མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤིག་གི་སྟེང་ལ་སྟ་རེ།

བོད་ཀྱི་དུས་བབ།
༢༠༡༢/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༥༦ སྟེང་གི་རྩོམ་སྒྲིག་པའི་གཏམ།

གླིངཚ་མ་བུ་གསུམ་གྱིས་བོད་དོན་ཞི་བའི་གོམ་བགྲོད་སྐབས་རྒྱ་ནག་གི་རྒྱལ་དར་འཕྱར་བ་དེར་བཙན་བྱོལ་སྤྱི་ཚོགས་ཁྲོད་གླེང་ཕྱོགས་སྣ་ཚོགས་ཤིག་བྱུང་ཡོད་ཅིང་། ཁག་ཅིག་གིས་རྒྱ་ནག་གི་དར་དམར་འོག་བོད་མི་བགྲང་ལས་འདས་པ་ཞིག་གི་ཚེ་སྲོག་ཤོར་ཡོད་པ་མ་ཟད། དེང་སྐབས་བོད་ནང་མེ་མདའ་དང་ལྕགས་སྒྲོག་འོག་ན་རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ་འཐབ་རྩོད་བྱེད་བཞིན་ཡོད་དུས། ཕྱི་ལོགས་ནས་རྒྱ་ནག་གི་དར་དམར་ཡར་འཕྱར་ཏེ་ལས་འགུལ་སྤེལ་བ་ནི་ནོར་འཁྲུལ་དང་ནག་ཉེས་ཚབས་ཆེན་ཡིན་རབས་བཤད་ཅིང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཀྱང་ “བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ནག་ཐིག་ཆེན་པོ་ཞིག་བཟོས་ཡོད”ཅེས་ངོ་རྒོལ་གྱི་གསར་འགོད་བསྒྲགས་གཏམ་སྤེལ་ཡོད།

    ཡང་ཁག་ཅིག་གིས་རྒྱ་ནག་གི་རྒྱལ་དར་དེ་རྒྱ་ནག་དམར་པོའི་གཞུང་གི་དར་ཆ་ཙམ་མིན་པར། བོད་དང་སོག་པོ། ཡུ་གུར་གཙོས་པའི་མི་རིགས་ང་དྲུག་དང་མི་དམངས་དུང་ཕྱུར་བཅུ་གསུམ་ལས་གྲུབ་པའི་རྒྱ་ནག་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་མཚོན་དོན་དང་སྤོབས་པ་ཡིན་སྟབས། རྒྱ་ནག་གི་རྒྱལ་དར་འཕྱར་ཏེ་ལས་འགུལ་སྤེལ་བ་ནི་ད་ལྟའི་བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་དང་མཐུན་ཞིང་། གཉིས་སྨན་དབུ་མའི་ལམ་གྱི་ངོ་བོ་མངོན་སུམ་དུ་མཚོན་པར་བྱས་པའི་ལས་འགུལ་ཕུལ་བྱུང་ཞིག་ཡིན་རབས་གླེང་། དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་དེ་ལ་ “ཁོང་མ་བུ་གསུམ་གྱིས་རྒྱ་ནག་གི་རྒྱལ་དར་གཅིག་པུ་འཕྱར་བ་མིན་པར། བོད་དང་རྒྱ་གར། བལ་ཡུལ་བཅས་ཀྱི་རྒྱལ་དར་མཉམ་འཕྱར་གྱིས་བོད་ཀྱི་བདེན་དོན་འཐབ་རྩོད་གནང་བ་ནི་དངོས་ཡོད་དང་མཐུན་ལ། རྣམ་དཔྱོད་ལྡན་པ། དབུ་མའི་ལམ་གྱི་ནང་དོན་སྒྲུབ་པའི་འཐབ་རྩོད་བྱ་ཕྱོགས་བཅས་ཡིན” ཞེས་རྒྱབ་སྐྱོར་གྱི་གསར་འགོད་བསྒྲགས་གཏམ་སྤེལ།

    རྟག་མཐའ་དང་ཆད་མཐའ་གང་ལའང་མ་ལྷུང་བའི་དབུས་སྨྲ་བ་སྐོར་ཞིག་གིས་མི་སྒེར་བ་ཞིག་གིས་རྒྱ་ནག་གི་རྒྱལ་དར་འཕྱར་ཏེ་ལས་འགུལ་སྤེལ་བ་དེར་ནོར་འཁྲུལ་དང་ནག་ཉེས་གང་ཡང་མེད་ཀྱང་། དུས་ཚོད་ཀྱི་ཆ་ནས་ཅུང་སྔ་དྲགས་པ་དང་། ཕྱི་ཚུལ་གྱི་ཐོག་ནས་མི་མང་གི་བློ་ངོར་འཇུག་མ་བདེ་བ་ཡོང་སྲིད་ཀྱང་། དོན་གྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ད་ལྟའི་བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་“རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པའི་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཚད་ལྡན་མིང་དོན་མཚུངས་པ་ཞིག་དགོས”ཟེར་བ་དེར་ངོས་ལེན་ཡོད་ན། དམིགས་ཡུལ་དེའི་ཐོག་ལས་འགུལ་སྤེལ་ཕྱོགས་འདི་ཁོ་ན་ཉིད་ཡིན་ཚུལ་བརྗོད།

            སྤྱིར་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་དང་རྣམ་པ། ངོ་བོ་ཚང་མ་མི་སྒེར་དང་ཚོགས་པ་བྱེ་བྲག་པར་དབང་བ་ཞིག་མིན་ལ། ཐེངས་འདིའི་གླིང་ཚ་མ་བུ་གསུམ་གྱི་ལས་འགུལ་སྤེལ་ཕྱོགས་ཐད་དུ་ཡང་། འགྲིག་དང་ནོར་གྱི་ཁ་ཚོན་བཅད་དེ་བཤད་པའི་འོས་བབ་སུ་དང་གང་ལ་ཡང་མེད། རྒྱ་ནག་གི་རྒྱལ་དར་འཕྱར་བ་དེ་ལོ་རྒྱུས་ཀྱི་ནག་ཐིག་ཅིག་ཡིན་ནམ། ཡང་ན་ལོ་རྒྱུས་ཀྱི་དོན་སྙིང་ཞིག་ཡིན། དེ་ནི་འདས་པའི་ལོ་རྒྱུས་ཀྱིས་འཇོག་རྒྱུ་ཞིག་མིན་པར་མ་འོངས་པའི་ལོ་རྒྱུས་ཀྱིས་ཁ་གྲགས་རྒྱུ་ཞིག་ཡིན་མོད། གང་ཟག་སྒེར་བ་ཞིག་གི་ལས་འགུལ་གྱི་རྣམ་པའི་ཐོག་ལ་ཚོགས་པ་སྒྲིག་འཛུགས་ཤིག་གིས་ངོ་རྒོལ་དང་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བ་དེ་ནི་“ཤིག་གི་སྟེང་ལ་སྟ་རེ”ཞེས་པའི་དཔེ་ལྟར་ད་ལྟའི་ཛ་དྲག་གི་གནས་སྟངས་འདིའི་འོག ནང་དོན་དང་རྣམ་པ་གཉིས་ཐད་ནས་ཧོལ་རྒྱུག་དང་ཐལ་ཆ་ཆེ་བའི་བྱེད་སྤྱོད་ཅིག་ཆགས་ཡོད་ལ། བོད་པ་ནང་ཁུལ་དུ་འཚིག་པ་གཡག་ལ་ཟོས་ཏེ་མགོ་ལྕག་རྟ་ལ་གཞུས་པའི་རྗེས་འབྲེལ་གྱི་གླེང་རྙོག་དག་གི་འགན་ཡོངས་རྫོགས་ཀྱང་ཚོགས་པ་དེ་དང་དེའི་ལས་ཀྱི་སྣེ་མོ་བས་འཁྱེར་དགོས།།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༡ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༢ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese