མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དགེ་སློབ་ ༡༢༥ ལ་དུག་ཕོག་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ལྷག་པའི་ཉིན་ཨབ་གྷན་ནང་བུད་མེད་སློབ་གྲྭ་ཞིག་གི་འཐུང་ཆུར་དུག་བཏབ་སྟེ། སློབ་ཕྲུག་བུ་མོ་ ༡༢༢ དང་དགེ་རྒན་ ༣ བཅས་ད་ལྟ་སྨན་ཁང་དུ་ལྷག་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༣ ཉིན་ཨབ་གྷན་བྱང་ཕྱོགས་ཊ་ཁར་(Takhar) མངའ་སྡེའི་རྒྱལ་ས་ཊ་ལོ་ཁན་(Talokhan) གྲོང་ཁྱེར་ནང་ཡོད་པའི་བྷེ་བྷེ་ཧཱ་ཇེ་རཱ་(Bibi Hajera) བུད་མེད་སློབ་གྲྭའི་མཐུང་ཆུའི་ནང་དུག་རྫས་བཏབ་སྟེ། རང་ལོ་ ༡༥ ནས་ ༡༨ བར་གྱི་སློབ་ཕྲུག་བུ་མོ་ ༡༢༢ དང་བུད་མེད་དགེ་རྒན་ ༣ བཅས་ལ་དུག་ཕོག་ཡོད་ཅིང་། ད་ཆར་ས་གནས་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་ཀྱི་ཡོད་པ་དང་། སྨན་ཁང་གིས་བརྟག་དཔྱད་བརྒྱུད་ཁོང་ཚོའི་མཐུང་ཆུའི་ནང་དུག་རྫས་བཏབ་པ་ཞིག་ཡིན་པར་བརྗོད་འདུག སྨན་ཁང་གི་འགན་འཛིན་སྨན་པ་རོ་སི་ཊ་ཁཱེ་(Dr. Habibullah Rostaqi) ཡིས་དུག་ཕོག་མཁན་ཚོའི་ཚེ་སྲོག་ལ་ཉེན་ཁ་མེད་ཚུལ་བརྗོད་ཡོད་འདུག  ད་ལྟའི་ཆར་དུག་རྫས་ལ་བརྟག་དཔྱད་དང་དུག་རྫས་འདེབས་མཁན་སུ་ཡིན་ཞིབ་བཤེར་བྱེད་བཞིན་ཡོད་འདུག

ཊ་ཁར་མངའ་སྡེ་ཉེན་རྟོག་ལས་ཁུངས་ཀྱི་མགྲིན་ཚབ་པ་ཨ་སེར་(Khalillullah Aseer) གྱིས་ “ ང་ཚོས་ཨབ་གྷན་ནང་དམངས་གཙོའི་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་སྟབས། བུད་མེད་ལ་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་དུ་བརྩི་བཞིན་ཡོད་ཀྱང་། གཞུང་གི་ཁ་གཏད་དགྲ་བོ་ཚོས་དེ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད་”ཅེས་བརྗོད་འདུག

ཕྱི་ཟླ་ ༤ ནང་གོང་གི་མངའ་སྡེ་དེའི་བུད་མེད་སློབ་གྲྭ་གཞན་ཞིག་གི་འཐུང་ཆུའི་ནང་དུའང་དུག་རྫས་བཏབ་སྟེ། སློབ་ཕྲུག་དང་ལས་བྱེད་བཅས་བུད་མེད་ ༡༧༠ ཙམ་སྨན་ཁང་དུ་ལྷག་ཡོད་པ་དང་། ཨབ་གྷན་གཞུང་གིས་དོན་རྐྱེན་དེ་ཨབ་གྷན་ནང་གི་ལྟ་བ་མཁྲེགས་འཛིན་ཅན་གྱི་ཁ་ཆེ་རིང་ལུགས་པ་ཚོས་བུད་མེད་ལ་སློབ་སྦྱོང་སྤྲོད་རྒྱུར་འགོག་རྐྱེན་བཟོས་པ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

མཆན། 3

  1. ཡར་ཀླུང་ལྷ་རྗེ། says:
    ལོ་ 11 སྔོན།

    དུག་ཕོག་མཁན་དེ་ཚོ་གང་མགྱོགས་བདེ་ཐང་ཡོང་བར་ཤོག

    Reply
  2. ཡར་ཀླུང་ལྷ་རྗེ། says:
    ལོ་ 11 སྔོན།

    ཝ་ཡེ་ལུང་རྟོགས་ལགས། འདི་ལྟ་བུའི་རིགས་ཆོས་ལུགས་ཕལ་ཆེ་བར་ཡོད་ཞེས་ཁ་རྩོན་སྤྱོད་རྒྱུ་སྔ་དྲགས་པ་རེད། དུག་བཏབ་མཁན་དེ་ཚོས་ཆོས་ལ་ཞེན་ཁོག་ལས་ཆོས་རྣམ་དག་མ་ཤེས་པའི་སྐྱོན་དང་། ཆབ་སྲིད་ཀྱི་དགོས་མཁོའི་ཆེད་ཡིན་ངེས་ལ། ཁྱེད་ནས་ཀྱང་ཆོས་ཀྱིས་ངོ་བོ་དང་རྒྱུ་མཚན་ཕན་ཐོག་ཅི་ཡིན་ཤེས་ཀྱིས་ཡོད་ཚོད།

    Reply
  3. ལུང་རྟོགས། says:
    ལོ་ 11 སྔོན།

    ཁ་ཆེའི་བུད་མེད་འདི་ཚོ་སྙིང་མ་རྗེ། སློབ་སྦྱོང་གི་གོ་སྐབས་རེ་ཐོབ་ཀྱང་བར་ཆད་འདི་འདྲ་འཕྲད་ཀྱི་འདུག འདི་ནི་ཆོས་ལུགས་ཀྱིས་གཏབ་པའི་དུག་རྩ་ཡིན་ཞིང་། འདི་ལྟ་བུའི་རིགས་ཆོས་ལུགས་ཕལ་ཆེ་བར་ཡོད་པས་སྐྱོན་ཆ་འདི་ཚོ་ངེས་པར་དུ་སྤང་ཐབས་བྱེད་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist