མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལི་ཐང་དུ་བོད་མི་འཛིན་བཟུང་དང་ཉག་ཆུ་ས་གནས་སུ་དམ་དྲག

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཁམས་ལི་ཐང་རྫོང་དང་ཉག་ཆུ་རྫོང་གི་དགོན་པ་དང་གྲོང་སྡེ་ཁག་ཏུ་དམག་མི་དང་ལས་བྱེད་མི་སྣ་ཆེད་གཏོང་བྱས་ཏེ། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང་འབྲེལ་བའི་མཛུབ་ཐེལ་དང་མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་གྱིན་པ་མ་ཟད། གནས་ཚུལ་དེར་རྐྱེན་བྱས་ཏེ་བོད་མི་མང་པོ་འཇུ་བཟུང་བྱས་ཡོད་འདུག

ལྷོ་ཕྱོགས་སྤེལ་ཀོལ་ས་གནས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་སེར་སྨད་བློ་དགའ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་དོན།  ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གྱི་དགོང་མོར་ལི་ཐང་རྫོང་གི་གྲོང་ཆེན་མཐིལ་དུ་བོད་དོན་སྐོར་གྱི་ཡིག་ཆ་བཀྲམ་པའི་གནས་ཚུལ་བྱུང་བར་བརྟེན། ཉེན་རྟོག་པ་དང་དམག་མིས་ས་ཁུལ་དེར་དམ་དྲག་ཤུགས་ཆེན་བྱེད་ཀྱིན་པ་མ་ཟད། ཉེ་ཆར་ལི་ཐང་གྲོང་ཤོག་ ༨ དང་དགོན་པ་བཅས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་འོག མཛུབ་ཐེལ་དང་མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཏེ། ལས་འགུལ་དེ་ངོས་ལེན་མི་བྱེད་པའི་བོད་མི་ ༧༠ ལྷག་འཇུ་བཟུང་གིས་ས་གནས་རྫོང་ཐོག་ཏུ་བཀག་ཉར་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། རྒྱ་ནག་གཞུང་གི་མཛུབ་ཐེལ་དང་མིང་རྟགས་བསྡུ་རུབ་བྱེད་བཞིན་པའི་ཤོག་ལྷེ་དེའི་སྟེང་ཏཱ་ལའི་ཁ་བྲལ་ལ་རྒྱབ་སྐྱོར་མི་བྱེད་པ་ཞེས་བྲིས་ཡོད་ཅིང་། མང་ཚོགས་ལ་མགོ་སྐོར་བསླུ་བྲིད་གཏོང་ཆེད་མི་མང་ལ་ཤོག་ལྷེ་གཅིག་མ་གཏོགས་སྟོན་གྱིན་མེད་པ་རེད། ཡིན་ནའང་། ཤོག་གྲངས་གསུམ་ཡོད་པ་མཚོན་བྱེད་དུ་མི་མང་ལ་བཀྲམ་པའི་ཤོག་ལྷེ་དེའི་སྟེང་ཨང་གྲངས་ ༣ པ་ཞེས་བཀོད་ཡོད་པ་དང་། མི་མང་ལ་བཀྲམ་མེད་པའི་ཤོག་གྲངས་དང་པོ་དང་གཉིས་པའི་སྟེང་ཏཱ་ལར་རྒྱབ་སྐྱོར་མི་བྱེད་པ་དང་། ཁ་བྲལ་བའི་མགོ་གཙོ་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་མི་བྱེད་པ་སོགས་བྲིས་ཡོད་འདུག ལི་ཐང་ར་རུ་ཁ་སོགས་སུ་བཀྲམ་པའི་ཤོག་ལྷེའི་ཐོག་རེའུ་མིག་དང་ཤོག་གྲངས་མཚོན་བྱེད་གྱི་ཨང་གྲངས་ཙམ་ལས་ཅི་ཡང་བཀོད་མེད་པ་རེད།   

བཙན་དབང་གིས་མིང་རྟགས་དང་མཛུབ་ཐེལ་བསྡུ་རུབ་ཀྱི་ལས་འགུལ་དེ། ལི་ཐང་རྫོང་གི་མོ་ལྷ་ཤང་དང་བཞག་པ། ལི་ཐང་མཐིལ། བཟང་སྤྱོད་དགོན་པ་དང་དེའི་ཡུལ་སྡེ་ར་རུ་ཁའི་མི་མང་བཅས་སུ་སྤེལ་ཡོད་པ་དང་། ཉེ་ཆར་ར་རུ་ཁའི་སྡེ་བའི་ནང་མིང་རྟགས་དང་མཛུབ་ཐེལ་མ་བརྒྱབ་པའི་ཕོ་སར་ ༢༠ ལྷག་ས་གནས་ཤང་གི་ལས་ཁུངས་སུ་སྐད་བཏང་སྟེ་བཀག་འགོག་བྱས་ཡོད་ཀྱང་། ལས་བྱེད་པས་མིང་རྟགས་ཀྱི་ནང་དོན་གསལ་བཤད་དང་ཡིག་ཆ་ངོ་མ་མ་བསྟན་ཚེ་མིང་རྟགས་བཀོད་ཀྱི་མིན་ཞེས་བཤད་ཡོད་འདུག  ད་ལྟའི་བར་མི་མང་གིས་མིང་རྟགས་རྒྱག་རྒྱུའི་ཁས་ལེན་བྱས་མེད་སྟབས།ཉེན་རྟོག་པ་དང་དམག་མི་ཡོང་སྟེ་མི་མང་ལ་གཅར་རྡུང་བྱས་ཡོད་པ་མ་ཟད།  གོང་རིམ་ནས་མགོ་ཁྲིད་ཡོང་སྟེ་ལི་ཐང་ར་རུ་ཁ་དང་ལིང་ཁ་མདོ། ལི་ཐང་གཡོན་རུའི་སྡེ་བ་ཁག་མང་པོའི་ནང་དུ་བཙན་གྱིས་མིང་རྟགས་བསྡུ་རུབ་དང་། སྲམ་གཟིག་གི་པགས་རིགས་ཉར་ཚགས་ཡག་པོ་བྱེད་དགོས་ཚུལ་གྱི་སློབ་གསོ་བཏང་ཡོད་ཀྱང་། མི་མང་གི་ངོས་ནས་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད་འདུག

གཞན་ཡང་། ཉག་ཆུ་རྫོང་གི་ཨོ་ཐོག་དགོན་པའི་མཐའ་ཉིན་མཚན་མེད་པར་དམག་མིས་བསྐོར་ཏེ། བཙན་དབང་གི་སྒོ་ནས་མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཏེ་དགོན་གྲོང་གཉིས་ཀ་དམ་དྲག་ཁྲོད་ལྷག་ཡོད་པ་དང་། ཉེ་སྔོན་རྒྱ་གཞུང་ལས་བྱེད་པས་ས་གནས་མི་མང་ཚོར་དཀའ་ངལ་ག་རེ་ཡོད་མེད་དྲིས་སྐབས། རྒན་མོ་ཞིག་གིས་ཁོང་གི་དཀའ་ངལ་ཆེ་ཤོས་དེ་༸གོང་ས་མཆོག་མཇལ་མ་ཐུབ་པ་དེ་ཡིན་ལ། ད་ལྟའི་བར་༸གོང་ས་མཆོག་ལ་མཇལ་ཁ་ཞུ་བ་དང་གསུང་ཐོས་ཆེད་འགྲོ་གྲོན་ཕོན་ཆེན་བཏང་སྟེ་ལམ་ཡིག་ཐེངས་མང་ཞུས་ཀྱང་རེ་དོན་འགྲུབ་མ་སོང་ཞེས་བརྗོད་ཡོད་པ་དང་།   ཡང་བུད་མེད་གཞན་ཞིག་གིས་ཁོ་མོའི་དཀའ་སྡུག་ཆེ་ཤོས་ནི། ༡༩༦༡ ལོར་སྤུན་མཆེད་རྒན་པ་རྒྱ་དམག་གིས་སྐེ་བཅད་དེ་དམར་གསོད་བཏང་བ་དེ་ཡིན་པ་དང་། གནས་ཚུལ་དེ་ཁོ་མོའི་ཉེ་འབྲེལ་ཚང་མའི་སེམས་ཁོང་གི་སྡུག་བསྔལ་ཆེ་ཤོས་ཡིན་ཞེས་བརྗོད་ཡོད་འདུག

ཉེ་ལམ་ས་ཁུལ་དེ་དག་ནང་རྒྱ་ནག་གཞུང་གིས་དྲག་ཆས་དམག་མི་ ༢༠༠ ལྷག་དང་ཉེན་རྟོག་པ། ལས་བྱེད་བཅས་ཆེད་གཏོང་གིས་དྲག་གནོན་བྱས་ཏེ།   བོད་མི་ ༢༠༠ ལྷག་འཛིན་བཟུང་དང་བོད་མི་ཁག་ཅིག་ལ་རྨས་སྐྱོན་བཟོས་ཡོད་པ་མ་ཟད། ལི་ཐང་རྫོང་གི་རྫོང་དཔོན་གྱིས་འདི་ལོའི་བརྒྱད་གཅིག་དམག་བཙུགས་དུས་ཆེན་སྲུང་གཙི་དང་འབྲེལ། ལི་ཐང་དུ་རྟ་རྒྱུག་དུས་ཆེན་བསྐྱར་གསོ་བྱ་རྒྱུ་ཡིན་པ་དང་། སྐབས་དེར་བོད་མི་སུ་ཞིག་གིས་གནས་ཚུལ་བཟོས་ཚེ་ས་ཆ་དེ་རང་དུ་རྩ་མེད་གཏོང་རྒྱུའི་འཇིགས་སྐུལ་དང་། དེ་ནི་རྒྱ་ནག་དབུས་གཞུང་གི་བཀའ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 2

  1. ཤེལ་དཀར་བློ་བཟང་དངོས་གྲུབ། says:
    ལོ་ 14 སྔོན།

    ང་ཚོས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་ཐབས་སུ་ཅི་ཞིག་བྱེད་དགོས་སམ། ཡང་སྙིང་ཞི་བདེ་དང་དྲང་བདེན་ལ་ནུས་པ་ཞིག་ཡོད་དམ། གོ་ལ་འདིར་བདེན་རྫུན་དབྱེ་འབྱེད་ཀྱིས་དཔང་པོ་ཞིག་མཆིས་སམ།།

    Reply
  2. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    དཀའ་ངལ་འདི་དག་མཐོང་དུས་སེམས་མ་སྐྱེད་པ་ཞིག་རེད་་་་རྒྱ་འདྲེ་ཚང་གིས་འདི་འདྲ་བྱས་ནས་ཕྱོགས་མང་པོ་ཞིག་ནས་སུན་བཙུར་བྱས་ཏེ་བོད་པ་ཚོ་འདུག་མ་ཐུབ་པ་ཞིག་བཟོ་གི་འདུག་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese