ཁ་སང་ཕྱི་ཚེས་ ༡༩ ཉིན་ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཀྱིས། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༡༤ ཙམ་ལ་ཐུག་འཕྲད་བྱས་ཏེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་བྱུས་ཁག་མཚམས་འཇོག་དང་། བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཆེད་ཞིབ་འཇུག་ཚོགས་པ་ཆེད་གཏོང་གནང་རྒྱུ། བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་ཐོག ཨོ་སི་ཊོ་ལི་ཡའི་སྲིད་གཞུང་དང་མི་དམངས་ཀྱིས་སྔར་ལས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་ལྟར། མཇལ་འཕྲད་སྐབས་གྲོས་ཚོགས་འཐུས་མི་རྣམ་པས་ཁ་གཅིག་གྲགས་ཀྱིས་ཁོང་ཚོའི་དགོས་འདུན་དག་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་བརྗོད་འདུག དེ་བཞིན། ཉིན་དེར་རྒྱ་ནག་རྒྱལ་ས་པེ་ཅིན་དུ་རྟེན་གཞི་བྱས་པའི་ཨོ་སི་ཊོ་ལི་ཡའི་གཞུང་ཚབ་པ་ཧྥ་རན་སེ་ཨེ་ཌམ་སོམ་ (Frances Adamson) མཆོག་གིས་ཀྱང་། དེང་སྐབས་བོད་ནང་བོད་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་གཏོང་བཞིན་པའི་གནད་དོན་ལྟེ་བ་གང་ལ་ཐུག་ཡོད་མེད་ཤེས་རྟོགས་ཡོང་ཆེད། ཁོང་དངོས་སུ་བོད་ཀྱི་ས་ཁུལ་ཁག་ནང་ཞིབ་འཇུག་བྱེད་དུ་འགྲོ་རྒྱུར་རྒྱ་གཞུང་ལ་ཆོག་མཆན་ཞུས་ཡོད་པ་མ་ཟད། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ཚོར་ཡང་བོད་ནང་རྟོག་ཞིབ་ཏུ་བསྐྱོད་རྒྱུར་ཆོག་མཆན་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
ཨོ་སི་ཊོ་ལི་ཡཱ་སྲིད་གཞུང་ནི་སྐྱབས་བཅོལ་བ་ཚོ་ལའང་ཡག་པོ་ཡོད་ཟེར། ད་དུང་འདི་འདྲའི་རྒྱབ་སྐྱོར་གནང་བར་འཛམ་གླིང་གི་རང་དབང་ལ་དགའ་བའི་མི་མང་ཚང་མ་ཧ་ཅང་དགའ་ཡི་ཡོད་པས་ཐུགས་རྗེ་ཆེ།
བཀའ་དྲིན་ཆེན་པོ་རེད། ཡིན་ནའང་ཁྱོད་ཚོ་ལ་ཨེ་སྤྲད་མི་ཤེས། སྤྲད་ནའང་རང་དབང་གི་ཐོག་ནས་འགྲོ་སྐྱེད་ཆོག་པའི་ཆོག་མཆན་སྤྲོད་ཀྱི་མ་རེད་ཡ། ཁྱོད་ཚོ་ལ་རང་དབང་སྤྲོད་ན་རྒྱ་ཚང་གི་སྐྱག་པར་མེ་ཏོག་གི་རྒྱུན་ཡོད་པ་ཤེས་ཀྱི་རེད།དེ་ཁྱོད་ཚོས་ཤེས་སོང་ན་རྒྱ་ཚང་གིས་ལོ་མང་རིང་བོད་ལ་བདེ་སྐྱིད་དང་ལྷ་ཡུལ་ཟེར་བ་དེ་ནས་བཟུང་ཚར་སོང་བ་མ་རེད་དམ་་་་་་་་་་་ཧཧཧཧཧཧ
ཨོ་སི་ཊོ་ལི་སྲིད་གཞུང་ལ་བཀའ་དྲིན་ཆེ། བདེན་དོན་ལ་རྒྱབ་སྐྱོར་གནང་པར་་་
ཁྱེད་ཚོས་རྟོག་ཞིབ་བྱེད་སྐབས་རྒྱ་ནག་གི་གཡོ་སྒྱུ་ཁྲམ་གསུམ་ལ་ཡིད་འཇོག་གནང་རོགས། ཡོད་ཚད་རྫུན་གྱིས་བྱུགས་པའི་དགྱ་ནག་གི་དམར་སྲུང་བ་ཚོས་ཁྱེད་ཚོ་ལ་མགོ་སྐོར་གཏོང་སྲིད། ཁྱེད་ཅག་གིས་རང་ཉིད་ཀྱི་མདུན་ན་གནས་བའི་དངོས་ཡོད་ལྟ་བའི་འཚོ་བ་དག་ལ་ཡང་ཕྲ་མཐོང་ཆེ་ཤེལ་བཀོལ་དགོས། འདི་ངས་མཐའ་མཇུག་གི་རེ་བ་ཉག་གཅིག་ཡིན