མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བཙན་མ་དངུལ་གཙང་བཟོ་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས། གཞོན་ལྷན་གྱིས་བསྡུ་བཞིན་པའི་བོད་རང་བཙན་ཐེབས་རྩའི་མ་དངུལ་དེ་ཟླ་རྗེས་མའི་ནང་མཇུག་སྒྲིལ་འཆར་ཡོད་སྐོར་བརྗོད་ཡོད།

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བཀོད་ཁྱབ་འོག ད་ལོའི་ཕྱི་ཟླ་ ༢ ཚེས་ ༢༢ ཉིན་ཏེ་བོད་ཆུ་འབྲུག་ལོའི་ལོ་གསར་ཚེས་གཉིས་ཉིན་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་གཞོན་ལྷན་ས་གནས་ཁག་ ༨༦ ཙམ་གྱི་ནང་། བོད་རང་བཙན་སླར་གསོའི་ཆེད་ཐེབས་རྩའི་མ་དངུལ་བསྡུ་རུབ་གནང་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡༧ ཉིན་བར་གཞོན་ནུ་ལྷན་ཚོགས་ཀྱིས་ས་གནས་མང་ཚོགས་ཁྲོད་ཐེབས་རྩའི་མ་དངུལ་བསྡུ་རུབ་གནང་སྟེ་དུས་ཡུན་ཟླ་གཉིས་ཙམ་འགྲོ་བཞིན་ཡོད་པ་རེད།

ད་ནངས་འདི་གའི་གསར་འགོད་པས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ། བོད་རང་བཙན་སླར་གསོའི་ཆེད་བསྡུ་རུབ་གནང་བཞིན་པའི་ཐེབས་རྩའི་མ་དངུལ་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། “ བོད་རང་བཙན་གྱི་ཐེབས་རྩའི་མ་དངུལ་ང་ཚོས་གང་མགྱོགས་བསྡུ་རུབ་བྱེད་བཞིན་ཡོད། མ་འོངས་པའི་ཟླ་གཅིག་ནང་ཚུད་ལ་བསྡུ་རུབ་གནང་ཚར་བའི་རེ་བ་བྱེད་ཀྱི་ཡོད། སྐབས་དེར་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་གསལ་ནང་གསལ་ཐོག་གསར་འགོད་གསལ་བསྒྲགས་བསྐྱང་སྟེ། ཞལ་འདེབས་ཀྱི་ཡོང་ཁུངས་དང་དངུལ་རྩིས་ཀྱི་གྲངས་འབོར་སོགས་གཙང་བཟོ་བྱ་རྒྱུ་” ཡིན་ཞེས་བརྗོད་སོང་།

ཐེབས་རྩའི་མ་དངུལ་དེ་བོད་མིའི་སྒྲིག་འཛུགས་ལ་ཇི་ལྟར་འབུལ་འཆར་ཡོད་མེད་སྐོར་དྲིས་པར། “ཐོག་མའི་ཆར་ང་ཚོས་གསལ་བསྒྲགས་སྤེལ་སྐབས་ཐེབས་རྩའི་མ་དངུལ་དེ་བོད་རྒྱལ་ཁབ་འཛུགས་བསྐྲུན་ཆེད་ཡིན་སྟབས། བོད་གཞུང་ལ་འབུལ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། གལ་སྲིད་བོད་གཞུང་གིས་ངོས་ལེན་མ་གནང་པ་ཡིན་ན། ཐེབས་རྩའི་མ་དངུལ་དེ་གཞོན་ལྷན་གྱིས་བོད་རྒྱལ་ཁབ་སླར་གསོ་བྱུང་སྐབས་ཕུལ་ན་མ་འགྲིག་པ་གང་ཡང་ཡོད་པ་མ་རེད ”ཅེས་ལན་འདེབས་གནང་སོང་།

གནས་སྟངས་དེའི་ཐད་གཞོན་ནུའི་དྲུང་ཆེ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས་བརྗོད་ན། བོད་རང་བཙན་སླར་ཆེད་བསྡུ་རུབ་གནང་བཞིན་པའི་ཐེབས་རྩའི་མ་དངུལ་དེ། ད་སྔ་ཨ་རི་དང་ཕྱིའི་རྒྱལ་ཁབ་རེ་ཟུང་མ་གཏོགས་གྲུབ་ཚར་ཡོད་ལུགས་དང་། ད་བར་གཞོན་ལྷན་གྱིས་ས་གནས་བརྒྱ་ཆ་ ༧༠ ནང་མ་དངུལ་བསྡུ་རུབ་གནང་ཐུབ་བྱུང་ཡོད་སྐོར་བརྗོད་ཡོད།

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 5

  1. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    འདི་གཞོན་ནུའི་ཆབ་སྲིད་ཀྱི་མདའ་ཁ་ནང་དུ་ཕྱོགས་པ་ཞིག་རེད།

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    ཐུགས་རྗེ་གཟིགས། ཡང་དངུལ་དེ་བུ་མེད་ཚོགས་པའི་མ་དངུལ་ཇི་བཞིན་མི་འབྱུང་བའི་རེ་བ་དང་སྨོན་ལམ་ཞུ་བཞིན་ཡོད། བོད་ཀྱི་གནས་སྟངས་ཡ་ང་བ་འདི་ལ་གཏོགས་ཙམ་གཟིགས་རོགས་གནང་དང་།

    Reply
  3. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    བོད་ཀྱི་རྩ་དོན་འདི་མི་རབས་རྒན་པ་ནས་གཞོན་པའི་ཕྲག་སྟེང་དུ་རང་བཞིན་གྱིས་བབས་ཡོང་བ་ནི་ཆོས་ཉིད་ལ་སོང་བས། གཞོན་ནུ་ལྷན་ཚོགས་ནི་བོད་ཀྱི་མ་འོང་རྩ་དོན་བསྒྲུབ་མཁན་གལ་ཆེ་ཤོས་ཞིག་ཆགས་ཡོད། བྱས་ཙང་རྒྱལ་ཁབ་ཀྱི་རྩ་དོན་བསྒྲུབ་པར་མ་དངུལ་འབོར་ཆེན་དགོས་པ་རེད་ལ་ཞལ་འདེབས་བསྡུ་རུབ་གཅིག་པུ་མ་ཡིན་པར་ཁེ་ལས་གཉེར་དགོས་པ་གལ་ཆེའི་ནང་གི་དོན་ཆེན་ལ་རྩིས་དགོས་པར་འདོད། མ་ཟད་ལྐོགས་ཟའི་གནད་དོན་ལ་ངེས་པར་དུ་དྭོགས་ཟོན་གནང་དགོས་པ་རེད།
    འོན་ཀྱང་མ་དངུལ་དབུས་བོད་མིའི་སྒྲིག་འཛུགས་ལ་འབུལ་འཆར་ཞེས་པ་དེ་རྒྱུ་མཚན་ག་རེ་ཡིན་ནམ། དབུས་སྒྲིག་འཛུགས་གཞུང་གི་བཞེངས་ཕྱོགས་ཏང་ཀྲུང་དབྱང་སྲིད་གཞུང་གིས་གཞིས་འགུག་གནང་ན་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་ལོག་འདོད་ཡོད་པ་རེད་ལ་ཏང་གི་དྲོ་སྐྱིད་ལ་རེ་ཡོད་པ་རེད། འོན་ཀྱང་གཞོན་ལྷན་གྱི་བཞེངས་ཕྱོགས་རང་བཙན་གཙང་མ་ཡིན་པ་རེད་མ་གཏོག་ཏང་གིས་གཞིས་འགུག་ལ་རེ་ཡོད་པ་ཡིན་རྒྱུ་མ་རེད་པ། འདི་གཉིས་འགལ་ཟླ་མ་རེད་པས།

    Reply
  4. རྒྱང་མིག says:
    ལོ་ 14 སྔོན།

    བོད་རང་བཙན་མྱུར་ཏུ་ཐོབ་པར་ཚང་མས་འབད་བརྩོན་བྱེད་རོགས་ཞུ་རྒྱུ་ཡིན། འདི་ནི་ང་ཚོ་བོད་ཅེས་པའི་མིང་བྱང་འོག་འཇིག་རྟེན་འདིར་གསོན་ཐུབ་ཚེ་སྲོག་གི་རྒྱུ་བ་ཉག་ཅིག་ཡིན། བོད་རྒྱལ་ལོ།།

    Reply
  5. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི། དུས་ཀྱི་གཉེན་འཕྲང་གི་ཁུག་སོ་ལ་ངེས་པར་དུ་འཁོ་གལ་ཆེ་བ་མ་ཟད། མེད་དུ་མི་རུང་བའི་ཚོགས་པ་གལ་ཆེན་ཞིག་ཡིན་པ་རང་ངོས་ནས་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོ་དབུས་གཞུང་ནས་བྱེད་དུ་མི་གཏུབ་པའི་བྱ་བ་གལ་འགང་ཆེ་བའི་རིགས་ཚོགས་པ་འདི་རྒྱུད་ནས་བྱེད་ཕོད་པའི་སྙིང་སྟོབས་འདུག་ལ། ཕྱིས་འབྱུང་ལ་ཡང་མུ་མཐུད་ནས་བྱེད་པར་འགྱུར་བའི་ཡིད་ཆེས་གཙང་མ་ཡོད། ང་ཚོའི་འཐབ་རྩོད་ངར་པོ་འདི་མི་རིགས་ཀྱི་འཕོ་འགྱུར་ཡ་ང་བ་ཞིག་གི་རྗེས་གནོན་ཡིན་པ་བཞིན་གཞོན་ནུ་ཡོད་ཚད་སེམས་ཤུག་འཕར་བའི་ལས་འགུལ་ལ་ཤུག་སྣོད་རྒྱག་དགོས། འགྲན་ཟླས་ག་ཚོད་ཙམ་ཀྱི་གནོན་ཤུག་ཡོད་ན་ཡང་དཔའ་མི་ཉམས་པའི་ལྷག་བསམ་དང་ལ་རྒྱ་གོང་མཐོར་བཏང་བའི་ལས་འགུལ་ལ་མི་རྒྱུ་གཉིས་ཐད་ནས་འགྲོ་གྲོན་བཏང་ཐུབ་པའི་མ་དངུལ་དགོས་པ་ཡིན་ཙང་། དབུས་གཞུང་ལ་སྤྲོད་དགོས་པའི་རྒྱུ་མཚན་ཡང་དག་གཏན་ནས་མི་འདུག་སྙམས

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese