མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་བརྟན་རྡོ་རྗེ་བོར་བརླག་དང་བདག་གི་རེ་འབོད།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་ཤེས་རབ།

བོད་ཀྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལ་བལ་ཡུལ་གྱི་མཐའ་མཚམས་དམག་མིས་བཅར་རྡུང་བཏང་ཞིང་། ཨ་མ་ལྡོམ་པོ་སྐྱིད་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་གྷོ་ར་པོར་དུ་སྨན་བཅོས་བྱེད་བཞིན་པའི་སྐབས་འདིར། དེ་རིང་ཞོགས་པའི་ཆུ་ཚོད་གཉིས་དང་ཕྱེད་ཙམ་སྟེང་ཚེ་བརྟན་རྡོ་རྗེ་ལགས་ཁོང་ཅག་སྡོད་གནས་ནས་གར་སོང་ཆ་མེད་དུ་གྱུར་འདུག ཞོགས་པའི་ཆུ་ཚོད་ལྔ་བ་ཙམ་ལ་ཁོང་མ་བུ་གསུམ་ལ་སྐྱེལ་མ་ཞུ་མཁན་དག་གིས་ཚོར་ཞིང་། ཁོང་མ་སྨད་དང་བཅས་པས་གང་སར་བཙལ་ཡང་ཚེ་བརྟན་རྡོ་རྗེའི་གྲིབ་མ་ཙམ་ཡང་མ་རྙེད། 

ཁོང་ཚོས་ཚེ་བརྟན་རྡོ་རྗེ་ས་མཚམས་ཕྱོགས་སུ་བསྐྱོད་ཡོད་པར་ཚོད་དཔག་གིས། སྐྱེལ་མ་ཞུ་མཁན་གཉིས་རྒྱ་བལ་ས་མཚམས་ཕྱོགས་སུ་རྗེས་འདེད་དུ་བསྐྱོད། འོན་ཀྱང་སྟབས་མ་ལེགས་པར་ལམ་བར་དུ་རླངས་འཁོར་འགྲེ་ལྡོག་ཤོར་བས་དུས་ཐོག་ཏུ་ཁོང་གི་རྗེས་ཆོད་མ་ཐུབ། རང་རེའི་གཞུང་དམངས་ལ་རེ་འབོད་ཞིག་ཞུ་རྒྱུ་ཡོད་པ་ནི། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་ཡོངས་ཀྱིས་ནུས་ཤུགས་བཏོན་ཏེ། རང་རེའི་བདེན་དོན་འཐབ་རྩོད་པ་ཚེ་བརྟན་རྡོ་རྗེའི་ལམ་བར་ལ་གེགས་དང་རྐྱེན་ངན་མི་འབྱུང་བའི་འབད་བརྩོན་གནང་རྒྱུ་དང་། གློག་བརྙན་བཟོ་བསྐྲུན་པ་ཁོང་གི་རྗེས་འདེད་བྱས་ཏེ། བོད་ཀྱི་དངོས་ཡོད་ཀྱི་དཔའ་བོའི་སྣང་བརྙན་དང་འཐབ་རྩོད་ཀྱི་བརྒྱུད་རིམ་བརྙན་གཟུགས་སུ་ཕབ་ཐུབ་པ་བྱེད་དགོས།

ང་ཚོ་ཚང་མས་ཤེས་གསལ་ལྟར། བོད་མི་རྣམས་ཀྱི་སྟེང་བལ་དམག་ལ་ཁྲིམས་དང་འགྲིག་ལམ་མེད་ཅིང་གདུག་རྩུབ་ཆེ་བ། དེའི་སྟེང་ཞི་བའི་འཐབ་རྩོད་པ་ཁོང་ལ་དཔུང་རོགས་སོགས་ཅི་ཡང་མེད་པར་ཁེར་འགྲོ་གནང་བཞིན་ཡོད་པས། གལ་སྲིད་ང་ཚོའི་བདེན་དོན་བརྩོན་ལེན་པ་ཁོང་ལ་གནས་ཚུལ་ཞིག་ལྷག་པ་ཡིན་ན་དེ་ནི་ང་ཚོའི་བླ་ན་མེད་པའི་གྱོང་གུད་ཅིག་རེད།

 དེ་བས་ན། རང་རེའི་གཞུང་འབྲེལ་ཡིན་མིན་གྱི་ཚོགས་སྡེ་ཁག་ཡོངས་ཀྱིས་ནུས་ཤུགས་ཅི་ཡོད་བཏོན་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས།  རྒྱ་གར་སྲིད་གཞུང་དང་མི་མང་། ལྷག་དོན་རྒྱ་གར་དང་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་ལ་རེ་འབོད་དང་སྙན་ཞུ་ཕུལ་ཏེ་བལ་དམག་གི་གདུག་རྩུབ་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱེད་དུ་འཇུག་དགོས། འདི་ལྟར་བྱེད་པ་ནི་ཚེ་བརྟན་རྡོ་རྗེ་ཁོང་མི་གཅིག་ལ་རྒྱབ་སྐྱོར་བྱས་པ་ཙམ་མ་ཡིན་པར་རང་རེའི་སྤྱི་དོན་དང་བདེན་དོན་ལ་ནུས་པ་འབུལ་སྟངས་ཤིག་ཡིན།

 ད་སྔ་ང་ཚོས་ཤེས་གསལ་ལྟར་ན། རྒྱལ་སྤྱིའི་སྟེང་གི་ཆེས་ཕུལ་དུ་བྱུང་བའི་གློག་བརྙན་གྲགས་ཆེན་རིགས་ནི། དངོས་ཡོད་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སྟུག་ཅིང་གསོན་ཉམས་ལྡན་པ་ཞིག་ཡིན་པ་དང་། བདེན་པ་དང་རང་དབང་རྩོད་ལེན་བྱེད་པའི་ལོ་རྒྱུས་ཀྱི་གློག་བརྙན་ནི་རྒྱལ་ཁབ་དང་སྤྱི་ཚོགས་གང་ནས་ཀྱང་ཆེས་དགའ་བསུ་ཐོབ་ཅིང་བསྟོད་བསྔགས་བྱེད་པ་དང་འགྲིམ་རྒྱུག་ཆེ་བ་ཞིག་རེད།

ད་ལྟའི་ང་ཚོའི་ལོ་རྒྱུས་ནང་རང་ཉིད་ཀྱི་ཁྱིམ་དང་ཚེ་སྲོག་ཡོད་ཚད་བློས་བཏང་སྟེ་དཀའ་སྡུག་ཚད་མེད་ཀྱིས་རྒྱུན་རིང་ལ་བདེན་དོན་དང་རང་དབང་བརྩོན་ལེན་བྱེད་པའི་འཐབ་རྩོད་འབྱུང་བཞིན་པ་དག་ནི། གློག་བརྙན་བཟོ་མཁན་ཞིག་ལ་མཚོན་ན་ཆེས་ཐོབ་པར་དཀའ་བའི་གོ་སྐབས་ཤིག་ཡིན་པས། རང་རེའི་གློག་བརྙན་བཟོ་མཁན་རྣམས་ཀྱིས་གོ་སྐབས་འདི་མ་འཆོར་བ་གནང་རོགས།

མཐའ་མར་ཨ་མ་ལྡོམ་པོ་སྐྱིད་ལགས་དང་སྲིང་མོ་ལྷ་མོ་སྐྱིད་རྣམ་གཉིས་ལ་རེ་བ་ཞིག་ཞུ་འདོད་པ་ནི། ཁྱེད་མ་བུ་ཚོའི་ལྷག་བསམ་དང་སྙིང་སྟོབས་ལ་སྙིང་ཐག་པ་ནས་གུས་བརྩི་ཞུ་བ་དང་ཆབས་ཅིག རྒྱལ་ཁབ་དང་མི་རིགས་ཤིག་གི་འཐབ་རྩོད་ནི་དུས་ཡུན་གཅིག་གི་ནང་ལ་འགྲུབ་འགྲོ་བ་ཞིག་མིན་པ་དང་། ང་ཚོ་བོད་ལ་མཚོན་ན་ཆེས་རྩ་ཆེ་བ་ནི་མི་དང་ཚེ་སྲོག་ཡིན་པས། རྣམ་པ་གཉིས་ཀྱིས་ད་ལྟའི་དུས་ཚོད་འདིའི་ནང་ལས་འགུལ་མཚམས་འཇོག་གིས་བུ་མོ་སློབ་གྲྭར་བསྐྱོད་དེ་ཤེས་རིག་སྦྱོང་རྒྱུ་དང་། མ་འོངས་པར་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་སྣེ་ཁྲིད་མཁན་ཞིག་ཆགས་ཐུབ་པར་འབད་པ་གནང་རོགས་ཞུ་རྒྱུ་ཡིན།

 བོད་རྒྱལ་ལོ།  །བདེན་དོན་བརྩོན་ལེན་པ་མ་བུ་གསུམ་རྒྱལ་ལོ།  །                         

                                 ༢༠༡༢།༠༥།༡༤ ཞོགས་པར།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༨ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 5

  1. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཚེ་རྡོར་གྱི་ལས་འགུལ་དེ་ཆབ་སྲིད་པ་ཁ་ཤས་ཀྱི་ལག་འོག་ལ་ཤོར་ནས་སྟག་གི་མགོ་བོ་དེ་་་་་་དེ་རིང་བྱི་བའི་རྔ་མ་ལྟར་ཆགས་སོང་ཨ་ཁ་ཁ།

    Reply
  2. ཡུལ་གྱར་བ། says:
    ལོ་ 14 སྔོན།

    བསྟན་འཛིན་ཤེས་རབ་ལགས་ཀྱི་གཏམ་འདི་ཧ་ཅང་གི་རིན་ཐང་ལྡན། བལ་དམག་སྡུག་རྩུབ་ཅན་གྱིས་རྒྱལ་ཞེན་པ་འདིའི་སྐུ་སྲོག་ལ་ཉེན་ཁ་བཟོ་ངེས་པས་ཅིས་ཀྱང་ང་ཚོས་སྲུང་སྐྱོབ་བྱེད་ཐབས་ལྟ་དགོས། མ་དང་བུ་མོ་གཉིས་ཚོགས་སྡེ་ཁག་དང་གཞུང་དམངས་ཚང་མས་ལྟ་སྐྱོང་གནང་དགོས། དེ་དང་ཆབ་གཅིག་ཁོང་གི་ཤ་ནས་ཆད་པའི་ཕྲུ་གུ་གཉིས་ཀྱི་མདུན་ལམ་ལ་འགན་སྲུང་གང་ཐུབ་ལྟ་དགོས། གལ་སྲིད་བོད་རིགས་ལྟ་བུ་ཁོའི་མཉམ་དུ་འགྲོ་མི་ཐུབ་འདྲ་བྱུང་ན་བལ་པོའི་མི་སེར་གླས་ཏེ་ཁོའི་གནས་སྟངས་རྒྱུས་ལོན་ཐབས་བྱེད་དགོས། གང་ལྟར་རྒྱལ་ཞེན་པ་འདི་བོར་བརླག་མ་སོང་བའི་ཐབས་ཤེས་གང་ཐུབ་གནང་དགོས། གལ་སྲིད་བོར་བརླག་ཏུ་སོང་ན་ས་ཕྱོགས་གང་དུ་འཚོལ། ཚུལ་ཇི་ལྟར་འཚོལ། ཁ་མཆུ་སུ་ལ་རྒྱག ཆུ་མ་ཡོང་གོང་ནས་རྐ། རྐྱེན་མ་ཡོང་གོང་ནས་རིམ་གྲོ་ཟེར་བ་ལྟར་ཅིས་ཀྱང་གྲ་སྒྲིག་གང་ལེགས་གནང་རོགས།

    Reply
  3. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    བསྟན་འཛིན་ཤེས་རབ་ལགས་ཀྱིས་བཏོན་པའི་བསམ་ཚུལ་དེ་ནི་དངོས་ནས་ཡག་པོ་འདུག འོན་ཀྱང་ཡིད་སྐྱོ་དགོས་པ་ཞིག་ལ་ བོད་ནང་གི་གནས་ཚུལ་གསར་བ་རེ་མ་བྱུང་བར་དུ་རང་རེའི་གཞུང་དང་ཚོགས་པ་ཁག་གིས་རྒྱབ་སྐྱོར་ཡོད་མེད་དང་། འགྲིག་མ་འགྲིག་བཤད་པ་ལས་དོན་དངོས་སུ་ལག་བསྟར་བྱེད་རྒྱུ་ནི་ཉིན་མོའི་སྐར་མ་བཞིན་དཀོན། བྱས་ཙང་ད་རེའི་སྔར་བྱུང་མ་མྱོངས་བའི་གླིང་ཚའི་དཔའ་བོ་མ་བུ་གསུམ་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་རང་རེའི་བོད་མི་ས་ཡ་དྲུག་གི་བདེ་སྡུག་མཚོན་པས་ངེས་པར་ཏུ་རྒྱབ་སྐྱོར་ཡོད་པར་ཞུ

    Reply
  4. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    ཁྱོད་ཀྱི་ཨ་མས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་ཡི་སེམས་དེ་ལྕགས་དང་རྡོ་ཡིས་གྲུབ་མེད་ན་ཞེས་བཤད་པ་ལྟར་ཁྱོད་ཀྱི་སེམས་དེ་ཡང་ལྕགས་དང་རྡོ་ཡིས་གྲུབ་མེད་ན་ལོ་ན་ལྔ་བཅུ་རྒལ་བའི་དྲིན་ཆེན་མ་ལོ་དང་སྲིང་མོ་གཉིས་ཡང་མ་བསྐྱུར་རོགས་གནང་།
    མཉམ་དུ་ཁྲིད་རོགས་གནང་། ཁྱོད་ཀྱི་འཆི་གསོན་གྱི་མཐའ་མ་ཟད་བར་དང་འཐབ་རྩོད་ཀྱི་མཇུག་མ་རྫོགས་བར་ཨ་མ་དང་སྲིང་མོ་མཉམ་དུ་ཁྲིད་རོགས།

    Reply
  5. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    གླིང་ཚ་ཚེ་བརྟན་རྡོ་རྗེའི་སེམས་ཁམས་སུ་ཆེས་བཟོད་མི་ཐུབ་པ་དང་འགོག་མི་ཐུབ་པའི་ཚོར་བ་རྣོན་པོ་ཞིག་གིས་རང་ཉིད་ཀྱིས་བོད་མི་རིགས་དང་རྒྱལ་ཁབ་ལ་བཅིངས་བའི་བརྩེ་སེམས་དེ་བོད་པ་ཚོའི་མིག་མདུན་དུ་བཤམས་པ་རེད།
    འོན་ཀྱང་འཇིག་རྟེན་གྱི་ཨ་མའི་ཉིན་མོར་དེར་ཁོས་ཅིའི་ཕྱིར་རང་ཉིད་ཀྱི་དྲིན་ཆེན་ཨ་མ་དེ་བསྐྱུར་ནས་གང་ལ་ཕྱིན་པ་རེད།
    ཚེ་རྡོར་ལགས་ཁྱོད་ཀྱི་སེམས་ཁམས་དེ་དྭངས་བོ་ཞིག་དང་ཁྱོའི་སེམས་ངོག་ནས་ཁྱོད་ཀྱི་ཨ་མའི་སྡུག་བསྔལ་དེ་ཚོར་གྱིས་ཡོད་ན་ལན་ཅིག་ཕྱིར་ཕེབས་རོགས་གནང་། བུ་རྒོད་པོ། བྲེལ་བ་མ་བྱེད་རོགས། ཁྱོད་ཀྱིས་འཐབ་རྩོད་དེ་མུ་མཐུད་ནས་སྤེལ་ཆོག། ཨ་མ་དང་སྲིང་མོའི་ཕྱོགས་སུ་ཡང་ལན་གཅིག་གཟིགས་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese