མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འབུམ་རམས་སློབ་མའི་དམ་འཇོག

བོད་ཀྱི་དུས་བབ།
༢༠༡༢/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༢༨ ཉིན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་གི་འབུམ་རམས་སློབ་མའི་དམ་བཅའ་འཇོག་པའི་དཔྱད་རྩོམ་བགྲོ་གླེང་ཆེན་མོ་དེ་ཚོགས་ཡོད་འདུག

ཐེངས་འདིར་འབུམ་རམས་སློབ་མ་ ༥ ཡོད་ཅིང་། ཁོང་ཅག་གིས་འདས་པའི་ལོ་མང་རིང་སློབ་གཉེར་དང་ཞིབ་འཇུག་གི་ལས་དོན་ཐོག་དཀའ་སྤྱད་འབད་བརྩོན་ལྷོད་མེད་གནང་མཐར། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སྣ་འཛོམ་ཐོག་ཁང་ཆེན་མོ་རུ། བོད་སྐད་ཡིག་སྡེ་ཁག་གི་དགེ་ལས་སློབ་ཕྲུག་བརྒྱ་ཕྲག་མང་པོའི་མདུན་སར། སོ་སོའི་རྣམ་དཔྱོད་རིག་པ་རྩལ་དུ་བཏོན་ཞིང་། ལུང་དང་རིགས་པའི་བརྡར་ཤ་བཅད་པའི་དཔྱད་རྩོམ་ཁག་སྒྲོག་སྦྱངས་དང་། དགེ་སློབ་དག་གི་དྲི་བར་ལན་འདེབས་གནང་ཡོད་འདུག

ཐེངས་འདིའི་འབུམ་རམས་སློབ་མ་དག་གི་དམ་འཇོག་དཔྱད་རྩོམ་ཁ་བྱང་དང་མཛུབ་སྟོན་སློབ་དཔོན་བཅས་ནི། འབུམ་རམས་སློབ་མ་རིན་ཆེན་ཚེ་རིང་ལགས་ཀྱི་དཔྱད་རྩོམ་ཁ་བྱང་༼ས་དགེ་བཀའ་རྙིང་གི་དགོངས་པའི་སྤྱི་བབས་གཅིག་ཏུ་སྒྲུབ་པ༽ཞེས་པ་ཡིན་ཞིང་། ཁོང་གི་འཛུབ་སྟོན་སློབ་དཔོན་དོར་ཞི་གདོང་དྲུག་སྙེམས་བློ་ཡིན་འདུག འབུམ་རམས་སློབ་མ་རིན་ཆེན་སྐྱིད་ལགས་ཀྱི་དཔྱད་རྩོམ་ཁ་བྱང་༼ དབུ་མའི་ལུགས་ཀྱི་བདེན་གཉིས་རྣམ་བཤད་དམ་ཆོས་རྒྱ་མཚོའི་གྲུ་གཟིངས༽ཞེས་པ་ཡིན་འདུག

འབུམ་རམས་སློབ་མ་ཞོ་ར་པད་མ་དབང་ཆེན་ལགས་ཀྱི་དཔྱད་རྩོམ་ཁ་བྱང་༼ཏུན་ཧོང་གཏེར་ཡིག P.T.1288 ༽ཞེས་པ་ཡིན་ཞིང་། ཁོང་གི་མཛུབ་སྟོན་སློབ་དཔོན་གཉའ་གོང་དཀོན་མཆོག་ཚེ་བརྟན་ཡིན་འདུག འབུམ་རམས་སློབ་མ་རྡོ་རྗེ་ཁྱུང་གྲགས་ལགས་ཀྱི་དཔྱད་རྩོམ་ཁ་བྱང་༼བོད་བཙན་པོའི་སྐབས་ཀྱི་བརྡ་རྙིང་མོ་པྲའི་ཡིག་ཆ་རྩ་ཆེན་ལ་དཔྱད་པ༽ཞེས་པ་ཡིན་འདུག འབུམ་རམས་སློབ་མ་ཤ་བོ་རབ་བརྟན་ལགས་ཀྱི་དཔྱད་རྩོམ་ཁ་བྱང་༼ཏུན་ཧོང་ནས་ཐོན་པའི་ནང་བསྟན་ཤོག་དྲིལ་རྒྱ་བོད་ཤན་སྦྱར་ཞིབ་འཇུག༽ཡིན་ཞིང་། ཁོང་གི་མཛུབ་སྟོན་སློབ་དཔོན་ཁ་སྒང་བཀྲ་ཤིས་ཚེ་རིང་བཅས་ཡིན་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

མཆན། 5

  1. ཡར་ཀླུང་ལྷ་རྗེ། says:
    ལོ་ 11 སྔོན།

    བཙན་བྱོལ་བ་མཐོ་དམན་ཚང་མས་ཁ་ནས་རིག་གཞུང་སྲུང་སྐྱོབ་བརྗོད་བཞིན་ལག་ལེན་བསྟར་རྒྱུ་མེད་པའི་ཁ་གཏམ་ལས། དོན་དངོས་བོད་ནང་རིག་གཞུང་ཐོག་གཞོན་སྐྱེས་ཀྱིས་གསོན་ཤུགས་གང་འདྲ་མི་འདུག་གམ་ཐུགས་རྗེ་ཆེ་ཆེ།།།། ད་ངོ་མ་བཙན་བྱོལ་ངོ་ཚ་དགོས་ཚོད་ཡིན་ནོ།

    Reply
  2. ཐུབ་བསྟན། says:
    ལོ་ 11 སྔོན།

    འུ་ཅག་བོད་པ་ཚང་གི་གཅེས་པའི་སྲོག་དང་ཕངས་པའི་ནོར་དཀའ་བའི་ཚེགས་སོགས་གང་ལའང་མ་འཛེམས་པར་བསྒྲུབས་པའི་ཤེས་རིག་ནོར་བུའི་མཛོད་ཁང་ལ་བྱས་རྗེས་ཀྱི་དབུ་འཁྱུད་འབྲི་བའི་འབུམ་རམས་པ་ཁྱེད་ཅག་ལ་སྙིང་ནས་འཚམས་ཞུ་དང་གུས་འདུད་ཞུ།

    Reply
  3. འབྲོང་བུ་སོག་ཚ། says:
    ལོ་ 11 སྔོན།

    ཚོགས་ཡུལ་ལ་ཁྱད་པར་མེད་ལ་ཕྱིའི་རྣམ་པ་ཙམ་ལའང་ཁྱད་པར་མེད། དོན་ངོ་མའི་ཁྱད་པར་ཡོད་པ་དེ་གངས་ཅན་བོད་མི་རིགས་ཀྱི་བོད་མི་རྣམས་ལ་བོད་ཀྱི་ཆོས་དང་རིགས་གཞུང་གི་རྣམ་དཔྱོད་ཕུལ་དུ་ཕྱིན་པའི་ཤེས་ཡོན་ཕུན་སུམ་ཚོགས་པ་ཞིག་དགོས་པ་དེའོ། རྒྱུ་མཚན་དེར་བརྟེན་ད་ལན་གངས་ཅན་པའི་འབུམ་རམས་པ་ཁྱེད་རྣམས་ལ་ངའི་སྙིང་ཁོང་རུས་པའི་གཏིང་ནས་བཀྲ་ཤིས་ལྷ་རེག་དཀར་པོས་སྣེ་དྲངས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག སླད་མར་ཡང་མུ་མཐུད་དམ་འཛིན་ཚུལ་བཞིན་ཡོང་བའི་གསོལ་བའང་འདེབས།

    Reply
  4. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 11 སྔོན།

    ཚོགས་ཡུལ་འདི་ཤེས་རབས་དགའ་ཚལ་གླིང་དུ་མ་རེད་གམ། མི་ཤེས་པར་འདིར་བལྟས་ན་དེ་འདྲའི་ཆེ་མཐོང་ལྡན་པ་འདྲ་ཞིག་མི་འདུག། ཡིན་ནས་ཁོང་རྣམས་ཀྱི་བོད་ཀྱི་ཆོས་དང་རིགས་གཞུང་ཐད་དགོངས་བཞེས་ལེགས་པོ་གནང་བའི་རེ་བ་དང་བཅས་།

    Reply
  5. བློ་འཕེལ། says:
    ལོ་ 11 སྔོན།

    བོད་ཀྱི་འབུམ་རམས་པ་ཚོར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད། ད་དུང་གོང་འཕེལ་འགྲོ་བའི་རེ་བ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist