མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕམ་སུའུ་ཀེའི་གཏམ་བཤད།

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་བའི་ཉིན་གསུམ་རིང་ཐཱ་ལན་ཌིའི་རྒྱལ་ས་བྷན་ཀོག་ཏུ་ཤར་ཨེ་ཤ་ཡའི་རྒྱལ་སྤྱིའི་དཔལ་འབྱོར་གླེག་སྟེགས་ཀྱི་ཚོགས་ཆེན་སྟེང་ །ལྕམ་ཨང་སན་སུའུ་ཀེ་ཡིས་གཏམ་བཤད་གནང་འདུག

དེ་རིང་ཕྱི་ཚེས་ ༡ བར་གྱི་འདས་པའི་གསུམ་རིང་ཐཱ་ལན་ཌིའི་ (Thailand) རྒྱལ་ས་བྷན་ཀོག་ (Bangkok) ནང་ཤར་ཨེ་ཤ་ཡའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ (the World Economic Forum) ཚོགས་ཆེན་ཚོགས་ཡོད་པ་དང་། འབར་མའི་དམངས་གཙོ་དོན་གཉེར་བ་ལྕམ་ཨང་སན་སུའུ་ཀེ་མཆོག་ལོ་ ༢༠ རྗེས་སུ་འབར་མ་ནས་ཐེངས་དང་པོར་ཕྱི་སྐྱོད་ཀྱིས་ཚོགས་ཆེན་དེར་མཉམ་ཞུགས་ཐོག ཁོང་མོས་འབར་མའི་ནང་ཕྱི་ཚུལ་ནས་བཅོས་སྒྱུར་བྱས་དང་བྱེད་མུས་སུ་སྣང་ཡང་། དོན་དངོས་ཐོག་ད་དུང་འབར་མའི་ནང་དམངས་གཙོ་ཚད་ལྡན་ཞིག་ཡོང་རྒྱུར་རྒྱང་ཐག་ཧ་ཅང་རིང་ལ། ཕྱི་ཕྱོགས་ནས་འབར་མའི་ནང་མ་དངུལ་གཏོང་འདོད་ཡོད་པ་རྣམས་ཀྱིས་མི་མང་དཀྱུས་མ་ཚོའི་དགོས་མཁོ་ལ་གཞིགས་ཏེ་རོགས་དངུལ་གཏོང་རྒྱུ་ལས་ལྐོག་ཟ་རུལ་སུངས་བའི་ལག་ཏུ་མ་ཤོར་པ་ཞིག་བྱ་དགོས་པ་སོགས་བརྗོད་དེ། “ཐུགས་རྗེ་གཟིགས། ང་ཚོ་ལ་བསམ་བློ་གཏིང་ཟབ་ཅིག་གཏོང་རོགས་”ཞེས་རེ་འབོད་བྱས་ཡོད་འདུག

ཐེངས་འདིའི་ཚོགས་ཆེན་སྟེང་སུའུ་ཀེ་མཆོག་གིས་ཉེ་བའི་དུས་ནས་འབར་མ་གཞུང་གི་དཔོན་རིགས་ཚོས་བཅོས་སྒྱུར་བྱས་པའི་རྒྱབ་ལྗོངས་ན་དེ་སྔའི་དམག་མའི་གཞུང་གི་མགོ་ཁྲིད་ཚོ་ཡོད་མེད་དང་། བཅོས་སྒྱུར་དེ་དག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབར་མའི་གཞུང་ལ་འགོག་རྐྱེན་སྤྲད་ཡོད་པའི་རིགས་ཕྱིར་འཐེན་བྱ་ཆེད་ཡིན་མིན་བཅས་ལ་རྒྱལ་སྤྱིའི་ཁྱོན་ཡོངས་ནས་ངེས་པ་གསལ་བོ་ཞིག་རྙེད་ཐུབ་པ་བྱ་དགོས་པ་དང་། ད་ལྟའི་ཆར་འབར་མའི་ནང་ཁྲིམས་ལུགས་དང་ལྡན་པའི་ལས་ཀ་བྱེད་སའི་ཁོར་ཡུག་ཚད་ལྡན་མེད་པ་མ་ཟད། རང་དབང་ཅན་གྱི་ཁྲིམས་ཞིབ་ཁང་མེད་པ་སོགས་བརྗོད་འདུག

ཁོང་མོས་དེང་སྐབས་འབར་མའི་མང་ཚོགས་ཀྱི་དཀའ་ངལ་ཆེ་ཤོས་ནི་ལས་མེད་ཀྱི་གྲངས་འབོར་ཡིན་པ་དང་། སྤྱིར་མང་ཚོགས་ལ་ཤེས་ཡོན་སྤྲོད་རྒྱུ་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱུ་ཆ་ཞིག་ཆགས་ཡོད་ཀྱང་། ཁ་ཚ་དགོས་གཏུགས་ནི་མང་ཚོགས་ལ་ལག་ཤེས་རིགས་ཀྱི་སློབ་སྦྱོང་དང་སྦྱོང་བརྡར་སྤྲད་དེ་གཞི་རིམ་མང་ཚོགས་ཚོར་འཚོ་གནས་ཀྱི་དཀའ་ངལ་མེད་པ་བཟོ་རྒྱུ་དེ་ཡིན་སྟབས། རྒྱབ་སྐྱོར་བ་ཚོའི་དེའི་ཕྱོགས་ལ་བསམ་བློ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག

ལྕམ་ཨང་སན་སུའུ་ཀེ་མུ་མཐུད་ཟླ་འདིའི་ནང་ནོར་ཝེ་དང་དབྱིན་ཡུལ་སོགས་ལ་སྐོར་སྐྱོད་བྱ་འཆར་ཡོད་པ་མ་ཟད། ཟླ་འདིའི་ཚེས་ ༢༡ ཉིན་དབྱིན་ཡུལ་གྲོས་ཚོགས་ནང་གཏམ་བཤད་ཅིག་ཀྱང་སྤེལ་འཆར་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༢༣ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese