མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དང་ཝེ་ཐི་ནམ་གྱི་གནད་དོན་རྒྱལ་སྤྱིའི་ཐོག་བསྐྱལ་ཐུབ་པར་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་བཞུགས་སྒར་ངྷ་རམ་ས་ལར་ཝེ་ཐི་ནམ་དང་བོད་ཀྱི་མཐུན་འབྲེལ་ཚོགས་པ་ (VIET NAM_ TIBET ALLIANCE FIGHTING FOR FREEDOM ) ཞེས་པ་གསར་འཛུགས་གནང་ཡོད་པ་ལྟར། འདི་གའི་གསར་ཁང་གིས་ཚོགས་གཙོ་ཐུབ་བསྟན་བསྟན་འཛིན་ལགས་སུ་ཚོགས་པའི་དམིགས་ཡུལ་དང་མ་འོངས་ལས་འཆར་སོགས་ཀྱི་ཐད་ནས་བཅར་འདྲི་ཞུས་ཡོད། 

    དྲི་བ། ཐོག་མར་ཁྱེད་ཀྱིས་ཚོགས་པ་གསར་འཛུགས་ཀྱི་བརྒྱུད་རིམ་དང་ཚོགས་གཙོ་དང་ཚོགས་མི་ངོ་སྤྲོད་ཅིག་གནང་རོགས། 

    ལན། ང་རང་ལ་མཚོན་ན་སྔོན་མ་ནས་བཞུགས་སྒར་གཡས་གཡོན་དུ་ཉི་ཧོང་གི་སྐད་བསྒྱུར་བའི་ལས་ཀ་བྱས་པ་ཡིན། འདི་ལོའི་ཕྱི་ཟླ་ ༣ པའི་ནང་བོད་ཀྱི་མཛངས་མ་འགྲན་བསྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་བརྒྱུད་དེ། ངས་ཝེ་ཐི་ནམ་གྱི་དམངས་གཙོ་དོན་གཉེར་བ་ལྕམ་ཝེན་ (Miss Ven) ལགས་ངོ་ཤེས་སོང་། ཁོ་མོས་ད་ལྟའི་བོད་པའི་ཛ་དྲག་གི་གནས་སྟངས་འདིའི་སྐབས་བོད་པ་ཚོས་རང་ངོས་ནས་འབད་པ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཝེ་ཐི་ནམ་དང་བོད་ཀྱི་ཛ་དྲག་གི་གནས་སྟངས་གཉིས་ངོ་བོ་གཅིག་པ་ལྟ་བུ་ཆགས་ཡོད་སྟབས། ཕན་ཚུན་མཉམ་རུབ་ཐོག་ཚོགས་པ་ཞིག་གསར་འཛུགས་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་དང་མཉམ་རུབ་ཐོག་འབད་པ་བྱ་རྒྱུའི་སྐད་ཆ་བྱུང་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ལྕམ་ཝེན་དང་སྐུ་མགྲོན་ཁག་ཅིག གསར་འགོད་པ་བཅས་ལྷན་འཛོམས་ཐོག་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཉེ་འགྲམ་དུ་༼ཝེ་ཐི་ནམ་དང་བོད་ཀྱི་མཐུན་འབྲེལ་ཚོགས་པ༽་གསར་འཛུགས་ཀྱི་མཛད་སྒོ་ཚོགས་ཏེ་དངོས་སུ་གསར་འཛུགས་གནང་པ་རེད། ལྕམ་ཝེན་ལགས་ལ་མཚོན་ན་དམངས་གཙོ་དོན་གཉེར་བ་ཞིག་དང་ལོ་ ༡༤ ལྷག་གི་རིང་བཙོན་ཁང་དུ་བསྡད་པའི་ཆབ་སྲིད་བཙོན་པ་ཞིག་རེད་ལ། ༢༠༠༨ ལོར་ཧྥ་རན་སི་རྒྱལ་ས་ཕ་རེ་སིར་བོད་རང་བཙན་དང་ཝེ་ཐི་ནམ་རང་བཙན་བཅས་ཀྱི་སྐད་འབོད་བྱས་རྗེས་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་བྱས་འདུག  འདིི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་ཁོ་མོ་ཆེད་དུ་བཞུགས་སྒར་དུ་བོད་མིའི་སྒེར་ལངས་ཐེངས་ ༥༣ པའི་ཐོག་མཉམ་ཞུགས་བྱས་པའི་སྐབས་དང་སྟབས་བསྟུན་ཏེ་ཚོགས་པ་འདི་གསར་འཛུགས་གནང་ཡོད་ཀྱང་། ཚོགས་པའི་མཐུན་འགྱུར་ཆ་ཚང་ཐད་ཁོ་མོས་རོགས་རམ་གནང་གཏན་ཁེལ་ཡོད་ལ། གནས་སྐབས་རིང་ངས་ཚོགས་གཙོའི་ལས་འགན་འཁུར་ཏེ་ལས་ཀ་བྱེད་བཞིན་པ་ལས།  ཚོགས་གཞོན་དང་དྲུང་ཆེ། རྩིས་པ། ལས་བྱེད་བཅས་དམིགས་བསལ་གང་ཡང་བསྐོ་བཞག་བྱས་མེད། ད་ལྟའི་ཆར་ཚོགས་མི་ལྕམ་ཝིན་ལགས་དང་ང་རང་། ངྷ་སར་གནས་སྡོད་ལྷག་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དཔལ་འབྱོར་འགན་འཛིན་བཟོད་པ། བོད་ཀྱི་མཛངས་མའི་འགྲན་བསྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་བཅས་ཚོགས་མི་ཁག་ཅིག་ལས་ཡོད་པ་མ་རེད།

    དྲི་བ། ཝེ་ཐི་ནམ་དང་བོད་ཀྱི་མཐུན་འབྲེལ་ཚོགས་པ་ཞེས་པ་འདི་འཛུགས་དགོས་པའི་རྒྱུ་མཚན་དང་ཚོགས་པའི་དམིགས་ཡུལ་གཙོ་བོ་ཅི་ཞིག་ཡིན།

    ལན། ང་ཚོས་ཚོགས་པ་འདི་གསར་འཛུགས་ཀྱི་དམིགས་ཡུལ་གཙོ་བོ་ཝེ་ཐི་ནམ་དང་བོད་གཉིས་རྒྱལ་ཁབ་ཐ་དད་ཡིན་ཡང་། ཆོས་ལུགས་ཀྱི་ཐད་ནས་ཝེ་ཐི་ནམ་དང་བོད་པ་གཉིས་ཀ་ནང་པ་ཡིན་པ་གཅིག་མཚུངས་ཆགས་ཡོད། ཝེ་ཐི་ནམ་ལ་མཚོན་ན་ད་ལྟའི་ཆར་ཕྱི་ནང་གཉིས་སུ་གྱེས་ཏེ། ནང་ལོགས་སུ་ཡོད་མཁན་ཚོ་དམར་ཕྱོགས་ཀྱི་ལྟ་བ་འཛིན་མཁན་དང་ཕྱི་ཕྱོགས་སུ་ཡོད་མཁན་ཚོ་དམངས་གཙོ་དོན་གཉེར་བ་ཆགས་བསྡད་ཡོད་ཀྱང་། འཛམ་གླིང་ཡུལ་གྲུ་གཞན་དུ་ཝེ་ཐི་ནམ་གྱི་མཐུན་འབྲེལ་ཚོགས་པ་མང་པོ་གསར་འཛུགས་བྱས་ཡོད་པ་རེད། བཞུགས་སྒར་ལ་མཚོན་ན་ཝེ་ཐི་ནམ་དང་འབྲེལ་བའི་ཚོགས་པ་མེད་སྟབས། ང་རང་གི་ངོས་ནས་ཕྱོགས་གཉིས་ཀྱི་བར་འབྲེལ་ལམ་གསར་འཛུགས་བྱ་ཆེད་ཚོགས་པ་འདི་གསར་འཛུགས་བྱ་རྒྱུའི་དམིགས་ཡུལ་བཅངས་ཡོད་ལ། ཚོགས་པ་འདིས་ངྷ་རམ་ས་ལར་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་ལས་འགུལ་ཆེ་ཆུང་གང་ཡིན་ལ་མ་ལྟོས་པར་མཉམ་ཞུགས་བྱས་ཏེ་བོད་དོན་དྲིལ་བསྒྲགས་ལ་རམ་འདེགས་བྱ་རྒྱུ་དང་། ༡༩༧༤ ལོ་ནས་ད་ལྟའི་བར་ཝེ་ཐི་ནམ་དམར་ཤོག་གིས་བཙན་བཟུང་བྱས་ཏེ། དམར་གསོད་དང་དྲག་གནོན་བྱེད་བཞིན་པའི་གནས་ཚུལ་དང་བོད་ནང་རྒྱ་ནག་གིས་དམར་གསོད་དང་འཛིན་བཟུང་གི་གནས་ཚུལ་ཡོང་བཞིན་པ་རྣམས་ཚོགས་པ་འདི་བརྒྱུད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་རྒྱུ་བཅས་ལ་དམིགས་པ་ཡིན།

    དྲི་བ། ཝེ་ཐི་ནམ་དང་བོད་ཀྱི་མཐུན་འབྲེལ་ཚོགས་པར་མ་འོངས་པར་བོད་དོན་དང་འབྲེལ་བའི་ལས་འཆར་གང་དང་གང་ཡོད་དམ།

    ལན། ང་ཚོའི་ཚོགས་པར་མཚོན་ན་ཟླ་འདིའི་ཕྱི་ཚེས་ ༡ ཉིན་དབུ་འབྱེད་བྱས་ཏེ། དུས་ཡུན་རིང་པོ་ཞིག་ཕྱིན་མེད་ཀྱང་། ང་ཚོའི་ངོས་ནས་ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་ཝེ་ཐི་ནམ་དམར་ཤོག་གིས་དབང་བསྒྱུར་བྱས་པའི་ཉིན་མོ་ཁེལ་ཡོད་སྟབས། ཉིན་དེར་བཞུགས་སྒར་དུ་ཡོད་པའི་ལས་ཁུངས་ནང་གྲྭ་བ་ཁག་ཅིག་གདན་ཞུ་གནང་སྟེ་སྨོན་ལམ་ཚོགས་རྒྱུའི་ལས་རིམ་བསྒྲིགས་ཡོད། ཕྱི་ཟླ་ ༩ བའི་ནང་༸གོང་ས་མཆོག་གིས་ཝེ་ཐི་ནམ་གྱི་དད་ལྡན་པ་ཚོར་དམིགས་བསལ་གསུང་ཆོས་གསུང་རྒྱུའི་མཛད་རིམ་འདུག སྐབས་དེར་ཝེ་ཐི་ནམ་ནས་དད་ལྡན་ཆོས་ཞུ་བ་མང་པོ་ཞིག་འདིར་ཡོང་འཆར་ཡོད་པ་རེད། ང་ཚོའི་ངོས་ནས་ཁོང་རྣམ་པ་འདིར་ཡོང་བའི་གོ་སྐབས་དང་སྟབས་བསྟུན་ཏེ་དད་ལྡན་ཆོས་ཞུ་བ་རྣམས་ལ་ཚོགས་པའི་དམིགས་ཡུལ་དང་ལས་དོན་ངོ་སྤྲོད་གནང་རྒྱུ་དང་། བོད་ནང་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལོ་རྒྱུས་དང་པར་རིས་འགྲེམས་སྟོན། བོད་དོན་དང་ཝེ་ཐི་ནམ་གྱི་གནད་དོན་ཐད་བགྲོ་གླེང་གོ་བསྔུར་བཅས་གནང་རྒྱུ་ཡིན་ལ། ད་དུང་སྐབས་དེར་ཝེ་ཐི་ནམ་གྱི་ཆོས་ཞུ་བ་དང་བཞུགས་སྒར་ས་གནས་མང་ཚོགས་ལྷན་འཛོམས་ཐོག་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཆེད་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་གོ་སྒྲིག་གནང་རྒྱུའི་འཆར་གཞི་སྒྲིག་ཡོད། 

    དྲི་བ། ད་ལྟའི་ཆར་ཝེ་ཐི་ནམ་ནང་བོད་དོན་ལ་དོ་སྣང་གནང་སྟངས་གང་འདྲ་འདུག་གམ། མ་འོངས་པར་ཚོགས་པ་འདིའི་ངོས་ནས་ཝེ་ཐི་ནམ་ནང་བོད་དོན་གོ་རྟོགས་ཇི་ལྟར་སྤེལ་འཆར་ཡོད་དམ།

    ལན། ང་རང་ལ་མཚོན་ན་ཝེ་ཐི་ནམ་ནང་ཁུལ་གྱི་གནད་དོན་དང་འདས་པའི་ལོ་རྒྱུས་སོགས་ལ་བལྟས་མྱོང་བ་ལས་དངོས་སུ་འགྲོ་མྱོང་མེད། ཡིན་ནའང་། ཉེ་སྔོན་ལྕམ་ཝེན་ལགས་དང་ཐུག་འཕྲད་སྐབས། ཁོ་མོས་ཝེ་ཐི་ནམ་རྒྱལ་ཁབ་ཕྱི་ནང་གཉིས་སུ་གྱེས་སྟངས་དང་ད་ལྟའི་གནས་སྟངས་བཅས་ངོ་སྤྲོད་བྱས་བྱུང་། ཁོ་མོ་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་པ་ལྟར་ན། ད་ལྟའི་ཆར་ཝེ་ཐི་ནམ་ནང་ལོགས་སུ་ཡོད་པའི་དམར་ཤོག་མ་གཏོགས། ཕྱི་ལོགས་སུ་ཡོད་པའི་དམངས་གཙོ་དོན་གཉེར་བ་ཚོ་ང་ཚོ་ལྟར་དམར་ཤོག་གི་གནོན་ཤུགས་འོག་བསྡད་ཡོད་པ་གཅིག་མཚུངས་ཆགས་ཡོད་སྟབས། ཁོང་ཚོས་བོད་དོན་ལ་དོ་སྣང་ཤུགས་ཆེར་སྤྲོད་ཀྱི་ཡོད་འདུག   དེ་བཞིན། ཕྱི་རྒྱལ་ཡུལ་གྲུ་ཧྥ་རན་སི་དང་ཁེ་ན་ཊ། ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཝེ་ཐི་ནམ་གྱི་སྐྱབས་བཅོལ་བ་མང་པོ་ཞིག་གིས་བོད་ཀྱི་གནད་དོན་དང་། ལྷག་པར་དུ་ ༢༠༠༨ ལོ་ནས་བཟུང་བོད་ནང་ཛ་དྲག་གནས་སྟངས་ཆགས་ཡོད་པའི་ཐད་ལ་དོ་སྣང་ཆེན་པོ་སྤྲོད་ཀྱི་ཡོད་འདུག ད་ལྟའི་ཆར་བོད་ཀྱི་གནད་དོན་དེ་ཕྱི་ཕྱོགས་སུ་ཡོད་པའི་ཝེ་ཐི་ནམ་མི་མང་ཚོས་གང་འཚམ་ཤེས་ཀྱི་ཡོད་ཀྱང་། ནང་ཁུལ་དུ་ཡོད་པའི་མི་མང་གིས་དམར་ཤོག་གི་དྲག་གནོན་འོག་གནས་ཚུལ་མང་པོ་ཞིག་གོ་ཐུབ་ཀྱི་མེད་སྟབས། ང་ཚོའི་ངོས་ནས་ཝེ་ཐི་ནམ་ནང་ལོགས་སུ་ཕྱིན་ཏེ་སྡིངས་ཆ་འདྲ་མིན་ཐོག་བོད་དོན་གོ་རྟོགས་སྤེལ་རྒྱུ་དེ་གལ་ཆེན་པོ་ཞིག་ཏུ་བརྩིས་ནས། མ་འོངས་པར་ཝེ་ཐི་ནམ་ནང་ལོགས་ལ་ཕྱིན་ཏེ་བོད་དོན་གོ་རྟོགས་སྤེལ་བའི་ཐད་ལ་འབད་བརྩོན་བྱ་འཆར་ཡོད།   

    དྲི་བ། མ་འོངས་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཝེ་ཐི་ནམ་གྱི་གནས་སྟངས་གོ་རྟོགས་ཀྱི་ལས་འགུལ་སྤེལ་འཆར་ཡོད་དམ།

    ལན། བཙན་བྱོལ་སྤྱི་ཚོགས་ནང་ཝེ་ཐི་ནམ་གྱི་གནས་སྟངས་ངོ་སྤྲོད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་ཡོད། གང་ཡིན་ཞེ་ན། ཉེ་སྔོན་ཚོགས་པ་འདི་མ་བཙུགས་པའི་སྔོན་ངས་ལྡི་ལི་དང་ངྷ་རམ་ས་ལའི་ལས་འགུལ་སྐབས་བོད་ཀྱི་རྒྱལ་དར་དང་མཉམ་དུ་ཝེ་ཐི་ནམ་གྱི་རྒྱལ་དར་འཁྱེར་ཏེ་ལས་འགུལ་དུ་ཞུགས་པ་ཡིན། སྐབས་དེར་མི་མང་པོ་ཞིག་གིས་ཝེ་ཐི་ནམ་གྱི་དར་ཆ་མཐོང་སྟེ་ང་ལ་སྐད་ཆ་དྲིས་ཡོང་གི་འདུག   སྐབས་དེར་ངས་མི་མང་པོ་ཞིག་ལ་རྒྱལ་དར་དང་འབྲེལ་ཏེ་ཝེ་ཐི་ནམ་ནང་དམར་ཤོག་དང་དམངས་གཙོ་དོན་གཉེར་བ་བཅས་ཤོག་ཁག་གཉིས་ཆགས་ཡོད་སྐོར་དང་། ད་ལྟའི་ཆར་མི་མང་པོ་ཞིག་གིས་ཝེ་ཐི་ནམ་ནང་དམངས་གཙོའི་ལམ་ལུགས་ལག་བསྟར་བྱ་བར་འབད་པ་བྱེད་ཀྱིན་པའི་སྐོར་སོགས་འགྲེལ་བཤད་བྱས་པ་ཡིན། གནས་སྟངས་དེ་དག་ལ་གཞིགས་ན་ང་ཚོའི་སྤྱི་ཚོགས་ནང་ཝེ་ཐི་ནམ་གྱི་གནས་སྟངས་མི་ཤེས་མཁན་མང་པོ་ཞིག་འདུག་སྟབས། ང་ཚོའི་སྤྱི་ཚོགས་ནང་ཝེ་ཐི་ནམ་གྱི་སྐོར་ངོ་སྤྲོད་དང་གོ་རྟོགས་སྤེལ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་མཐོང་སོང་། མ་འོངས་པར་ང་ཚོའི་ངོས་ནས་ཝེ་ཐི་ནམ་གྱི་མི་འབོར་དང་རྒྱལ་ཁབ་ཀྱི་ལོ་རྒྱུས། རྒྱལ་དར། ཕྱི་ནང་གཉིས་སུ་གྱེས་དགོས་པའི་རྒྱུ་རྐྱེན་དང་ཕྱི་ནང་གཉིས་ཀྱིས་ལངས་ཕྱོགས་ག་རེ་འཛིན་གྱི་ཡོད་མེད་བཅས་ཀྱི་ཐད་ནས་མི་མང་ནང་གང་ཐུབ་ཀྱིས་ངོ་སྤྲོད་དང་གོ་རྟོགས་སྤེལ་རྒྱུ་ཡིན། ད་ལྟའི་ཆར་དམིགས་བསལ་གཞིས་ཆགས་ཁུལ་དང་དགོན་སྡེ། སློབ་གྲྭ་བཅས་ཀྱི་ནང་ལས་འགུལ་ཇི་ལྟར་སྤེལ་མིན་གྱི་འཆར་གཞི་བསྒྲིགས་མེད་ཀྱང་། མ་འོངས་པར་མུ་མཐུད་ཡིག་ཆ་འགྲེམས་སྤེལ་དང་སྐོར་སྐྱོད་ཀྱི་ལམ་ནས་སྤེལ་དགོས་པ་ཞིག་མཐོང་གི་འདུག    

    དྲི་བ། ད་ལྟའི་བར་བཙན་བྱོལ་ནང་ཚོགས་པ་མང་པོ་བཙུགས་ཡོད་ཀྱང་། ཚོགས་པ་ཁག་ཅིག་ལོ་ཤས་རྗེས་སུ་མེད་བརླག་ཏུ་འགྲོ་བཞིན་ཡོད་པ་རེད། ཁྱེད་ཀྱི་ངོས་ནས་གནས་སྟངས་འདིའི་ཐད་ལ་བསམ་བློ་བཏང་ཡོད་དམ།

    ལན། གནས་ཚུལ་དེ་དངོས་ནས་རེད། ད་ལྟའི་བར་བཙན་བྱོལ་ནང་ཚོགས་པ་འདྲ་མིན་མང་པོ་ཞིག་ཟླ་བ་ཁ་ཤས་དང་ལོ་གཅིག་གཉིས་ཀྱི་རྗེས་སུ་གནས་མ་ཐུབ་པའི་སྣང་ཚུལ་མང་པོ་བྱུང་ཡོད་པ་རེད། ང་རང་གི་ངོས་ནས་ཐོག་མར་ཚོགས་པ་གསར་འཛུགས་ཀྱི་འཆར་གཞི་གཏོང་སྐབས་ནས་ཁུངས་འཁྱོལ་བ་ཞིག་བྱ་རྒྱུའི་བསམ་བློ་བཏང་ཡོད། ང་རང་སྒེར་ལ་མཚོན་ན་དམིགས་བསལ་ཤེས་ཡོན་ཡོད་མཁན་དང་མི་མང་ཁྲོད་མངོན་གསལ་དོད་པོའི་ལས་ཀ་བྱས་མྱོང་མཁན་ཞིག་མིན་ཡང་། ད་ལྟ་སོ་སོ་རང་གིས་ལས་ཀ་འདི་འདྲ་ཞིག་དམ་གསེས་བྱས་ཏེ་རང་སྟེང་དུ་བབས་ཡོད་སྟབས། ནུས་པ་གང་ཡོད་ཀྱིས་ལས་ཀ་བྱ་རྒྱུའི་འདུན་པ་དང་སེམས་ཤུགས་ཡོད་ལ། མ་འོངས་པར་ཟླ་བ་ཁ་ཤས་དང་ལོ་གཅིག་གཉིས་ཙམ་མིན་པར། དཔལ་འབྱོར་གྱི་དཀའ་ངལ་འཕྲད་མིན་ལ་མ་ལྟོས་པར་མུ་མཐུད་རྒྱུན་འཁྱོངས་ཀྱི་ཐད་ལ་འབད་པ་བྱ་རྒྱུ་ཡིན། ཚོགས་པ་གང་འདྲ་ཞིག་ཡིན་ཡང་། ཚོགས་པ་བཙུགས་ཚར་བའི་རྗེས་སུ་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་དང་རྩིས་པ། ལས་ཀ་བྱེད་མཁན་བཅས་མང་པོ་ཞིག་ཡོད་སྟབས། ཚང་མ་མཉམ་རུབ་ཀྱིས་ལས་ཀ་ཏག་ཏག་ཅིག་བསྒྲུབ་ཐུབ་པ་ཡིན་ན། ཚོགས་པ་བརྟན་པོ་ཆགས་ཀྱི་རེད་བསམ་གྱི་འདུག དེ་མ་ཡིན་པར་ང་ཡིན་ཁོ་ཡིན་ཞེས་བསྡད་པ་ཡིན་ན་ཚོགས་པ་འཐོར་འགྲོ་བཞིན་ཡོད་པ་རེད། ང་རང་གི་ངོས་ནས་གནད་དོན་འདི་དག་ཉེན་ཁ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད་ལ། དེ་དང་འབྲེལ་ཏེ་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོ་ཞིག་རྩིས་ཁྲའི་སྟེང་དཀའ་ངལ་དང་རྙོག་དྲ་ཡོང་སྟེ་རིམ་གྱིས་རྙོག་དྲ་ཆེན་པོ་ཆགས་ཀྱི་ཡོད་སྟབས། ང་རང་གི་ངོས་ནས་མ་འོངས་པར་གནད་དོན་དེ་དག་གཙོ་བྱས་ཏེ་ལས་ཁུངས་ནང་ཚང་མས་མཉམ་རུབ་དང་ཧུར་ཐག་བྱས་ཏེ་སྤྱི་ཚོགས་ལ་ཕན་པའི་ལས་ཀ་ཞིག་སྒྲུབ་རྒྱུར་འབད་བརྩོན་བྱ་འཆར་ཡོད། ད་ལྟའི་ཆར་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཏེ་ཚོགས་པ་བརྟན་པོ་བཟོ་བའི་ཐད་ལ་འབད་བརྩོན་བྱེད་བཞིན་ཡོད།

    དྲི་བ། ཚོགས་གཙོ་ལགས་ཀྱིས་རང་ཉིད་ཀྱི་འདས་པའི་སློབ་སྦྱོང་གི་བརྒྱུད་རིམ་དང་ཕྱག་ལས་ཀྱི་སྐོར་ནས་ངོ་སྤྲོད་ཅིག་གནང་རོགས།

    ལན། ང་རང་གཞིས་ཀ་རྩེ་མངའ་ཁོངས་སྐྱིད་རོང་རྫོང་གི་ཉེ་ཁུལ་རྫོང་ཁ་ཞེས་པའི་གྲོང་སྡེ་རུ་སྐྱེས་པ་ཡིན། ༡༩༩༤ ལོར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གཙང་པ་ཁམས་ཚན་གྱི་ཆོས་སྒོར་ཞུགས་ཏེ། ལོ་ ༧ ལྷག་གི་རིང་ཕར་ཕྱིན་དང་གཞུང་། བསྡུས་གྲྭ བློ་རིག རྟགས་རིག གྲངས་ངེས། སེམས་སྐྱེད་བར་སློབ་གཉེར་བྱས་པ་ཡིན། ཕྱིས་སུ་གཟུགས་པོའི་གནས་སྟངས་སྐྱོ་བོ་ཆགས་སྟབས། དགོན་པ་ནས་ཕྱིར་བུད་དེ་བལ་ཡུལ་དུ་སོང་ནས་དུས་ཡུན་གང་འཚམ་བསྡད་རྗེས། ༡༩༩༧ ལོར་ཉི་ཧོང་དུ་ཕྱིན་ཏེ་ལོ་ ༣ རིང་ལས་ཀ་བྱེད་ཞོར་དུ་ཉི་ཧོང་གི་སྐད་ལ་སློབ་སྦྱོང་བྱས་པ་ཡིན། ༢༠༠༠ ཕྱིར་རྒྱ་གར་དུ་ལོག་པ་དང་དེ་ནས་བོད་ནང་ཕྱིན་སྟེ་ལོ་གཅིག་རིང་བསྡད་རྗེས། ཡང་བསྐྱར་རྒྱ་གར་དུ་ཡོང་སྟེ་ངྷ་རམ་ས་ལའི་རྣམ་རྒྱལ་གྲྭ་ཚང་དུ་ལས་ཀ་བྱས་པ་ཡིན། ༢༠༠༣ ལོར་རྣམ་རྒྱལ་གྲྭ་ཚང་ལ་ཉི་ཧོང་གི་སྐད་ཡིག་སྦྱོང་བའི་ཐད་མཐུན་འགྱུར་རོགས་རམ་གནང་རྒྱུའི་སྙན་ཞུ་ཕུལ་བ་ལྟར། རྣམ་རྒྱལ་གྲྭ་ཚང་དང་སྐུ་སྒེར་ཡིག་ཚང་གི་རོགས་རམ་འོག་ཡང་བསྐྱར་ཉི་ཧོང་དུ་འགྲོ་བའི་གོ་སྐབས་བྱུང་སྟེ། ལོ་ ༣ རིང་ཉི་ཧོང་ལ་ཕྱིན་ཏེ་སྐད་ཁོ་ནའི་སྟེང་སློབ་སྦྱོང་བྱས་པ་ཡིན། ༢༠༠༦ ལོར་ཕྱིར་རྒྱ་གར་དུ་ལོག་སྟེ་ཉི་ཧོང་བོད་ཁྱིམ་རོགས་སྐྱོར་ཚོགས་པ་ (Kiku japan ) ཞེས་པའི་ཚོགས་པའི་མི་སྣ་བཞུགས་སྒར་དུ་ཡོང་སྐབས་སྐད་བསྒྱུར་དང་སྣེ་ལེན་བཅས་ཀྱི་ལས་ཀ་བྱས་པ་དང་། དེ་བཞིན། ངྷ་རམ་ས་ལའི་གཡས་གཡོན་ཉི་ཧོང་གི་གསར་འགོད་པ་དང་ཚོགས་པ་ཁག སློབ་གྲྭ སྨན་ཁང་བཅས་ཀྱི་མི་སྣར་སྐད་བསྒྱུར་གྱི་ལས་ཀ་བྱས་པ་ཡིན། འདི་ལོ་ཉི་ཧོང་གི་གསར་འགོད་པ་ཡོང་སྟེ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་བཅར་འདྲིའི་སྐབས་སྐད་བསྒྱུར་ཀྱང་བྱས་མྱོང་།   ད་ལྟའི་ཆར་ང་རང་གི་ངོས་ནས་ཉི་ཧོང་དང་བལ་ཡུལ། རྒྱ་གར། དབྱིན་ཇི་བཅས་སྐད་ཡིག་བཞིའི་ཐོག་བཞུགས་སྒར་དུ་ཡོང་བའི་ཕྱིའི་མི་རིགས་ལ་མཐུན་འགྱུར་རོགས་རམ་གང་ཐུབ་གནང་བ་ཡིན། 

 
གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༣ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༤ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 1

  1. མི་རྒོད། says:
    ལོ་ 13 སྔོན།

    བོད་ཀྱི་བུ་ཚ་ཁྱེད་ལ་ཐུགས་རྗེ་ཆེ་འགོ་ཆུང་ས་བཙུགས་རྗེས་རིམ་པས་ཡར་རྒྱས་ཡོད་པ་སྤྱི་ཡི་ཆོས་ཉིད་རེད། དེ་གལ་རྐྱེན་འདྲ་མིན་ནག་པོའི་ཞགས་པ་འཆིང་ཐབས་བྱེད་པའང་ཆོས་ཉིད་རེད། ཁྱེད་བློ་བརྟན་འགྱུར་མེད་སྲིད་ཀྱི་དར་མ་ངར་མ་ཞིག་ཏུ་ལྷིང་གིས་བབས་ཚེ་གང་གི་ཡང་གཡོ་བ་བྱེད་མི་ཐུབ་ལ་བོད་དོན་གྱི་ཕན་པ་ཡོད་ངེས་བཅས།།། ཐུགས་རྗེ་ཆེ།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese