་འབྲེལ་བ་མེད་པ་ཤིན་ཏུ་དཀོན་པོ་འདུག གལ་སྲིད་འབྲེལ་མེད་ཀྱི་པར་རིས་སོགས་བཏང་ཚེ་རྒོལ་ཚིག་ཀྱང་བསྒྲག་ངེས་པ་ལྟ་བུའི་ཚོར་བའི་ཚ་རླབས་ཤིག་འཕྱུར་བཞིན་མཆིས།

 

དྲ་ལམ་གྱི་གླེང་གཞི་ཆེས་ཆེ་ཤོས་ནི་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་བོད་དུ་ལོག་པའི་འཐབ་རྩོད་ཀྱི་ལས་འགུལ་རྩོམ་བཞིན་པ་དེ་རེད། དེ་ཡང་ཞབས་མཆན་བརྒྱ་ལ་ཉེ་བར་བྱུང་བར་མ་ཟད། ཞབས་མཆན་དག་ཀྱང་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་ཚིག་གམ། ཡང་ན། ལས་འགུལ་བ་གསུམ་གྱི་སྐུ་སྲོག་ལ་བར་ཆད་མེད་པར་ཤོག་ཅེས་པ་སོགས་རེད་ལ། དེ་དག་ལས་ཀྱང་ཚོར་བ་དམིགས་བསལ་བ་ཞིག་བྱུང་བ་ནི། ཁོང་ཚོ་ལས་འགུལ་མགོ་འཛུགས་ཀྱིས་སྐྱེལ་མ་བྱ་སྐབས་མི་མང་གིས་ཁོང་གསུམ་ལ་ཁ་བཏགས་ཀྱིས་གཡོགས་ཏེ། མི་མང་ཁྲོད་དུ་མིག་ཆུ་ཤམ་ཤམ་བཞུར་བཞིན་པ་ཧ་ཅང་མང་པའི་གནས་ཚུལ་དེ་རེད། དེ་ལས་ཚོར་ཤུགས་ཆེ་བ་ནི། མི་ཚོགས་ཀྱི་འུར་ཟིང་དང་མིག་ཆུའི་སྐྱེལ་མའི་ཁྲོད་དུ་རྐང་ཐང་དུ་བཞུད་པའི་ལས་འགུལ་བ་འདི་དག་གཞི་ནས་མི་མང་དང་ཁ་བྲལ་སོང་བ་དེ་རེད། སྐབས་ཤིག་ཏུ་དྲ་ལམ་ནས་ཁོང་ཚོ་ཡང་བསྐྱར་མཇལ་བྱུང་། རྒྱ་གར་གྱི་གྲོང་གསེབ་ཀྱི་ཐོག་སོ་རྙིང་བའི་ཁྱམས་རྭ་ཞིག་ཏུ་ཁུ་སིམ་ཞིང་གྲང་ཤུར་ཤུར་གྱིས་མཚན་གཞུང་སྐྱེལ་བཞིན་པ་དེ་རེད། དོ་དགོང་ངས་རང་ཉིད་ཀྱི་ངོ་དེབ་གླེང་མོལ་གྱི་བརྡ་རྟགས་ཡོད་པའི་མི་ལྔ་བཅུ་ལྷག་འདུག་པ་ལས། མི་ཉི་ཤུ་ཙམ་ལ་ཚེ་བརྟན་རྡོ་རྗེའི་ད་ལྟའི་གནས་ཚུལ་གོ་སོང་ངམ་ཞེས་དྲིས་པས། དོན་དངོས་ཀྱི་གནས་ཚུལ་གོ་བའི་ལན་གཅིག་ལས་རག་མ་བྱུང་། དེ་ནི་སྙན་སྒྲོན་པ་ཚེ་རིང་སྐྱིད་རེད། ཁོ་མོས་བརྗོད་ན། ད་ལྟ་ཁོང་ཚོ་ངྷ་ས་རྒྱང་ཐག་རིང་བོ་མེད་ཚུལ་བརྗོད་པར་མ་ཟད། ལྷ་མོ་སྐྱིད་ཀྱི་རྐང་བ་ཅུང་ཟད་ན་བཞིན་འདུག་པ་ལས། ཚེ་བརྟན་རྡོ་རྗེ་དང་ཨ་མ་གཉིས་ཀ་བདེ་ཐང་ཡོད་ཚུལ་གྱི་གསར་འགྱུར་ཐོས་བྱུང་། གནས་ཚུལ་འདི་ཡང་དྲ་ལམ་གྱི་གྲོགས་པོ་མི་ཉུང་བ་ཞིག་ལ་ཆེད་དུ་བཏང་བ་ཡིན། ཡིན་ནའང་། ཁོ་ཚོ་ཉིན་འགའི་རྗེས་ནས་མི་མང་ཚོས་རྦད་དེ་རྙེད་དཀའ་བའམ་བོར་བརླགས་ཐེབས་པར་འགྱུར་བའི་སེམས་ཁྲལ་ཞིག་ངང་གིས་བྱུང་།

 

དེ་བཞིན་ཨ་མདོ་རེབ་གོང་ནས་གསུམ་བཅུ་དུས་དྲན་སྲུང་བརྩི་བྱས་པའི་གནས་ཚུལ་མཐོང་བས། རང་ཉིད་ཀྱི་སེམས་ཁམས་ཀྱང་ཆ་མི་སྙོམས་པའི་ཡམ་ཡོམ་དུ་བསྒྱུར་སོང་། གང་ལྟར་ཡུ་རོབ་དང་ཨ་རི། ཐེ་ཝན། འཇར་པན་སོགས་ཤར་ནུབ་ཀྱི་བོད་མི་འདུས་སྡོད་ཀྱི་ཡུལ་གྲུ་གང་སར་རྣམ་པ་འདྲ་མིན་གྱི་སྒོ་ནས་གསུམ་བཅུ་དུས་དྲན་སྲུང་བརྩི་བྱེད་བཞིན་པའི་གསར་འགྱུར་དྲ་ལམ་ནས་གཅིག་རྗེས་གཉིས་མཐུད་དུ་མཐོང་གིན་འདུག དེ་ལྟར་དུ་གསར་འགོད་པ་དང་རྩོམ་སྒྲིག་པ། ཉམས་ཞིབ་པ་སོགས་ཀྱང་ཆེས་ཁོམ་ལོང་བྲལ་བའི་དུས་ཚོད་ཅིག་ཏུ་གཏོགས་ལ། བོད་པ་ཞེས་པའི་མི་རིགས་ཤིག་གི་ཚོར་ཤུགས་ཆེས་མཐོ་བའི་དུས་སྐབས་ཤིག་ཀྱང་ཡིན་ནོ།།

 

འཕྲལ་མར་སྤེལ་བས་ཡིག་ནོར་གཏགས་ནོར་ལ་དགོངས་དག་ཞུ། ༢༠༡༢ ། ༣ ། ༡༡ དགོང་མོར།

 

རྩོམ་སྒྲིག་པའི་མཆན། ༼ གོང་གི་རྩོམ་ཡིག་འདི་རྩོམ་པ་པོའི་ཟིན་བྲིས་ལས་བདམས་བཀོད་བྱས།༽

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 1

  1. སྒེའུ་ཁུང་། says:
    ལོ་ 14 སྔོན།

    ང་ཚོ་བོད་ཀྱི་གནས་སྟངས་འདི་འདྲ་ཞིག་གི་སྒང་ལ་བོད་ཕྱི་ནང་གི་དོན་དངོས་གནས་ཚུལ་མང་བོ་གསར་འགྱུར་བརྒྱུད་ལམ་ནས་འཛམ་གླིང་གི་མིག་སྔར་སྟོན་རྒྱུ་ནི་ཁ་གཏད་དགོས་ཐུག་གི་ལས་ཀ་ཞིག་ཡིན་བཤད་མ་དགོས་པ་ཞིག་རེད་མོད།
    ཁ་ཤས་ཞིག་གིས་གསར་འགྱུར་རྫུན་མ་དང་ཁ་ཤས་ཞིག་གིས་གསར་འགྱུར་ཡང་དག་ལ་དགག་པ་རྒྱག་པའི་སྐོར་གཉིས་འདུག ས་ཉིན་སུམ་བཅུ་དུན་དྲན་ཉིན་ཨ་མདོ་རེབ་གོང་གི་དགོན་ལག་བདེ་ཆེན་དགོན་པས་སུམ་བཅུ་དུས་དྲན་སྲུང་བརྩི་བྱས་པའི་གནས་ཚུལ་ངས་དེ་ག་ནས་བཏང་བ་ཞིག་དེར་མདའ་དཔོན་ཟེར་བ་ཞིག་གིས་གསལ་བོ་མུན་ཚུལ་ལབ་འདུག འདི་འདྲའི་རིགས་ཧ་ཅང་སྐྱོ་བོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese