མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུག་གི་གོ་གནས་དབབ་དགོས་པའི་སྙན་ཞུ།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་ནག་ཡུན་ནན་ཀྲའོ་ཐུང་གྲོང་ཁྱེར་གྱི་དམར་ཤོག་རྒན་རབས་པ་ཁག་ཅིག་གིས་ཡོངས་ཁྱབ་སྙན་ཞུ་ཕུལ་ཏེ། ཀྲུག་ཡུང་ཁཱང་དང་ལིག་ཡོན་ཧྲན་གཉིས་གོ་གནས་ནས་དབབ་དགོས་པའི་འབོད་སྐུལ་ཞུས་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱ་ནག་ཡུན་ནན་ཀྲའོ་ཐུང་གྲོང་ཁྱེར་གྱི་དམར་ཤོག་རྒན་རབས་པ་མི་ ༡༦ གིས་རྒྱ་གཞུང་སྲིད་འཛིན་ཧུའུ་ཅིན་ཐའོ་གཙོས་མཐོ་རིམ་དཔོན་རིགས་ཚོར་དགོས་འདུན་དོན་ཚན་གཉིས་ཅན་གྱི་ཡོངས་ཁྱབ་སྙན་ཞུ་ཞིག་ཕུལ་ཏེ། ཀྲུག་ཡུང་ཁཱང་དང་ལིག་ཡོན་ཧྲན་གཉིས་གོ་གནས་ལས་དབབ་སྟེ་ཞིབ་བཤེར་བྱ་དགོས་པ་ནན་སྐུལ་དང་། སྲིད་བློན་ཝུན་གྱིས་སྔ་ཕྱིར་ཐེངས་མང་འབོད་སྐུལ་ཞུས་པ་ལྟར་རྒྱ་ནག་གི་ཆབ་སྲིད་སྒྲོམ་གཞིར་བཅོས་བསྒྱུར་གཏོང་དགོས་སྐོར་བརྗོད་དེ། ཡོངས་ཁྱབ་སྙན་ཞུ་དེའི་སྟེང་ཁོ་ཚོའི་མིང་དང་ཁ་པར་ཨང་གྲངས་བཅས་གསལ་བོར་བཀོད་ཡོད་པ་རེད།

དམར་ཤོག་རྒན་རབས་པ་དེ་ཚོས་བཏོན་པའི་དགོས་འདུན་དོན་ཚན་གཉིས་ནི། གཅིག ཀྲུག་ཡུང་ཁཱང་གི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་ཁྲིམས་སྲིད་ལྷན་ཁང་གི་དྲུང་ཆེ་བཅས་ཀྱི་གོ་གནས་ཕྱིར་བསྡུ་བྱས་ཏེ། རྒྱ་གཞུང་དབུས་རྩ་འཛུགས་ཞིབ་བཤེར་སྡེ་ཁག་གིས་ཁོ་ལ་ཞིབ་བཤེར་བྱ་དགོས་པ། གཉིས། ལིག་ཡོན་ཧྲན་གྱི་རྒྱ་ནག་དབུས་དྲིལ་བསྒྲགས་སྡེ་ཁག་གི་མགོ་གཙོའི་གོ་གནས་ཕྱིར་བསྡུ་བྱས་ཏེ། སྐབས་བཅོ་བརྒྱད་པའི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་གསར་བའི་ཁྲོད་འདེམས་སྒྲུག་བྱ་རྒྱུར་བཀག་འགོག་བྱ་དགོས་པ་བཅས་རེད།  

སྙན་ཞུ་དེའི་ནང་མའོ་ཙེ་ཏུང་གིས་རིག་གསར་ལས་འགུལ་སྤེལ་ཏེ་མི་མང་ཁྲི་ ༣༨༠༠ ལྟོགས་ཤི་ཐེབས་བཅུག་པ་དང་། ཤེས་ལྡན་པ་ཁྲི་ ༣༠༠ ལ་ཆབ་སྲིད་ཞྭ་མོ་གཡོགས་ཏེ་ཉེས་རྡུང་མནར་གཅོད་བཏང་བ་མ་ཟད། ལིག་ཧྲོ་ཆི་དང་ཕིན་ཏིག་ཧའེ། ཕིན་ཀྲིན། ཧི་ལུང་། ལའོ་རེའུ་ཆིན་སོགས་རྒྱ་ནག་གི་གསར་བརྗེ་རྒན་རབས་པ་མང་པོ་དམར་གསོད་བཏང་སྟེ། མའོ་སྒེར་གཅོད་རིང་ལུགས་པའི་དམར་ཤོག་དང་བཟོ་བའི་ཤོག་ཁག་བཙུགས་པ།  མའོ་འདས་གྲོངས་སུ་ཕྱིན་རྗེས་ཀྱང་ཁོའི་གདོང་པར་ཐཱེན་ཨན་མཱེན་སྒོ་ཆེན་སྟེང་བཀལ་བ་དང་། ཁོའི་བེམ་པོ་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུར་འཇུག་བཤམས་སྟོན་དུ་ཉར་བ་སོགས། མི་སྤྱོད་ལས་འདས་པའི་སྒེར་གཅོད་སྲིད་ཇུས་སྤེལ་པའི་ལོ་རྒྱུས་གསལ་འདོན་བྱས་ཡོད་པ་རེད།

དེ་བཞིན། སྙན་ཞུ་དེའི་ནང་། ཉེ་བའི་ལོ་འགའི་རིང་པའོ་ཞིས་ལའེ་དང་ཀྲུག་ཡུང་ཁཱང་སོགས་ཀྱིས་ལྐོག་གཡོ་ངན་ཇུས་སྣ་ཚོགས་སྒྲིག་སྟེ།  ཁྲུང་ཆིན་གྲོང་ཁྱེར་ནི་རིག་གསར་ཐེངས་གཉིས་པ་བསྐྱར་སྤེལ་བྱ་སའི་རྟེན་གཞིར་བཟོས་ཤིང་། འགྲོ་གྲོན་རྒྱ་སྒོར་དུང་ཕྱུར་ ༢༧༠༠ ལྷག་བཏང་ནས་མའོ་ཡི་པར་རིས་དང་དྲིལ་བསྒྲགས་བྱ་འགུལ་སྤེལ་ཏེ། རྒྱལ་ཡོངས་སུ་དམར་པོའི་གླུ་གཞས་ལེན་པ་དང་བརྡ་ཁྱབ་འགྲེམས་པ་སོགས། མའོ་སྒེར་གཅོད་ལམ་ལུགས་དང་མའོ་ལྷ་མཆོད་རིང་ལུགས་ཀྱི་འདུ་ཤེས་སྤེལ་ཐབས་བྱས་པ་མ་ཟད། གསང་བའི་ཐོག་ནས་ཝུན་ཇ་པའོ་དང་ཞིས་ཅིན་ཕེན་གཉིས་ཀྱི་ནག་ཉེས་ཡིག་ཆ་བསྡུ་སྒྲུག་དང་། བརྟན་ལྷིང་ལ་ཁ་གཡར་ཏེ་དམག་ཆས་དབོར་འདྲེན་དང་། དམག་ཤུགས་འགྲེམས་འཇོག དམག་དཔུང་སྟངས་འཛིན་སོགས་བྱས་ཏེ་རྒྱལ་ཁབ་སྲིད་དབང་སྒེར་སྤྱོད་བྱ་འཆར་གྱི་ལྐོག་ཇུས་རྣམས་ཐེར་འདོན་བྱས་ཡོད་པ་རེད།   

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

སྐར་མ ༥༣ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 1

  1. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    གཏམ་བཟང་རྣ་བའི་བུ་རམ་རེད། །གུང་ཁྲན་མགོ་མཇུག་ལོག་པར་ཤོག །བོད་ཀྱི་བསྟན་པ་དར་བར་ཤོག གུང་བདུད་ད་ལྟར་ཤི་བར་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese