མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོ་དང་སང་ལོའི་དཔལ་འབྱོར་གནས་བབ་འདི་འདྲ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་དབུས་བོད་མིའི་སྒྲིག་འཛུགས་ལ་མ་དངུལ་ཧིན་སྒོར་ ༧༠༥༨༣༠༠༠༠ འདུག་ལ། ད་ལོ་ནས་སང་ལོའི་བར་འགྲོ་འཆར་སྒོར་ ༡༠༤༡༣༦༠༠༠༠ དང་ཡོང་འཆར་སྒོར་ ༡༠༤༡༣༦༠༠༠༠ ཙམ་རེད། འདིའི་ཐོག་སྤྱི་འཐུས་གྲོས་ཚོགས་ཀྱིས་འགྲོ་གླེང་བྱེད་མུས་རེད།

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་གཉིས་པ་སྟེ། ཁ་སང་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་འགྲུབ་མཆོག་གིས་ལྷན་ཁང་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༢ ནས་ ༢༠༡༣ བར་གྱི་སྔོན་རྩིས་གྲོས་ཚོགས་ལ་སྙན་སྒྲོན་ཞུས་སོང་།

དཔལ་འབྱོར་བཀའ་བློན་མཆོག་གིས་ད་རེབ་ཀྱི་སྔོན་རྩིས་འདི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་བཅུ་བཞི་པའི་སྔོན་རྩིས་དང་པོ་དེ་ཆགས་ཡོད་སྟབས། ལས་འཆར་གལ་གནད་ཆེ་བ་གང་འཚམ་ཞིག་སྔོན་རྩིས་སུ་འཆར་འབུལ་ཞུས་ཡོད། ད་ལྟའི་ཆར་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་དང་། བོད་མིའི་སྡོད་གནས་གཞིས་ཆགས་སོ་སོའི་ནང་འཚོ་རྟེན་དང་ཤེས་ཡོན། འཕྲོད་བསྟེན་བཅས་ཀྱི་མཐུན་རྐྱེན་འོས་འཚམ་འདུག་པར། ད་དུང་ཡར་རྒྱས་འགྲོ་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

ད་ལོའི་སྔོན་རྩིས་ནང་། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གསུམ་ ༦༣༨༨༡༠༠༠༠ ཡོད་པ་དང་། ཕྱི་ལོ་ ༢༠༡༡ ནས་ ༢༠༡༢ བར་སྒོར་བྱེ་བ་དྲུག་དང་ས་ཡ་བདུན་ ༦༧༠༢༠༠༠༠ ཙམ་ཁ་སྣོན་བྱས་ཏེ། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༣༡ ཉིན་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་བདུན་དང་ས་ཡ་ལྔ་ ༧༠༥༨༣༠༠༠༠ ཙམ་ཆགས་ཡོད་འདུག

ཕྱི་ལོ་ ༢༠༡༢ ནས་ ༢༠༡༣ བར་འགྲོ་འཆར་ཁྱོན་ཧིན་སྒོར་ཐེར་འབུམ་གཅིག་དང་བྱེ་བ་བཞི་ ༡༠༤༡༣༦༠༠༠༠ ཙམ་དགོས་པའི་རྒྱབ་གཉེར་ཞུས་འདུག་ལ། དེ་དག་ལས་གསོལ་ཕོགས་ཐོག་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ ༢༢༢༩༥༠༠༠༠ དང་། ལས་ཁུངས་ཁག་གི་རྒྱུན་གྲོན་ཐོག་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ ༡༧༦༨༠༠༠༠༠ ། གཞན་དམིགས་བསལ་ལས་དོན་དང་དམིགས་བཀར་ལས་འཆར་ཐོག་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བཞི་ ༦༤༡༦༡༠༠༠༠ ཙམ་གཏོང་འཆར་ཡོད་འདུག

ཕྱི་ལོ་ ༢༠༡༢ ནས་ ༢༠༡༣ བར་ཡོང་འཆར་ཁྱོན་ཧིན་སྒོར་དུང་ཕྱུར་དགུ་དང་བྱེ་བ་ལྔ་ ༩༥༡༦༩༠༠༠༠ ཙམ་ལ་ཚོད་དཔག་བྱས་འདུག་པ་ལས་ལས་ཁུངས་སོ་སོའི་ཟུར་བཀོལ་རྩིས་ཁོངས་སུ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བརྒྱད་ ༦༨༤༢༥༠༠༠༠ དང་། དཔལ་འབྱོར་ལས་ཁུངས་སུ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ ༢༦༧༤༣༠༠༠༠ ཡོང་རྒྱུར་ཚོད་དཔག་བྱས་འདུག

ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༣༡ ཉིན་བར་དང་བླང་དཔྱ་དངུལ་ལག་དེབ་ཞུ་མཁན་ ༡༤༢༠༨༨ བྱུང་ཡོད་པ་ནས་ལག་དེབ་ ༡༣༩༨༡༩ བཟོས་ཏེ་དོ་བདག་ལ་སྤྲད་ཟིན་ཡོད་འདུག་ཅིང་། དང་བླང་དཔྱ་དངུལ་ལག་དེབ་དང་། ངེས་ཅན་བསྡུ་དངུལ། ངེས་མེད་ཞལ་འདེབས་བཅས་ལས་སྒོར་ ༩༨༥༩༠༠༠༠ ཙམ་ཡོང་རྒྱུར་ཚོད་དཔག་བྱས་འདུག

མཇུག་ཏུ་དཔལ་འབྱོར་བཀའ་བློན་མཆོག་གིས་ “བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་དང་ལོ་རེའི་གཏོང་ཡོང་གི་གནས་སྟངས་མི་དམན་ཙམ་ཡོད་ནའང་། ཕྱིའི་རོགས་རམ་ལ་མུ་མཐུད་བརྟེན་དགོས་པ་དང་།  ལྷག་པར་དུ་བཙན་བྱོལ་བའི་གནས་བབ་ཀྱི་ཆ་ནས་འགྲོ་གྲོན་གང་ཅིའི་ཐད་དགོས་ངེས་བསྲི་ཚགས་གནང་རྒྱུ་གལ་འགངས་ཆེ་བས། དེ་ལ་ཚང་མས་དགོངས་བཞེས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན ”ཞེས་གསུངས་བྱུང་།

གསར་འགོད་པ། དོན་གོ།

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

ཆུ་ཚོད་ ༢༠ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༢༢ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

མཆན། 7

  1. རྟ་མགྲིན། says:
    ལོ་ 14 སྔོན།

    རྒྱལ་ཁབ་ཁག་ཅིག་གིས་མ་འོངས་ལོ་བཅུ་ལས་འཆར་དང་སྔོན་རྩིས་དཔལ་འབྱོར་ཏག་ཏག་གཏན་འབེབས་བྱེད་བཞིན་ཡོད་པ་རེད། ཁག་ཅིག་གིས་ལོ་ཉི་ཤུའི་ལས་འཆར་དང་སྔོན་རྩིས་གྲོན་དངུལ་ནར་གཏོང་ཐུབ་པར། མ་རྐང་དཔལ་འབྱོར་ཟུར་འཇོག་བྱེད་བཞིན་པ་རེད། འདི་དག་རྒྱལ་ཁབ་ཀྱི་གསང་བ་ལ་ཉར་ཡོད། ང་ཚོས་ཀྱང་ད་དུང་བོད་ཀྱི་བདེན་མཐའ་མ་སེལ་བར་དཔལ་འབྱོར་གྱིས་རང་འཚོ་ཐུབ་པ་དགོས་ལ། ད་ལྟའི་བཀའ་ཤག་གིས་འབྱུང་འགྱུར་བཀའ་ཤག་ལ་མ་རྐང་ལོ་བཅུ་ལ་འདིང་བར་གྲ་སྒྲིག་དང་། དེ་ལྟར་བཀའ་ཤག་སྐབས་རེ་རེ་མཚམས་ནས་མ་རྐང་ཟུར་འཇོག་གིས་སྐྱོད་ཐུབ་པ་ཞིག་ལ་ང་ཚོས་ཅིས་ཀྱང་བརྩོན་དགོས་ཀྱི་རེ་འདོད།

    Reply
  2. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    དོན་དངོས་གནས་ད་ཐེངས་འཚོགས་འདུ་འདིའི་སྟེང་ནས་སྲིད་སྐྱོང་དང་། བོད་གཞུང་ཞེས་པ་གྲོས་ཆོད་བཞགས་ཐུབ་ངེས་བྱ་དགོས།

    Reply
  3. ནད་པ says:
    ལོ་ 14 སྔོན།

    བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་བཤད་ན་དཔལ་འབྱོར་གྱི་གནས་སྟངས་བབ་དེ་ཆེས་གལ་འགངས་ཆེ་ཤོས་ཀྱི་གནད་དོན་ཞིག་ཆགས་ཡོད།

    གནས་བབ་དེའི་ཐོག་ནས་བོད་ཀྱི་ཆབ་སྲིད་དང་། ཆོས། རིག་གཞུང་། སྐད་ཡིག སྒྱུ་རྩལ་སོགས་ཕྱོགས་ཚང་མར་ཡར་རྒྱས་དང་གོང་འཕེལ་གཏོང་རྒྱུར་ཉ་ཆུ་ལྟ་བུའི་གནས་སྟངས་སུ་གྱུར་ཡོད།

    དཔལ་འབྱོར་བཀའ་བློན་གྱིས་གསུངས་བཤད་དེར་རིན་ཐང་ཆེན་པོ་ལྡན་ཡོད། ད་དུང་ཡག་ཤོས་བྱུང་ན་རང་མགོ་རང་ཐོན་ཡོང་རྒྱུའི་དམིགས་ཚད་བཟུང་དགོས།

    དེ་བཞིན་ལོ་རེའི་གྲོན་ཆུང་སྲི་ཚགས་ཕྱོགས་གང་ས་ནས་དགོངས་པ་བཞེས་དགོས།

    Reply
  4. རྒྱང་ལྟ། says:
    ལོ་ 14 སྔོན།

    གོང་གིས་དྲ་དྲོགས་འདིས་བཤད་པ་བདེན། ལས་བྱེད་སུ་ཞིག་ཡིན་ཡང་རང་གི་ལས་རིགས་ཐོག་ངེས་པར་ཤེས་ཚད་དང་ཉམས་མྱོང་ཡོད་པ་ཅན་དགོས་ལ། དེ་བཞིན་དགེ་རྒན་ཡིན་ནའང་ལག་ཁྱེར་ཡོད་མེད་དང་། མཐོ་དམན་ལ་མ་ལྟོས་པར་ཤེས་ཚད་དང་། ལྷག་བསམ་ཅན་ཡོད་དགོས། གོ་ཚོད་ལྟར་རང་གཞུང་གི་སློབ་གྲྭ་ཁག་ཅིག་ནང་ཤེས་ཚད་མེད་ཀྱང་ལག་ཁྱེར་མཐོ་བོ་ཡོད་མཁན་ལ་ལག་ཁྱེར་ལ་བལྟས་ནས་ཟླ་ཕོགས་མཐོ་བ་དང་།དགེ་རྒན་རིགས་ཞིག་ལ་ཤེས་ཚད་མཐོ་ཡང་ལག་ཁྱེར་མེད་སྟབས་ཟླ་ཕོགས་དམའ་བས་སེམས་ཤུགས་ཆག་ནས་ཕྱི་རྒྱལ་དུ་ཕྱིན་པའང་གོ་རྒྱུ་འདུག འདིའི་རིགས་ལ་གཞུང་གིས་ཡང་བསྐྱར་བསམ་བློ་གཏོང་དགོས། ཤེས་ཚད་དང་ལྷག་བསམ་ཡོད་པའི་དགེ་རྒན་ཤོར་ན་གྱོང་ངོ་མ་དེ་བུ་གུ་ཚོར་རེག་རྒྱུ་རེད། གྱོང་གུད་དེ་ཁ་གསེབ་ཐབས་མེད་པའི་བོད་མི་རབས་ཞིག་གསོ་སྐྱོང་ལ་གནོད་རྒྱུ་རེད། ཡང་མིན་ན་དགེ་རྒན་ཚང་མའི་ཤེས་ཚད་ཐབས་ཡིག་རྒྱུགས་ཤིག་བཏང་ནས་འདྲ་མཉམ་བཟོ་ཐུབ་ན་བཟང་སྙམ།

    Reply
  5. བདེ་རྒྱལ། says:
    ལོ་ 14 སྔོན།

    ད་ལྟ་རྒྱལ་སྤྱིའི་དཔལ་འབྱོར་མར་ཆག་པའི་སྐབས་འདིར། ང་ཚོས་ངེས་པར་གཞུང་གྲོན་ལ་བསྲི་ཚགས་བྱ་དགོས། ཤེས་ཡོན་རྐྱང་བའི་སྡེ་ཚན་ལ་དགོས་གལ་ཆེ་ན་མ་གཏོགས་ལས་ཁུངས་དང་སྡེ་ཚན་སོ་སོར་གད་པ་དང་། ཡིག་སྐྱེལ། ཇ་སྐྱེལ། སྒོ་སྲུང་སོགས་ལས་མི་གཅིག་གིས་འཐུས་སར་མི་ལྷག་མང་པོ་ཡོད་ལ། དེ་བཞིན་སློབ་གྲྭ་ཁག་ལ་དགོས་མེད་ཀྱི་མ་མ་ཐེ་བ་སོགས་ཡོད་པས་ད་གཟོད་ང་ཚོས་ཀྱང་ལས་བྱེད་ནང་ཁུལ་ཁུ་བསྡུ་དང་གཅིག་གོ་གཉིས་ཆོད་ཀྱི་ལས་འཆར་སྒྲིག་དགོས། ལས་བྱེད་དགོས་མེད་རིགས་ངེས་པར་ཚད་བཀག་བྱ་དགོས། གཞུང་ལ་དཔལ་འབྱོར་ཡོང་ཁུངས་ཤིག་ཀྱང་གཞུང་ནས་བཟོ་དགོས་སྙམ།

    Reply
  6. ཤིང་ལོ། says:
    ལོ་ 14 སྔོན།

    དཔལ་འབྱོར་གྱི་སྟེང་ལ་ཚང་མས་མགོ་འཇོག་ལུས་འཇོག་དང་། ངོ་ཚ་ཁྲེལ་མེད་བྱེད་བཞིན་ཡོད་པས། འདི་སྲི་ཚགས་ཡོང་ན་སྒྲིགས་འཛུགས་དང་། རྒྱལ་ཁབ་གང་ཡིན་ཀྱང་བཟང་ཧ་ཅང་ལེགས་པོ་རེད་བསམ། ཐུགས་རྗེ་ཆེ།

    Reply
  7. བཀྲ་ཤིས་ཉི་མ། says:
    ལོ་ 14 སྔོན།

    ཨ་རོ་དོན་ཁོ་ལགས། གསར་འགྱུར་རྐང་འདྲ་ཞིག་བྲིས་འདུག ཐུགས་རྗེ་ཆེ། རྣམ་དཔྱོད་རིགས་པ་ཚད་ངེས་ཅན་ལ་བསླེབས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese