མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝར་ཎའི་སློབ་མ་ ༢༨༤ ལ་ལག་འཁྱེར་སྤྲད།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པ་ཉིན་ཝར་ཎ་མཐོ་སློབ་ཏུ་སློབ་ཐོན་མཛད་སྒོ་ཞིག་ཚོགས་ཏེ། སློབ་ཐོན་པ་༢༨༤ ལ་ཨཱ་ཅརྱ་དང་ཤཱསྟི་ལག་འཁྱེར་སྤྲད་ཡོད།

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཤེས་ཡོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག སྐབས་བཅུ་བཞི་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་མཐོ་སློབ་ཀྱིི་ཨ་ཏི་ཤཱའི་ཚོགས་ཁང་དུ་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་མུ་རཱ་ཀུ་མར་མཆོག་དང་། རྒྱ་གར་གྱི་མཁས་དབང་ལོ་ཀེ་ཤཱ་ཅན་ཊ། ཨ་རིའི་ཀོ་ལིམ་པི་ཡཱ་གཙུག་ལག་སློབ་ཆེན་གྱི་ངེས་སྟོན་སློབ་དཔོན་རཱོ་བྷར་ཐར་མཱན་བཅས་དང་། ཕྱི་ནས་ཕེབས་པའི་མཁས་དབང་དང་དགེ་སློབ་བཅས་ཁྱོན་མི་ ༦༠༠ ལྷག་འདུ་འཛོམས་བྱུང་ཡོད།  

མཛད་སྒོའི་ཐོག་ཝར་ཎ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས། རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་མུ་རཱ་ཀུ་མར་མཆོག་གིས་རྒྱ་གར་གྱི་དམངས་གཙོ་དང་ཤེས་ཡོན། འགྲོ་བ་མིའི་རིན་ཐང་སྲུང་སྐྱོབ་བཅས་ཀྱི་ཐོག་གནང་བའི་རླབས་ཆེན་གྱི་མཛད་རྗེས་དང་།རྒྱ་གར་གྱི་མཁས་དབང་ལོ་ཀེ་ཤཱ་ཅན་ཊ་མཆོག་དང་ཀོ་ལིམ་པི་ཡཱ་གཙུག་ལག་སློབ་ཆེན་གྱི་ངེས་སྟོན་པ་རཱོ་བྷར་ཐར་མཱན་མཆོག་རྣམ་གཉིས་ཀྱིས། བོད་ཀྱི་ལེགས་བྱང་དང་ནང་པའི་རིག་གཞུང་གོང་སྤེལ་ཐད་ཞབས་འདེགས་རླབས་ཆེན་བསྒྲུབ་པའི་མཛད་རྗེས་ལ་ཆེ་བསྟོད་ཀྱི་ཚུལ་དུ “ངག་གི་བདག་པོ། ” ཞེས་པའི་ཚད་འཛིན་ཕྱག་འཁྱེར་ཕུལ་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོ་ནས་ ༢༠༡༡ ལོའི་བར་གྱི་སྡེ་ཚན་གཉིས་དང་ཁྱད་འཕགས་སློབ་དཔོན་དང་སློབ་དཔོན། གསོ་བ་རིག་པ། རྩིས་རིག་པ། བསྟན་བཅོས་གནས་རིམ་ཁག་གི་མཐར་ཕྱིན་སློབ་མ་ ༢༨༤ ལ་ཕྱག་འཁྱེར་ཕུལ་ཡོད།

མཇུག་ཏུ་ཀོ་ལི་པེ་ཡཱ་གཙུག་ལག་སློབ་ཆེན་གྱི་ངེས་སྟོན་སློབ་དཔོན་རཱོ་བྷར་ཐར་མཱན་མཆོག་གིས། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་འཛམ་གླིང་གི་སློབ་ཆེན་གཞན་དང་མི་འདྲ་བར། སློབ་མ་རྣམས་ལ་ནང་བསམ་བློ་དང་ཀུན་སྤྱོད་ཡར་རྒྱས་ཀྱི་སློབ་གསོ་གཙིགས་ཆེན་དུ་བཟུང་བཞིན་པ་དེ། འཛམ་གླིང་དགོས་མཁོ་ཞིག་ཏུ་གྱུར་ཡོད་སྟབས། མ་འོངས་པར་མུ་མཐུད་རྒྱུན་འཛིན་ཡུན་གནས་ཐུབ་པར་འབད་པ་བྱ་དགོས་པའི་གཏམ་བཤད་གནང་འདུག་ལ། ལྕམ་མུ་རཱ་ཀུ་མར་མཆོག་གིས། དེར་ཡོད་སློབ་མ་རྣམས་ལ་བསླབ་པ་སློབ་གཉེར་ནི། མིའི་སྤྱི་ཚོགས་བློ་གྲོས་དང་སྤྱོད་ལམ་སོགས་ཕྱོགས་ཡོངས་ཀྱི་ནུས་པ་སྐྱེད་སྲིང་བྱེད་པའི་ལག་ཆ་གཙོ་བོ་ཞིག་ཡིན་པ་དང་། ལྷག་པར་དུ་དུས་རབས་ ༢༡ པའི་འཛམ་གླིང་གི་ཤེས་ཡོན་དང་དཔལ་འབྱོར་འཕེལ་མྱུར་སྐབས་འདིར་གསར་གཏོད་ཀྱི་ཤེས་ཡོན་གལ་ཆེན་ཆགས་ཡོད་སྐོར་དང་། འཛམ་གླིང་གི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ཏུ་དབུལ་བོ་ཉམ་ཐག་དང་འཁྲུག་འཛིང་འཁོན་འཛིན་སོགས་བྱུང་སྟེ། ཡར་རྒྱས་ཀྱི་རྣམ་པ་ཅི་ཡང་ཐོན་ཐུབ་ཀྱི་མེད་པའི་གནད་འགག་གཙོ་བོ་ཡང་། ཤེས་ཡོན་ལ་རག་ལས་ཡོད་སྟབས། མ་འོངས་པར་སློབ་མ་ཚོའི་ངོས་ནས་ཤེས་ཡོན་ཐོག་འབད་པ་བྱ་དགོས་པའི་གཏམ་བཤད་སོགས་གནང་སོང་། 

གནས་ཚུལ་མཁོ་གཏོང་བ། གཞོན་ནུ་དོན་འགྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༧ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 5

  1. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    སློབ་ཐོན་པ་རྣམས་ལ་འཚམས་འདྲི་དང་ད་བར་བོད་ཀྱི་ནང་དོན་རིག་པའི་སློབ་གཉེར་གྱི་ནང་དོན་གང་ཡིན་དང་དེ་ཇི་ལྟར་ཉིན་རེའི་འཚོ་བའི་ནང་ལག་ལེན་འགེལ་དགོས་མིན་ཐད་མྱོང་ཚོར་ཆེན་པོ་བྱུང་ཡོད་ངེས་ལ་རྗེས་སུ་ཡི་རང་ཞུ། དེ་དང་ལྷན་དུ་དགེ་སློབ་རིས་སུ་མ་མཆིས་པ་ཡོངས་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་ལམ་བསླབ་པ་གསུམ་ལ་ཉམས་ལེན་དང་ཆོས་སྡེ་སྣོད་གསུམ་ལ་འཆད་ཉན། ཐོས་བསམ་སྒོམ་གསུམ་ཟླ་བ་ཡར་གྱི་ངོ་བཞིན་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུའོ།།།།།།།།

    Reply
  2. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    བཙན་བྱོལ་ནང་གི་མཐོ་སློབ་ཚད་ལྡན་གཅིག་པུ་ཡོད་པ་དེའི་སློབ་ཐོན་པ་ཡོངས་ལ་མཚམས་འདྲི་གྲངས་མེད་ཞུ། ཁྱེད་ཀྱི་རྣམས་ཀྱི་མ་འོངས་པའི་སྤྱི་ཚོགས་ལ་ཕན་པའི་བྱ་གཞག་ཡོངས་རྫོགས་ལམ་ལྷོངས་ཡོང་བའི་སྨོན་འདུན་གྲངས་མེད་ཞུ། དམིགས་བསལ་དུ་ཨཅརྱ་ཐོན་པ་དེ་ལས་སླ་པོ་ཞིག་མིན། བྱས་ཙང་དམིགས་བསལ་དུ་ཁྱེད་རྣམས་ལ་དགའ་བསུ་ཞུ།

    Reply
  3. གཞིས་ཆགས་བུ། says:
    ལོ་ 14 སྔོན།

    ཕྱག་ཁྱེར་བཞེས་པའི་སློབ་མ་ཡོངས་ལ་འཚམས་འདྲི་གྲངས་མེད་ཞུ་རྒྱུ། །ཁྱེད་རྣམས་ཀྱིས་ལོ་ངོ་དེ་དག་གི་རིང་ལ་གནས་ལྔ་་རིག་པའི་གཙུག་ལག་སློབ་གཉེར་ཁང་དེའི་ནང་དུ་སློབ་སྦྱོང་བྱེད་པ་བཞིན་། བོད་ཀྱི་ཆོས་རིག ལེགས་བྱང་། ལྷག་པར་ཉམས་ཉེས་སུ་འགྲོ་བཞིན་ཡོད་པའི་བོད་ཀྱི་སྐད་ཡིག་འདིའི་ཐོག་རླབས་ཆེན་གྱི་མཛད་རྗེས་འཇོག་ཐུབ་པའི་སྨོན་འདུན་ཞུ། །

    Reply
  4. བེ་རོ་ཙ་ན། says:
    ལོ་ 14 སྔོན།

    ཝ་ར་སློབ་གཉེར་ཁང་གི་དགེ་སློབ་ཡོངས་ལ་བསླབ་པ་མཐར་སོན་གནང་བའི་མཛད་རྗེས་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  5. ཤིང་ལོ། says:
    ལོ་ 14 སྔོན།

    ཧ་དགའ་བའི་ཐོག་ནས་རྟེན་འབྲེལ་ཞུ། ད་གང་དུ་ཕེབས་ཀྱང་དོན་ཕན་ལྡན་པའི་ཕྱག་ལས་གནང་རྒྱུ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese