མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མིག་སྒྲིབ་རྒྱལ་དཀྲོགས་ལས་འགུལ་ས་གནས་ ༥༥ ནང་སྐྱོད་འདུག༼པར༽

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp


ཤེས་རབ་ཚེ་རྡོར་ལགས་ཀྱིས་
ཟླ་གཉིས་ལྷག་རིང་རྒྱ་གར་གྱི་ས་གནས་དང་གྲོང་ཁྱེར་ ༥༠ ཙམ་ནང་མིག་སྒྲིབ་རྒྱལ་དཀྲོག་གི་ལས་འགུལ་སྤེལ་ཏེ། ད་ཆར་མི་ཉིས་ཁྲི་ལྷག་གི་མཚན་རྟགས་བསྡུས་ཡོད་པ་མ་ཟད། ཉིན་འདི་གར་ཨོ་རེ་སཱ་བོད་མིའི་གཞས་ཆགས་ནང་མུ་མཐུད་ལས་འགུལ་སྤེལ་བཞིན་ཡོད་འདུག

འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ན་གཞོན་ཤེས་རབ་ཚེ་རྡོར་ལགས་ཀྱིས་ངྷ་ས་བཞུགས་སྒར་ནས་མགོ་བཙུགས་ཏེ། “གངས་ལྗོང་གི་ཕོ་ཉ་” ཞེས་པའི་མིང་ཐོག་ནས་རྒྱ་གར་རྒྱལ་ཡོངས་ནང་༼ མིག་སྒྲིབ་རྒྱལ་དཀྲོཊ ༽ཟེར་བའི་བོད་དོན་ཁྱབ་བསྒྲགས་དང་མཚན་རྟགས་བསྡུ་རིབ་ཀྱི་ལས་འགུལ་ཞིག་བརྩམས་ཡོད་ལ། འདས་པའི་ཟླ་ ༢ ལྷག་རིང་རྒྱ་གར་བྱང་ཤར་དང་། ལྷོ་ཕྱོགས་སོགས་མངའ་སྡེ་ ༨ ཙམ་གྱི་ས་གནས་དང་གྲོང་ཁྱེར་ ༥༥ ཙམ་ནང་སྐོར་སྐྱོད་ཀྱིས་བོད་དོན་ཁྱབ་བསྒྲགས་དང་། མཚན་རྟགས་ ༢༠༠༠༠ ཙམ་བསྡུ་རིབ་བྱས་ཏེ། ཉིན་འདི་འགར་ཨོ་རེ་སཱ་ (Orissa)བོད་མིའི་གཞིས་ཆགས་ནང་མུ་མཐུད་ལས་འགུལ་སྤེལ་གྱིན་ཡོད་འདུག

ལས་འགུལ་སྐབས་ཁོང་གི་མིག་གཉིས་རས་ནག་པོས་གཡོགས་ཏེ། ཉིན་ལྟར་ཞོགས་པ་ཆུ་ཚོད་ ༩ ནས་ཕྱི་དྲོ་ཆུ་ཚོད་ ༥ བར་ཁོང་གིས་རྒྱ་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་པ་དང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས། བོད་མིའི་རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་སྐོར་ངོ་སྤྲོད་དང་། རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་གཏོར་བཅོམ་གཏོང་བཞིན་ཡོད་པ་དེས་བོད་ཙམ་མ་ཟད། རྒྱ་གར་གཙོས་པའི་ཨ་ཤ་ཡའི་རྒྱལ་ཁབ་མང་པོར་གནོད་འཚེ་ཕོག་གི་ཡོད་ཚུལ་སོགས་མང་ཚོགས་ལ་གོ་རྟོགས་སྤེལ་བཞིན་ཡོད་འདུག

ཤེས་རབ་ཚེ་རྡོར་ལགས་ཀྱིས་འདི་ག་གསར་ཁང་ལ་བརྗོད་པ་ལྟར་ན། ཁོང་གང་དུ་བསླེབས་ཀྱང་ས་གནས་རྒྱ་གར་ཡུལ་མི་ཚོས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་པ་མ་ཟད། གསར་འགོད་ལྷན་ཚོགས་སོགས་གྲ་སྒྲིག་བྱ་རྒྱུར་རོགས་རིམ་གནང་ཡོད་པ་དང་། ལས་འགུལ་སྐབས་ཨ་རུ་ན་ཅལ་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གཙོས་པའི་འབྲེལ་ཡོད་རྒྱ་གར་མགོ་ཁྲིད་ཁག་ཅིག་གིས་ལས་འགུལ་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་འདུག

ཁོང་གིས་ “ཀཱོལ་ཀཱ་ཊའི་(Kolkata) ནང་དམིགས་བསལ་མ་འདྲ་བ་ཞིག་ཆགས་སོང་། ང་ཕྱི་ཟླ་ ༤ ཚེས་ ༢ ཉིན་གྲོང་ཁྱེར་དེར་འབྱོར་བ་དང་བསྟུན་ཏེ་རྒྱལ་གཅེས་དཔལ་བོ་དོན་འགྲུབ་ཕུན་ཚོགས་ལགས་བོད་རྩ་དོན་ཆེད་ཧོཝ་རཱ་(Howrah bridge) ཟམ་ཁ་ནས་གངྒ་ཆུ་བོའི་ནང་མཆོངས་ཏེ་ཞགས་ ༤༩ འཁོར་བར་འཁེལ་ཡོད་སྟབས། ཟམ་འོག་གྲུ་ཐོག་ནས་རྒྱ་གར་ཡུལ་མི་ཚོར་བོད་ཀྱི་ཛ་དྲག་གནས་བབ་དང་། དཔའ་བོ་ཁོང་གིས་རང་སྲོག་བློས་གཏོང་བྱས་པའི་རྒྱུ་མཚན། གངྒ་གཙོས་པའི་རྒྱ་གར་ནང་གི་ཆུ་ཆེན་མང་པོ་ཞིག་བོད་ནས་བཞུར་ཡོང་གི་ཡོད་སྟབས། རྒྱ་གཞུང་གིས་བོད་པའི་ཁོར་ཡུག་ལ་གཏོར་བཅོམ་བཏང་ན་རྒྱ་གར་ལ་ཤུགས་རྐྱེན་ཅི་འདྲ་ཐེབས་མིན་སྐོར་ལ་གཏམ་བཤད་བྱེད་ཐུབ་སོང་”ཟེར།

ཁོས་ཚོར་བ་ཆེན་པོས་བརྗོད་དོན“ བོད་ནང་གི་ཛ་དྲག་གནས་སྟངས་ཉིན་རེ་བཞིན་ཚབས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་ཚེས་ ༢༧ ཉིན་ལྷ་སར་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་བཅས་ལ་བལྟས་ཡོང་ན། ད་ནི་ང་ཚོ་བཙན་བྱོལ་དུ་ཡོད་པ་ཚོ་སྒུག་སྡོད་པའི་དུས་ཚོད་མ་རེད། མི་རེ་ངོ་རེ་ནས་འགུལ་སྐྱོད་ཅིག་རྒྱག་དགོས་ཀྱི་འདུག”ཅེས་འབོད་སྐུལ་གནང་སོང་།

ཤེས་རབ་ཚེ་རྡོར་ལགས་ཀྱིས་སྔ་ལོ་ལྡི་ལི་རྒྱ་ནག་གཞུང་ཚབ་མདུན་ནས་རང་ལུས་མེར་བསྲེགས་བཏང་སྟབས། ད་ཆར་རྐང་པའི་རྨ་ཁ་གང་འཚམ་སོས་ཡོད་ཀྱང་དབྱུག་པར་བརྟེན་ཏེ་འགྲོ་དགོས་པ་ཆགས་ཡོད་ཅིང་། ཐེངས་འདིར་ལྡི་ལིར་གནས་བཞུགས་ཀརྨ་དོན་འགྲུབ་དང་ཀརྨ་རབ་བརྟན་གཉིས་ཀྱིས་རླངས་འཁོར་ཞིག་བསྐོར་ཏེ་ཁོང་ལ་རོགས་རམ་བྱེད་ཀྱི་ཡོད་འདུག

ཤེས་རབ་ཚེ་རྡོར་ལགས་ཀྱིས་མིག་གཉིས་རས་ནག་གིས་བཏུམ་དོན་ནི། འཛམ་གླིང་གི་དབུ་ཁྲིད་ཚོས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་མིག་ལྡན་ལོང་བའི་རྟུལ་ཞུགས་འཛིན་གྱི་ཡོད་པ་མཚོན་པར་བྱས་པ་ཞིག་ཡིན་འདུག་ལ། ལས་འགུལ་འདི་མཐའ་མ་ལྡི་ལི་ནས་མཇུག་བསྒྲིལ་ཏེ། ཁོང་གི་དགོས་འདུན་མང་ཚོགས་ཀྱི་མཚན་རྟགས་ལྡི་ལིའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་དང་གཞུང་ཚབ་ཁང་ཁག རྒྱ་གར་གཞུང་བཅས་ལ་ཕུལ་རྗེས། རྒྱལ་ཚོགས་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་གི་དཔོན་རིགས་ཚོས་བོད་ཀྱི་གནད་དོན་ཐོག་དྲང་བདེན་ལ་རྒྱབ་སྐྱོར་གྱི་མིག་ཕྱེ་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 7

  1. ལི་ཐང་གི་ལུག་རྫི། says:
    ལོ་ 14 སྔོན།

    སེམས་ཤུགས་ཆེན་པོས་ལས་འགུལ་བྱས་པར་དགའ་བསུ་ཡོད། མགོ་བཙུགས་ནས་མཐའ་སྐྱེལ་རྒྱུ་དེ་ལས་ཀྱང་གལ་ཆེ་བར་མཐོང་སོང་།

    Reply
  2. མི་ཆུང་ཁ་བདེ། says:
    ལོ་ 14 སྔོན།

    ཁྱེད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་དང་མུ་མཐུད་དུ་སྤེལ་བའི་རེ་བ་དང་ཡིད་ཆེས་ཡོད།

    Reply
  3. སྦྲ་གསར་དཀར་ལོ། says:
    ལོ་ 14 སྔོན།

    མི་མང་ནང་གི་ལས་འགུལ་ཞི་བའི་འཐབ་རྩོད་པ་མིག་དམར་ཚེ་རྡོར་དང་གླིང་ཚ་ཚེ་བརྟན་གཉིས་ཀྱིས་རྒྱལ་ཁབ་དང་མི་རིགས་ཆེད་དུ་རང་ཉིད་མ་ཤི་ན་འཐབ་རྩོད་ནམ་ཡང་འཇུགས་མི་སྒྲིལ་ཞེས་པའི་གཞི་རྒྱ་ཆེ་བའི་ལས་འགུལ་འདིའི་ནང་མཉམ་བཞུགས་མཁན་ཡོད་ན་ངེས་པར་དུ་ཡོངས་གྲགས་གནང་རོགས། དཔེ་མཚོན་རང་བཞིན་གྱི་མི་མང་དཀྱུས་མས་རྒྱ་གཞི་ཆེ་བའི་ལས་འགུལ་འདིས་དམར་ཕྱོགས་རྒྱ་ནག་ངོ་ཚ་བཟོ་ཐུབ་པ་མ་ཟད་དྲང་བདེན་ལ་དགའ་བའི་འཛམ་གླིང་མི་མང་ནས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱབ་སྐྱོར་ཚད་མེད་ཐོབ་པར་གདོན་མི་ཟ།

    Reply
  4. སྤེན་རྡོར། says:
    ལོ་ 14 སྔོན།

    དུས་བབ་ཚང་གིས་ལས་འགུལ་བ་མིག་དམར་ཚེ་རྡོའི་སྐོར་ལ་གནས་ཚུལ་འཚོལ་ཞིབ་ཀྱིས་འདོན་སྤེལ་གནང་བར་ཐུགས་རྗེ་ཆེ། མིག་དམར་ལགས་ཀྱིས་ད་ལོའི་སྤྱི་ཟླ ༣ ཚེས ༡༠ ཉིན་ནས་བཟུང་མིག་སྒྲིབ་རྒྱལ་དཀྲོག་གི་ལས་འགུལ་མགོ་འཛུགས་གནང་སྟེ་ས་གནས་མང་པོ་ཞིག་ལ་ཕྱིན་ཡོད་ཀྱང་། བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཁོང་མ་གོ་མ་ཐོས་པ་རེད། ཁོང་གི་ལས་འགུལ་འདི་ལ་ཚང་མས་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན།
    གནས་ཚུལ་ནང་གི་པར་ཤོག་ནས་རྩིས་པའི་གཉིས་པ་དེའི་ནང་གི་གཡོན་ཟུར་གཉིས་པ་དེ་ནི་ཨ་རོ་ན་ཅན་གྱི་སྤྱི་ཁྱབ་བློན་ཆེན་འདས་པོ་དམ་པ་མི་རྗེ་རྡོ་རྗེ་མཁའ་འགྲོ་མཆོག་གི་སྲས་པད་མ་མཁའ་འགྲོ་འདུག ཨ་རོ་ན་ཅན་གྱི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པད་མ་མཁའ་འགྲོ་ཁོང་༧གོང་ས་མཆོག་ལ་དད་པ་དམ་ཚིག་གཙང་མ་དང་། བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་ཞིག་རེད། སྔར་ལོའི་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་བསྟན་པའི་སྦྱིན་བདག་གཙོ་བོ་ཡང་ཁོ་རང་རེད། སྐབས་དེ་དུས་དུས་བབ་ཚང་གི་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་གིས་དྲི་བ་དྲིས་ལན་ཞིག་གནང་ཡོད་པ་འདི་ནས་གཟུགས་རོགས་ཞུ།།། https://tibettimes.net/wordpress/news.php?cat=41&&id=5421

    Reply
  5. མྱི་རྒོད། says:
    ལོ་ 14 སྔོན།

    མི་སྒྲིབ་རྒྱལ་དཀྲོགས་པ་མཚམས་འདྲི་ཡོད་ཁྱེད་ཀྱི་གནས་ཚུལ་དེ་དུས་བབ་གསལ་འགོད་པས་དོན་སྣང་དེ་ཙམ་ཞིག་མེད་དུས་རྒྱུད་ལམ་འདི་ནས་ཁྱེད་ཉིད་མཇལ་བ་དགའ་བོ་བྱུང་། གསལ་འགོད་པས་ཁྱེད་ལ་དོན་སྣང་སྤྲད་མིན་ལ་མ་ལྟོས་པ་ལས་མགུལ་དེ་རྣམ་པར་རྒྱལ་གྱུར་ཅིག འཐེན་འཁྱེར་ཉིད་འགྲིབ་གྱུར་ཅིག

    Reply
  6. རིག་འཛིན། says:
    ལོ་ 14 སྔོན།

    མི་རེ་རེས་འགན་འདི་འདྲ་རེ་ཁྱེར་ཐུབ་པའི་རེ་སྨོན་ཡོད།

    Reply
  7. གངས་ཅན་པ་ says:
    ལོ་ 14 སྔོན།

    སོ་སོའི་ལྟོ་གོས་ཙམ་ལ་མགོ་མ་འཁོར་བ་ བོད་མི་རིགས་ཀྱི་ཆེདུ་ཐབས་ཤེས་ཡོད་རྒུ་རྩལ་སྒྲུབ་གནང་བར་བསྔགས་བརྗོད་ཡོད་ ཐུགས་ཆེ་གནང་ བོད་མི་ཚང་མས་གང་ནུས་གནང་རོགས་གནང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese