མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལྗོངས་སྐྱིད་པོ་བདེ་མོ་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp


ཉེ་ལམ་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་སྐོར་ཞིག་ཡུ་རོབ་ཁག་ཏུ་སྐོར་སྐྱོད་བྱས་ཏེ། བོད་ནང་གི་འཛུགས་སྐྲུན་ཡར་རྒྱས་ཁྱབ་བསྒྲགས་བྱས་ཡོད་ཅིང་། ཕྱི་ཚེས་ ༡༥ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་ཀྲུང་གོའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཅིག་གི་སྐུ་ཚབ་དང་བཞུགས་མོལ་ཚོགས་འདུ་བསྐོངས་ཏེ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་བྱམས་པ་ཕུན་ཚོགས་ལགས་ཀྱིས་བོད་ཞི་བའི་བཅིངས་གྲོལ་བཏང་ཚུན་ལ། བོད་པའི་སྲིད་འབྱོར་རིག་གསུམ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་མ་ཟད། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། ཁོར་ཡུག་སྲུང་སྐྱོབ་སོགས་ཧ་ཅང་ཡག་པོ་ཡོད་སྐོར། ཏཱ་ལའི་རུ་ཚོགས་ཀྱི་རྫུན་གཏམ་འོག་ཕྱི་རྒྱལ་ཁག་གི་མི་རེ་ཟུང་བོད་ལྗོངས་ལ་ལྟ་སྟངས་ནོར་གྱི་ཚུལ་སོགས་བརྗོད་འདུག་ལ། གསར་འགོད་པའི་དྲི་བའི་ལན་དུ་ཁོས་བོད་ནང་གྲྭ་བཙུན་སྐོར་ཞིག་གིས་རང་བསྲེགས་བྱས་པ་དེ་ཆོས་ཁྲིམས་དང་འགལ་ཡོད་ལ། དེ་དྲང་བདེན་དུ་འདོད་མཁན་རྣམས་ནི་ནང་པ་ཞིག་མིན་ཚུལ་སོགས་བརྗོད་འདུག

བོད་ལྗོངས་དྲ་བས་བྱམས་པ་ཕུན་ཚོགས་ཀྱི་སྐད་ཆ་ལུང་འདྲེན་བྱས་དོན། “ བོད་ཞི་བས་བཅིངས་གྲོལ་བཏང་ནས་ལོ་ ༦༡ ཕྱིན་པའི་རིང་། བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པར་བརྟེན། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། འོན་ཀྱང་། ཡུ་རོབ་ཀྱི་མི་ཁག་ཅིག་གིས་ད་དུང་བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་ཤེས་ཀྱི་མེད་པའི་ཁར། ཏཱ་ལའི་ཚོགས་ཁག་གིས་མངོན་སུམ་འཛེམ་མེད་ངང་དོན་དངོས་འཁྱོག་བརྗོད་བྱས་རྐྱེན། ཡུ་རོབ་ཀྱི་སྲིད་དོན་པ་དང་། གྲོས་ཚོགས་འཐུས་མི། མི་མང་ཁག་ཅིག་བཅས་ཀྱིས་བོད་ལྗོངས་ཀྱི་ད་ཡོད་གནས་ཚུལ་ཐད་གོ་ནོར་ཐེབས་ཀྱི་ཡོད། ཐེངས་འདིར་ང་ཚོ་འཐུས་ཚབ་ཚོས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་ལས་རིགས་ཁག་གི་མི་མང་ཚོར་སྦ་གསང་མེད་པར་བསམ་བློ་བརྗེ་རེས་བྱས་ཏེ་དོགས་པ་རྣམ་རྟོག་སངས་ཐུབ་བྱ་རྒྱུ་ཡིན” ཞེས་སོགས་བརྗོད་འདུག

ཉིན་དེར་བྷེལ་ཇམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཡུ་རོབ་གྲོས་ཚོགས་མདུན་ཐང་དུ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་བརྒྱ་སྐོར་ཞིག་བོད་ལྗོངས་ནས་ཕེབས་པའི་སྐུ་ཚབ་ཚོས་རྒྱ་ནག་དམར་པོའི་གཡོ་འོག་ཏུ་མ་ཚུད་པར་སྐད་ཆ་དྲང་བཤད་བྱ་དགོས་པའི་སྐད་འབོད་་ཁྲོམ་སྐོར་གནང་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

Public Reactions to the Election Results | Real Opinions & Views

ཆུ་ཚོད་ ༢༣ སྔོན་ལ།
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༥/༡༩
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

༢༠༢༦/༠༥/༡༨

མཆན། 12

  1. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱིས། །གུང་ཁྲན་རྒྱ་ཡི་རྒྱུག་ཁྱི་ཚོར། །ལྟས་ངན་བཞི་ཅུ་ཞེ་དགུ་ཐོངས། །མི་འདོད་སྣ་ཚོགས་ཐོག་ཏུ་བེབས། །སྟེང་གདོན་གཟའ་ཡིས་འོག་ཏུ་བཅིངས། །ཐོག་དང་ཁྱུག་གིས་དུམ་བུར་གཏོང་། །འོག་ཕྱོགས་ཀླུ་ཡིས་ཛེ་ནད་ཐོངས། །ས་འོག་རིམ་དགུ་འོག་ཏུ་སྦོས། །སྒྱུ་ལུས་ཤ་ཁྲག་ཞལ་དུ་གསོལ། །ཚེ་བསོད་དབང་ཐང་བཅུད་དུ་ལེན། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས། །

    Reply
  2. ནད་པ says:
    ལོ་ 14 སྔོན།

    བོད་ལྗོངས་སྐྱིད་མོ་དང་བདེ་མོ་ཡོད་ཅེས་ཨུ་ཚུགས་རྒྱག་དོན་གང་ཡང་མེད། བོད་ལྗོངས་སྐྱིད་པོ་དང་བདེ་མོ་ཡོད་མེད་དེ་བོད་ལྗོངས་མི་དམངས་ལ་སྐད་ཆ་བཤད་དུ་བཅུག་ན་ཧ་གོ་དོན་གསལ་དུ་འགྱུར་ངེས་ཡིན།

    བོད་ལྗོངས་སུ་སྐྱིད་པོ་དང་བདེ་མོ་ཡོད་ན་ཞལ་ཆེམས་བཞག་སྟེ་རང་སྲོག་རང་གི་གཅོད་པར་ཐག་གཅོད་བྱས་ཏེ་བོད་ལྗོངས་མི་དམངས་ཡོངས་ཀྱི་བདེ་སྐྱིད་ཆེད་ཚེ་སྲོག་མེ་ལ་ཅི་ཕྱིར་སྒྲོན་གྱིན་ཡོད་དམ།

    བོད་ལྗོངས་སུ་སྐྱིད་པོ་ཡོད་པའི་མི་འགའ་ཤས་ཤིག་ཡོད་པའི་ནང་ནས་བྱམས་པ་ཕུན་ཚོགས་སོགས་ཏང་ལ་དགའ་ཞེན་ཡོད་པའི་མི་ཉུང་ཤས་ཤིག་ཁོ་ན་ཡིན། མི་འདི་ཚོར་ཡང་དོན་དམ་གྱི་དབང་ཆ་དང་བདེ་སྐྱིད་ཆ་ཚང་བའི་རང་དབང་ཞིག་གནན་ནས་མེད།

    སྐད་ཆ་འདི་ཚོ་བཤད་རྒྱུར་ཡང་རང་དབང་གི་ཐོག་བཤད་བཞག་པ་མ་ཡིན་པར་ཏང་གིས་དབང་བསྒྱུར་འོག་མ་བཤད་ཀ་མེད་ཀྱི་སྐད་ཆ་རྫུན་མ་ཤ་སྟག་རེད།

    Reply
  3. བློ་བཟང་མདོ་སྔགས། says:
    ལོ་ 14 སྔོན།

    བྱམས་པ་ཁྱི་ཚོགས་ཀྱིས་ནན་བཤད་མ་བྱས་ཁྱེད་ཅག་ཁྲེལ་མེད་ཞབས་འདྲེན་དག་བདེ་མོ་ཡིན་པ་ཤེས་ཀྱིན་ཡོད། ལྷག་པར་མི་ལོ་འདི་དག་གི་རིང་བོད་ས་ཁྱོན་ཡོང་ནས་རྒྱ་ནག་གི་རྫུན་གཏམ་དང་མི་གསོད་ཁྲག་སྦྱོར་གྱི་སྲིད་བྱུས་དེ་ལ་མི་འདོད་པའི་རྣམ་པ་རང་སྲོག་ཀྱང་བློས་བཏང་སྟེ་བསྟན་ཡོད་ཀྱང་། ད་བར་བོད་ལྗོངས་ཏེ་ལྷ་སའི་ཡུལ་མི་རྣམས་གྲགས་འགུལ་ཙམ་ཡང་མེད་པ་དེ་ནི། ཁྱེད་ཅག་སྐྱིད་པོ་བདེ་བོ་ཡིན་པའི་མཚོན་རྟགས་ཤིག་ཏུ་སྣང་ཡང་། དེ་ནི་རྫུན་གཏམ་ཁོ་ན་ལས་བོད་ཤར་ཕྱོགས་ཡུལ་ཏུ་བྱུང་བཞིན་པའི་གནས་ཚུལ་དེ་དག་ཁྱོད་ཀྱིས་ཇི་ལྟར་གསལ་བཤད་བྱེད་ངེས་ཡིན།

    Reply
  4. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    སྐྱག་ཕྲུག་འདི་ཚོར་བསམ་ཞིག་ཤེས་གི་འཇུག་དགོས་ས་རེད

    Reply
  5. ཁྱི་ཕྲུག says:
    ལོ་ 14 སྔོན།

    ང་ལྷ་སར་ཡོད་ན་ བྱམས་པ་ཕུན་ཚོགས་ལ་སྐྱག་པའི་ཟ་མ་ཞིག་སྤྲད་ས་རེད། ཏཱ་ལའི་རུ་ཚོགས་ཀྱིས་ཁོ་ལ་ཅི་བྱས་བ་རེད། དངོས་ནས་མི་དེ་ཚོའི་གདོང་པར་ལྕགས་ཤུབ་དགུ་བརྩེགས་ཤིག་གྱོན་ཡོད་ས་རེད། ད་ཤི་རན་འགྲོ་འདུག་ར་ད་དུང་མ་ཎི་མ་བཏོན་ན། སང་ཉིན་ཤི་རན་དུས་བཀའ་འགྱུར་འགྲོ་ས་ཟི་ཡོད་ནི་རེ་ན།

    Reply
  6. ལུང་རྟོགས། says:
    ལོ་ 14 སྔོན།

    རྒྱ་ཁྱི་ཚོ། བོད་ནང་ལ་སྐྱིད་པོ་བདེ་མོ་ཡིན་ན། ཁྱོད་ཚོ་ཁྱི་ལྡོམ་རྒྱུག་རྒྱུག་གིས་ཡོ་རབ་ལ་རྒྱུག་ནས་འབྲེལ་བཤད་རྒྱག་དགོས་དོན་ཅི་ཡོད།

    Reply
  7. ཚངས་སར་འཕྲིན་ལས། says:
    ལོ་ 14 སྔོན།

    རྒྱུག་ཁྱི་དེ་ཚོས་ཁ་སྐྱག་པས་ཆོད།

    Reply
  8. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    སྙིང་རྗེ་ཁག་མེད་རྒྱབ་ཏུ་ཏང་ཡོད་ལ་ཕར་ལོག་དགོས་ལ་ཏང་གི་ཟབ་སྦྱོང་སྤྲད་ནས་ཡོང་བ་ཤ་སྟག་ཡིན་པས་སོ། དེ་ལས་ང་ཚོ་བཙན་བྱོལ་བས་བོད་ས་ཟིན་མི་ཐུབ་པའི་ཐོག་ལོ་རབ་དྲུག་བཅུ་པའི་རྒན་རབ་ཚོས་དཀའ་ངལ་ཚད་མེད་རྒྱབ་པའི་གཞིས་ཆགས་ཁག་གི་ས་ཆ་དེ་ཚོ་ཡང་ས་སྲུང་མི་ཐུབ་པར་ནུབ་ཕྱོགས་སུ་བསྐྱོད་ནས་ཉིན་རེའི་ཆུ་ཚོད་ནང་བོད་དོན་སྤྱི་ལ་ཕན་པའི་ལས་ཀ་ག་རེ་བྱེད་ཀྱིས་ཡོད་བསམ་བློ་ཐོངས།

    Reply
  9. བུ་ཡུག says:
    ལོ་ 14 སྔོན།

    བྱམས་པ་ཕུན་ཚོགས་ཀྱི་ཁྱི་བཤད་འདི་ལ་ལྟོས་སང

    Reply
  10. མིག་ཆུ། says:
    ལོ་ 14 སྔོན།

    རྒྱུག་ཁྱི་དེ་ཚོ་རུས་པ་བལྡག་པ་ལས་ཀྱང་རྒྱ་ནག་གི་དཔོན་རིགས་ཚོའི་རྐུབ་བལྡག་པ་ལ་མཁས།  ད་ཡིན་ན་རྒྱུག་ཁྱི་ཚོའི་ཚེ་ཚད་རྫོགས་ཏུ་འཇུག་དགོས་ཚོད་འདུག  ཁོང་ཚོར་སེམས་ནང་ནས་བོད་ལ་ལར་ཞེན་ཡོད་མེད་ང་ལ་དོགས་པ་ཡོད།

    Reply
  11. རེབ་ཐོག་མདའ says:
    ལོ་ 14 སྔོན།

    བྱམས་པ་ཕུན་ཚོགས་ཟེར་བ་དེའི་གདོང་པ་དངོས་ནས་ལྕགས་གི་ཤན་ནས་ཡོད་ས་རེད་། ནུབ་ཕྱོགས་གི་རྒྱལ་ཁབ་དེ་དག་གི་ནང་དུ་སྐད་ཆ་དེ་འདྲ་བཤད་པར་ངོ་མི་ཚ་བ་ཡིན་ནམ།
    པར་གི་ཐོག་གི་ནུབ་ཕྱོགས་པ་དེ་དག་ཧང་སངས་དེ་བསྡད་འདུག་ག། ད་དུང་བྱམས་པ་ཕུན་ཚོགས་ཟེར་བ་དེའི་ད་དུང་ཡིན་མདོག་མདོག་བྱེད་གི་འདུག་ག།
    དམར་ཕྱོགས་གི་རྒྱུགས་ཁྱི་དེ་ཚོས

    Reply
  12. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    ཡང་རྒྱུགས་ཁྱི་བྱམས་པ་ཕུན་ཚོགས་ཀྱིས་ཁྱི་ཕྲུག་ཁ་ཤས་ཁྲིད་ནས་ཡོ་རོབ་ཏུ་སླེབས་འདུག་ཀ ག་དུས་ཡིན་ན་ ཏཱ་ལའི་རི་ཚོགས་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese