མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མོ་ཞིག་དམར་གསོད།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ཟླ་བའི་ཉིན་ཨ་རིའི་བྱང་ཁཱ་ལི་ཧྥོར་ཎི་ཡའི་མཐོ་སློབ་ཅིག་ཏུ་ཀོ་རི་ཡའི་མི་ཞིག་གིས་བོད་ཀྱི་བུ་མོ་གཅིག་གཙོས་པའི་སློབ་མ་ ༧ དམར་གསོད་བཏང་འདུག

ཁ་སང་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་། ཨ་རིའི་བྱང་ཁཱ་ལི་ཧྥོར་ཎི་ཡའི་ཨོག་ཡེ་ཨཱ་ཌམ་ཁོ་སུ་མཐོ་སློབ་ནང་། ཐུང་མདའ་ཐོགས་པའི་སྐྱེས་པ་ཞིག་གིས་འཛིན་གྲྭའི་ནང་མེ་མདའ་གང་བྱུང་བརྒྱབ་སྟེ། ཉུང་མཐར་སློབ་མ་ ༧ དམར་གསོད་བཏང་ཡོད་འདུག་ལ། སྐབས་དེའི་དམར་གསོད་དོན་རྐྱེན་ཁྲོད་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་རང་ལོ་ ༣༣ ཡིན་པའི་བུ་མོ་བསོད་ནམས་ཆོས་སྒྲོན་ལགས་ཀྱང་འདས་གྲོངས་སུ་ཕྱིན་འདུག

སྐབས་དེར་སྐྱེས་པ་དེས་ལག་ཏུ་ཐུང་མདའ་བཟུང་སྟེ་འཛིན་གྲྭ་ཁག་ཏུ་མེ་མདའ་གང་བྱུང་རྒྱག་སྐབས། མཐོ་སློབ་དེར་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་མ་བདེ་ཆེན་གཡང་འཛོམས་ལགས་ཀྱིས་མེ་མདའི་སྐད་སྒྲ་ཐོས་མ་ཐག ལམ་སེང་ཡར་ལངས་བ་དང་མོ་རང་སྡོད་སའི་འཛིན་གྲྭའི་གློག་བསད་དེ་སྒོ་བརྒྱབ་ཡོད་སྟབས། ལག་དམར་དེས་འཛིན་གྲྭ་དེའི་ནང་གི་སློབ་ཕྲུག་གཅིག་ཀྱང་བསད་མི་འདུག་ལ། གནད་དོན་དེའི་ཐོག་ས་གནས་ཉེན་རྟོག་པས་ཁོ་མོར་བོད་པའི་དཔའ་མོ་ཞེས་པའི་བསྟོད་བསྔགས་ཀྱང་གནང་འདུག

ས་གནས་ཉེན་རྟོག་པས་བརྗོད་དོན་ལྟར་ན། ཉེ་ལམ་ནས་མཐོ་སློབ་དེའི་ཀོ་རི་ཡའི་སློབ་ཕྲུག་ཅིག་ལ་རྒྱུན་ལྡན་མིན་པའི་རྣམ་པ་བྱུང་འདུག་ལ། ཁོང་འཛིན་གྲྭར་ཡང་དུས་ཐོག་ཏུ་ཡོང་གི་མེད་པ་མ་ཟད། མཚམས་རེར་ཐུང་མདའ་ལག་ཏུ་ཉར་ཡོད་པ་སློབ་གྲོགས་ཁ་ཤས་ཀྱིས་མཐོང་ཡོད་པ་དང་། ཉེན་རྟོག་པས་དོགས་གཞི་དེའི་འོག་སློབ་མ་དེ་འཛིན་བཟུང་བཀག་ཉར་བྱས་འདུག

གནས་ཚུལ་གོ་ཐོས་བྱུང་འཕྲལ་གསར་འགོད་པས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་སུ་གནད་དོན་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་བརྗོད་དོན། “ ང་ཚོས་གནས་ཚུལ་དེ་ད་ལྟ་རང་གོ་ཐོས་བྱུང་བ་ཡིན། རྩ་བའི་བསོད་ནམས་ཆོས་སྒྲོན་ལགས་ ༢༠༡༠ ཟླ་ ༩ ཚེས་ ༦ ཉིན་ནས་ ༢༠༡༢ ཟླ་ ༩ ཚེས་ ༥ ཉིན་བར་ཕོགས་མེད་གུང་གསེང་ལ་ཕྱིན་ཡོད་སྟབས། གཞུང་དང་འབྲེལ་བ་ཆགས་ཡོད་པ་མ་རེད། གཞུང་འབྲེལ་ཕྱོགས་སྐྱོད་དང་གཞུང་འབྲེལ་ཐོག་ཕྱི་རྒྱལ་དུ་སློབ་གཉེར་གནང་མཁན་ཡིན་ན། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་འགན་འཁུར་དགོས་པ་རེད་ ” ཅེས་བརྗོད་བྱུང་།

བསོད་ནམས་ཆོས་སྒྲོན་ལགས་ནི། ༢༠༠༥ ལོའི་ཟླ་ ༩ ཚེས་ ༥ ཉིན་གཞུང་ཞབས་ཁོངས་སུ་འཛུལ་ཞུགས་གནང་ཡོད་པ་དང་།འདས་པའི་དུས་ཡུན་ལོ་ ༥ རིང་ཁོ་མོས་ནང་སྲིད་དང་ཤེས་རིག་ལས་ཁུངས་བཅས་སུ་ཕྱག་ལས་གནང་མྱོང་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 5

  1. གཅན་དཔལ་ལྡན། says:
    ལོ་ 14 སྔོན།

    གསར་འགོད་པའི་གསལ་བཤད། གནས་ཚུལ་དེ་བྱུང་འཕྲལ་འདི་གའི་གསར་འགོད་པ་ཤེས་རིག་དྲུང་ཆེ་དང་བཀའ་དྲུང་གཉིས་ལ་བཀའ་འདྲི་བྱེད་དུ་སོང་ཡོད་ནའང་། ཁ་སང་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་གིས་ཤེས་རིག་དྲུང་ཆེ་དང་རྩིས་ཁྲ་རྩིས་ལེན་གནང་གི་ཡོད་སྟབས། བཅར་འདྲི་དང་ལེན་གནང་ཡོད་པ་མ་རེད། དེ་ནས་གསར་འགོད་པ་གཞུང་ཞབས་འདེམས་བསྐོ་ལས་ཁུངས་ལ་འགྲོ་དགོས་བྱུང་བ་ཡིན།

    Reply
  2. ཀླུ་སྨྱོན། says:
    ལོ་ 14 སྔོན།

    སྙིང་རྗེ། སྤྱན་རས་གཟིགས་ལ་གསོལ་བ་འདེབས།

    Reply
  3. ཤིང་ལོ། says:
    ལོ་ 14 སྔོན།

    རྐྱེན་ངན་དག་ལ་འགྱོད་གདུང་དང་། རྗེས་སུ་དེའི་རིགས་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་རེད།

    Reply
  4. ཁྲི་སྲོང་བཙན། says:
    ལོ་ 14 སྔོན།

    མི་ནག་ལགས། ཁྱེད་ནས་ནོར་སོང་། སྐབས་འདིར་འགན་འཁུར་ནི་གཞུང་འབྲེལ་ཕྱོགས་སྐྱོད་དང་གཞུང་འབྲེལ་ཐོག་ཕྱི་རྒྱལ་དུ་སློབ་གཉེར་གནང་མཁན་ཚོར་དབུས་བོད་མིའི་སྒྲིག་འཛུགས་ལ་དམིགས་བསལ་་འགན་འཁུར་ཡོད་དེ་རེད། ཁྱེད་ཀྱིས་བཤད་པའི་འགན་འཁུར་དེ་ནི་གཞུང་དམངས་དབར་གྱི་འབྲེལ་བའི་འགན་འཁུར་རེད། གནས་ཚུལ་གང་དང་ཅི་འདྲ་ཡིན་ཡང་དབྱེ་གཞིགས་བྱས་ནས་འབྲི་དགོས། ཆེད་བཟོས་བྲིས་པ་ཡིན་ན་ནི་ང་ལ་བཤད་རྟྱུ་ཅང་མེད།།

    Reply
  5. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ༡༽ སྤྱིར་ནས་ཐེངས་འདིར་གསར་འགོད་པས་སྐད་ཆ་འདྲི་ས་དེ་འཇམ་དཔལ་ཆོས་བཟང་ཆགས་ཡོད་མེད་གནད་དོན་གཞན་ཞིག་རེད། དེའི་ཁར་འཇམ་དཔལ་ཆོས་བཟང་ལགས་ཀྱིས་གཞུང་འབྲེལ་ཡིན་མིན་གྱི་ཐོག་ནས་འགན་འཁུར་མིན་གྱི་སྐད་ཆ་བཤད་པ་དེ་ཅུང་ཁྱད་མཚར་རེད། གལ་སྲིད་འགན་འཁུར་དགོས་པ་ཆགས་ནའང་ག་ཚོད་ཅིག་འཁུར་ཐུབ་མིན་སུས་ཀྱང་ཚོད་དཔག་ཐུབ་པ་ཞིག་རེད་འདོད། མདོ་དོན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སྐུ་ཚབ་དོན་གཅོད་ཀྱི་འགན་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་ཁོངས་སུ་ཕྱག་ལས་གནང་མཁན་ཁོ་ན་ག་ལ་ཡིན། བཙན་བྱོལ་བོད་མི་སྤྱི་དང་གཞིས་ལུས་བོད་མི་ཐམས་ཅད་ཡིན་དགོས་པ་རེད། གཞུང་འབྲེལ་མི་སྣ་ཡིན་མིན་ལ་མ་ལྟོས་པར་བཙན་བྱོལ་བོད་མི་ཚང་མས་གཞུང་འདི་རང་གི་གཞུང་དང་། དེ་ལ་ལོ་ལྟར་རང་རང་གི་ལས་གླ་དང་ཚོང་ཁེ། ཕོགས་ཐོབ་སོགས་ཀྱི་ཐད་ནས་དང་བླངས་དཔྱ་དངུལ་འབུལ་བཞིན་པ་རེད། གཞུང་གི་བཀའ་བཀོད་གང་ཡིན་ཡང་གཙུག་ཏུ་བཀུར་བཞིན་དེའི་འོག་ཤར་སྐ྄ོད་བ྄ེད་བཞིན་པ་རེད། དེ་བས་ན། བཀའ་མོལ་གསུང་དུས་བོད་མི་སྤྱིའི་སྐྱིད་སྡུག་གི་ཐད་སྙོབ་ཐུབ་པ་ཞིག་བྱུང་ན་ཡག་པོ་ཡོད་རེད་འདོད། བུ་མོ་དེ་དང་དེའི་ནང་མི་ལ་སེམས་གསོ་དང་། བོད་རིགས་གང་ན་ཇི་སྡོད་ཚང་མས་སླད་མར་རང་རང་ས་ནས་བདེ་འཇགས་ལ་གང་གཟབ་བྱ་དགོས་པའི་ལམ་སྟོན་རེ་གནང་ན་དགེ་ཕན་ཆེ་བ་མ་ཡིན་ནམ།
    ཀོ་རི་ཡའི་གཞོན་སྐྱེས་ཚོས་ཨ་རིའི་སློབ་གྲྭ་ཁག་ནང་མེ་མདའ་སྐོར་བ་ཐེངས་དང་པོ་མ་རེད། ལོ་ཤས་གོང་ན་ཡང་བྱུང་བ་རེད། ཀོ་རི་ཡ་ནི་མ་གཞི་ནས་རང་སྲོག་གཅོད་མཁན་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད་རབས་འདུག ལོ་ཤས་གོང་གཞོན་སྐྱེས་ལྔ་དྲུག་ཅིག་གིས་མཉམ་དུ་རང་སྲོག་བཅད་པའི་སྒྲུང་འཇིགས་ཡེར་བ་རེ་ཡང་བྱུང་ཡོད་པ་རེད།
    ཡུལ་འདིར་དངོས་གནས་བཀའ་ཆོས་ཟབ་མོ་རེ་གསུང་རན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese