མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེར་བསྲེཊ་ཀྱི་རྒྱབ་ན་དེ་ལས་ལྷག་གི་དཀའ་ངལ་ཞིག་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་ངྷ་ས་མེག་གྷན་ཉིན་སློབ་ཚོགས་ཁང་དུ་༼ མེར་བསྲེཊ་ལས་འགུལ་གླེང་བ༽ཞེས་པའི་བགྲོ་གླེང་ཞིག་ཚོགས་ཏེ། རྒྱ་ནག་ཉམས་ཞིབ་པ་གསུམ་གྱིས་བོད་མིའི་མེར་བསྲེགས་ལས་འགུལ་དང་། རྒྱ་ནག་ནང་ཁུལ་གྱི་རྩོད་རྙོག་སྐོར་ལ་གཏམ་སྤེལ་ཡོད།

དབུ་མའི་ལམ་མི་མང་ལས་འགུལ་ཁང་དང་ངྷ་ས་ས་གནས་བུད་མེད་ལྷན་ཚོགས་གཉིས་ཀྱི་སྒྲིག་འོག་འཛམ་གླིང་ཨ་མའི་ཉིན་མོ་དང་བསྟུན་ཏེ། ཁ་སང་ཕྱི་ཚེས་ ༡༣ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་། བཞུགས་སྒར་ངྷ་ས་མེག་གྷན་ཉིན་སློབ་ཚོགས་ཁང་དུ།༼མེར་བསྲེཊ་ལས་འགུལ་གླེང་བ༽ཞེས་པའི་བགྲོ་གླེང་ཞིག་ཚོགས་སོང་། བགྲོ་གླེང་ཐོག་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་པཱོ་ཞི་ལཱེ་ཡི་གནད་དོན་སྐོར་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་འཇམ་དཔལ་སྨོན་ལམ་ལགས་ཀྱིས་བོད་མིའི་མེར་བསྲེགས་ལས་འགུལ་བྱུང་རྗེས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སྐོར། ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་གྱི་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས་བོད་མིའི་མེར་བསྲེཊ་ལས་འགུལ་ཐོག་རྒྱ་རིགས་ཤེས་ཡོན་ཅན་ཚོའི་ལྟ་སྟངས་བཅས་བཅས་ཀྱི་ཐོག་གཏམ་བཤད་སྤེལ་ཡོད།

མཛད་སྒོའི་ཐོག་མར་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཤེས་ཡོན་འགན་འཛིན་བློ་བཟང་ཆོས་འབྱོར་ལགས་དང་། ངྷ་ས་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་སྐལ་བཟང་གཡུ་སྒྲོན་ལགས་གཉིས་ཀྱིས། བགྲོ་གླེང་ཚོགས་འདུ་དེ་ནི་བཙན་བྱོལ་བོད་མིའི་གཞི་རིམ་མང་ཚོགས་ཁྲོད། རྒྱ་ནག་ཤེས་ཡོན་ཚོས་བོད་མིའི་མེར་བསྲེཊ་ལས་འགུལ་ལ་ལྟ་སྟངས་ཅི་ཡོད་དང་། རྒྱ་ནག་དཔོན་རིགས་ནང་ཁུལ་གྱི་ཆབ་སྲིད་འགལ་ཟླའི་གནས་སྟངས་ཤེས་རྟོགས་ཡོང་སླད་གོ་སྒྲིག་ཞུས་པ་ཞིག་ཡིན་ཚུལ་ངོ་སྤྲོད་གནང་སོང་།  

སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་པཱོ་ཞི་ལཱེ་ཡིས་དངུལ་ལྐོག་ཟ་བྱས་ཏེ་ཕྱི་རྒྱལ་དངུལ་ཁང་དུ་ཨ་སྒོར་དུང་ཕྱུར་ ༦༠ བཏང་ཡོད་ཚུལ་དང་། ཁོང་ལ་གློག་བརྙན་འཁྲབ་མཁན་དང་གསར་འགོད་པ་ཚུད་པའི་དགའ་རོགས་བུད་མེད་ ༡༠༠ དང་ལྐོིག་འབྲེལ་ཡོད་པ། རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཀྲིག་ཡོང་ཁཱང་དང་ཁོང་གཉིས་ལ་ཞིས་ཅིན་ཕིན་རྒྱ་ནག་སྲིད་འཛིོན་གོ་གནས་ལས་མར་ཕབ་རྒྱུའི་ངན་ཇུས་ཡོད་སྐོར། ༡༩༩༢ ལོར་ཏཱ་ལན་གྲོང་ཁྱེར་དུ་གནམ་གྲུར་མར་ཟགས་ཏེ། རྒྱ་ནག་མཐོ་རིམ་དཔོན་རིཊ་མང་པོ་འདས་གྲོངས་སུ་ཕྱིན་པ་དེ་ཡང་། པཱོ་ཞི་ལཱེ་ཡིས་རང་གི་ཉེས་པ་འགེབས་ཆེད་སྦྱོར་བ་བརྩམས་པ་ཡིན་ཚུལ་དང་། རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཀྲིག་ཡོང་ཁཱང་སི་ཁྲོན་ཞིང་ཆེན་དམར་ཤོག་དྲུང་ཆེའི་ལས་གནས་སྐབས། སྤྲུལ་སྐུ་བསྟན་འཛིན་བདེ་ལེཊ་གཙོས་གསེར་རྟ་ཁུལ་གྱི་བོད་མིའི་གནད་དོན་བཅས་དང་འབྲེལ་ཏེ་གསུངས་རྒྱུར། “ ད་ལོའི་ཕྱི་ཟླ་ ༡༠ ནང་རྒྱ་ནག་དམར་ཤོག་གི་ཚོཊ་འདུ་ཚོགས་ཏེ་གནད་དོན་ཁག་ཅིག་གི་ཐོག་འགྱུར་བ་གཏོང་རྒྱུའི་དུས་ལ་བསླེབས་ཡོད་ཀྱང་། རྒྱ་ནག་དམར་ཤོག་ས་ཡ་ ༨༠ ཡོད་པ་དེ་མང་ཚོགས་ཀྱི་ཁེ་བཟང་ཟ་མཁན་གཅིག་པ་ཡིན་སྟབས། དམར་ཤོག་མགོ་ཁྲིད་ཚོས་ཁོང་ཚོའི་བར་གྱི་གནད་དོན་དང་བསམ་ཚུལ་མི་མཐུན་པ་རྣམས་ནང་ཁུལ་ནས་ཞི་འགྲིག་བྱས་ཏེ། བོད་ཀྱི་གནད་དོན་ཐོག་ཁ་གཅིག་མཐུན་གྱི་ལངས་ཕྱོགས་འཛིན་ངེས་ཡིན” ཞེས་དང་། “ཉེ་ཆར་ཁྲུང་ཆིན་ཉེན་རྟོག་མགོ་བ་ཝང་ལི་ཅོན་དང་། ཁྲིམས་རྩོད་པ་ཁྲིན་ཀོན་ཁྲིན་གཉིས་སྔ་རྗེས་སུ་ཨ་རིའི་གཞུང་ཚབ་ཁང་དུ་ཕྱིན་པ་དེས། དེང་ཕྱིན་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐབ་ཐོག་གང་བྱུང་བྱ་མི་ཐུབ་པ་གསལ་སྟོན་བྱས་ཡོད་ ” ཅེས་བརྗོད་བྱུང་།

འཇམ་དཔལ་སྨོན་ལམ་ལགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་ས་ཁུལ་ཁག་ཏུ་བོད་མི་ཚོས་ལས་འགུལ་རིམ་པར་སྤེལ་ཏེ་ནུས་པ་གང་འཚམ་ཐོན་སྟབས། ༢༠༡༠ ལོའི་ཕྱི་ཟླ་ ༡ ནང་གནད་དོན་དེར་དམིགས་ཏེ། རྒྱ་ནག་དཔོན་རིགས་ཚོས་པེ་ཅིན་དུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཟེར་བ་ཞིག་ཚོགས་ཏེ། བོད་ཁུལ་གྱི་དཔལ་འབྱོར་རྗེས་ལུས་དང་སྤྱི་ཚོགས་བརྟན་ལྷིང་མེད་པ་གཉིས། ད་ལྟའི་བོད་ནང་གི་གནད་དོན་ཆེན་པོ་གཉིས་ཡིན་པར་ངོས་འཛིན་བྱས་ཡོད་ཚུལ། གནད་དོན་དེ་གཉིས་ཐག་གཅོད་བྱ་རྒྱུར། བོད་ཁུལ་འཕུར་བསྐྱོད་ལྟ་བུའི་ཡར་རྒྱས་དང་ཡུན་རིང་བདེ་འཁོད་དུ་གཏོང་དགོས་པའི་མཐའ་མའི་གྲོས་ཆོད་བཞག་ཡོད་པ་མ་ཟད། ༢༠༡༡ ལོ་ནས་བོད་རང་ལྗོངས་གཙོས་བོད་ཀྱི་དགོན་སྡེ་ཁག་གི་ནང་ཆབ་སྲིད་ལས་འགུལ་སྤེལ་རྒྱུ་དང་གྲྭ་བཙུན་རྣམས་ལ་དོ་དམ་བྱས་ཏེ། དགོན་པའི་བྱེད་སྒོ་ཚང་མ་རྒྱ་གཞུང་གི་ཁྲིམས་དང་སྒྲིག་གཞིའི་འོག་བཅུག་ཡོད་སྐོར་གསལ་འདོན་གནང་སོང་།

མཐར་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས་རྒྱ་ནག་གི་ཤེས་ཡོན་ཅན་ཚོས་བོད་མིའི་རང་ལུས་མེར་བསྲེཊ་ལས་འགུལ་ཐོག་ལྟ་ཚུལ་ཅི་ཡོད་ངོ་སྤྲོད་གནང་སྐབས། ཐེ་ཝན་གནས་སྡོད་རྒྱ་རིཊ་དམངས་གཙོ་དོན་གཉེར་བ་དང་རྩོམ་པ་པོ་ཝར་ཁེ་ཞི་ལགས་ཀྱིས། བོད་མི་ཚོར་རང་ལུས་མེར་བསྲེཊ་གཏོང་ཐུབ་པའི་སྙིང་སྟོབས་དེའི་རྒྱབ་ན། ཁོང་ཚོར་དེ་ལས་ཆེ་བའི་དཀའ་ངལ་ཞིག་དང་། བཟོད་ཐབས་མེད་པའི་མནར་གཅོད་ཅིག་ཡོད་པ་གསལ་པོར་མཚོན་གྱི་ཡོད་ཚུལ་བརྗོད་དེ། བོད་མིའི་དྲང་བདེན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་ཡོད་སྐོར། རྒྱ་རིགས་ཁ་ཤས་ཀྱིས་རྒྱ་གཞུང་ལ་སྙིང་རྗེ་སྤུ་ཙམ་ཡང་མེད་སྟབས་བོད་མིས་མེར་བསྲེཊ་བཏང་ཡང་ཕན་ཐོགས་མེད་ཚུལ་དང་། འཚེ་མེད་ཞི་བའི་ལས་འགུལ་དེ་རྒྱ་ནག་སྲིད་གཞུང་སེམས་འགུལ་ཐེབས་རྒྱུའི་ལས་འགུལ་ཞིག་མིན་པར། མང་ཚོགས་ཁྲོད་འགུལ་སྐྱོད་ཐེབས་པའི་འཚེ་མེད་ཞི་བའི་ལས་འགུལ་ཞིག་ཡིན་སྐོར་ངོ་སྤྲོད་གནང་སོང་།

ཁོང་གིས་མུ་མཐུད་བོད་མིའི་རང་ལུས་མེར་བསྲེཊ་ཐད། རྒྱ་རིགས་ཤེས་ཡོན་པར་ཁས་འཆེ་བ ཁག་ཅིག་གིས་དྲ་ཐོག་ཏུ།  “ ད་མེར་བསྲེགས་ཐོངས། མུ་མཐུད་དུ་མེར་བསྲེགས་ཐོངས། ཚང་མ་མེར་བསྲེགས་བཏང་ན་ཡག་ཤོས་རེད་ ” ཟེར་བ་དང་། “ ཀྲུང་གོའི་སྲིད་གཞུང་གིས་ས་སྣུམ་གོང་ཚད་ཆུང་དུ་གཏོང་དགོས་པ་རེད། ས་སྣུམ་གོང་ཚད་ཆུང་ན་བོད་པ་ཚོས་མང་པོ་ཉོ་ཐུབ། དེ་ནི་ཐབས་ལམ་ཡག་ཤོས་དེ་རེད་ ” ཟེར་བ། “ བོད་པ་དེ་ཚོ་གྲོད་ཁོག་རྒྱག་ནས་རང་ཚོད་ཟིན་གྱི་ཡོད་པ་མ་རེད” ཟེར་བ་སོགས་བྲིས་ཏེ། རྒྱ་གཞུང་གི་ལྟ་བ་དང་གཅིག་མཚུངས་ཡིན་པའི་བསམ་ཚུལ་འདོན་མཁན་མང་པོ་ཡོད་སྟབས། རྒྱ་ནག་ཤེས་ཡོན་ཅན་ཚོས་འཚེ་བའི་བསམ་ཚུལ་སྤེལ་བ་དེ་རྒྱ་གཞུང་གིས་དྲིལ་བསྒྲགས་ལས་བྱུང་བ་ཞིག་དང་། གཞི་རྩའི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཆ་རྐྱེན་མ་ཚང་བ། དངོས་ཡོད་གནས་ཚུལ་མ་ཤེས་པའི་སྐྱོན་ལས་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་སོང་།

བགྲོ་གླེང་ཚོགས་འདུའི་མཇུག་ཏུ་དབུ་མའི་ལམ་མི་མང་ལས་འགུལ་ཁང་དང་ངྷ་ས་བུད་མེད་ཚོགས་པ་གཉིས་ཀྱིས། རྒྱལ་གཅེས་པ་འཇམ་དཔལ་ཡེ་ཤེས་ལགས་དང་། གླིང་ཚ་ཚེ་བརྟན་རྡོ་རྗེ་ནང་མི་གསུམ་གྱི་ཚོན་ལྡན་འདྲ་པར་རེ་མང་ཚོགས་ལ་རིན་མེད་ཐོག་འགྲེམས་སྤེལ་གནང་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese