མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རུ་ཁག་བཞི་བདམས་ཐོན་བྱུང་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཉིན་གཉིས་རིང་རུ་ཁག་བརྒྱད་བར་ཐད་ཀར་རྒྱལ་ཕམ་རྩེད་འགྲན་གྱི་ལམ་ནས་རྩེ་གྲས་རུ་ཁག་བཞི་བདམས་ཐོན་བྱུང་འདུག

ཕྱི་ཚེས་ ༢ ནས་ ༣ བར་དྷ་ཤོད་བོད་ཁྱིམ་རྩེད་ཐང་དུ། རུ་ཁག་རྩེ་གྲས་བརྒྱད་ལས་ཁ་གཏད་རུ་ཁག་གཉིས་རེ་བར་ཐད་ཀར་རྒྱལ་ཕམ་རྩེད་འགྲན་གྱི་ལམ་ནས་རྩེ་གྲས་བཞི་འགྲན་རྩོད་བྱས་ཏེ།  བཀྲ་ཤིས་དཔའ་འཁྱིལ་སྦོག་ར་དང་། བོད་ཁྱིམ་མཉམ་འབྲེལ། ཕུན་ཚོགས་གླིང་ཨོ་རུ་ས། འཕགངས་ཞིང་ཀ་ཌི་མན་ཊོ་བཅས་རུ་ཁག་བཞི་རྒྱལ་ཡོད་པ་རེད།

ཕྱི་ཚེས་ ༤ ཉིན་རྩེ་གྲས་གཉིས་རྩེད་འགྲན་དེ་དྷ་སྟེང་བོད་ཁྱིམ་རྩེད་ཐང་དུ་རྩེད་འགྲན་བྱ་རྒྱུ་ཡིན་པ་དང་། ཕྱི་དྲོའི་ཆུ་ཚོད་ ༢ སྟེང་བཀྲ་ཤིས་དཔལ་འཁྱིལ་སྦོག་ར་དང་བོད་ཁྱིམ་མཉམ་འབྲེལ་རུ་བར་རྩེད་འགྲན་དང་། ཆུ་ཚོད་ ༤ སྟེང་ཕུན་ཚོགས་གླིང་ཨོ་རུ་ས་དང་འཕགས་ཞིང་ཀ་ཌི་མན་ཊོ་བར་རྩེད་འགྲན་བྱས་ཏེ། རྩེད་འགྲན་ཁྲོད་རྒྱལ་མཁན་རུ་ཁག་གཉིས་བར་ཕྱི་ཚེས་ ༤ མཐའ་མའི་རྟིང་རྩོད་རྩེད་འགྲན་བྱ་རྒྱུ་ཡིན་པ་རེད།

ཐེངས་འདིའི་རྩེད་འགྲན་ཁྲོད་སྤོ་ལོ་མང་ཤོས་བླུགས་མཁན་གྱི་རྐང་སྤོལ་རྩེད་མཁན་ ༣ ནི། བཀྲ་ཤིས་དཔལ་འཁྱིལ་སྦོག་ར་རུ་ཁག་གི་ཨང་གྲངས་ ༧ ནོར་བུ་རྡོ་རྗེ་ལགས་ཀྱིས་སྤོ་ལོ་ ༥ དང་། ཕུན་ཚོགས་གླིང་ཨོ་རུ་ས་རུ་ཁག་གི་ཨང་གྲངས་ ༧ བྱང་ཆུབ་རྒྱལ་མཚན་གྱིས་སྤོ་ལོ་ ༥ ། བོད་ཁྱིམ་མཉམ་འབྲེལ་རུ་ཁག་གི་ཨང་གྲངས་ ༡༠ ཚེ་རིང་བཀྲ་ཤིས་ཀྱིས་སྤོ་ལོ་ ༤ བཅས་བླུགས་ཡོད་པ་རེད།

ཕུན་ཚོགས་གླིང་ཨོ་རུ་ས་རུ་ཁག

འཕགས་ཞིང་ཀ་ཌི་མན་ཊོ་རུ་ཁག 

བཀྲ་ཤིས་དཔལ་འཁྱིལ་སྦོག་ར་རུ་ཁག

རྒྱལ་མཁན་རུ་ཁག་ལ་སྤྲོ་དགའི་རྟེན་འབྲེལ་ཞུ་བཞིན་པ།

 
གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༡༨ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

མཆན། 2

  1. ནོར། says:
    ལོ་ 14 སྔོན།

    བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་གཙོ་བྱས། གཞིས་སྡོད་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ངེས་པར་བྱེད་དགོས་ངེས་རེད། འོན་ཀྱང་། ཡོད་ཚད་དྷ་སའི་ཆབ་སྲིད་དུ་རློམ་པའི་ཁབ་མིག་མཐོང་རྒྱའི་ནང་བཅུག་པ་ཡིན་ན། ང་ཚོས་ཕྱོགས་ངོས་སོ་སོ་ནས་རང་བཙནད་ལོན་རྒྱུ་ཕར་ཞོག ཡབ་མེས་བཙན་པོའི་རླབས་ཆེན་གྱི་དབང་གིས་མེ་ཤུལ་དུ་བ་ལྟར་ད་དུང་ཕྱོགས་ངོས་ལ་ལ་ན་ལྷག་བསྡད་ཡོད་པའི་རང་བཙན་གྱི་ཆ་ཕྲ་མོའི་རིགས་དག་ཀྱང་རང་ཉིད་ཀྱིས་བསུབ་མི་འགྲོ་བའི་ངེས་པ་ཁྱོན་ནས་མེད་པ་མ་རེད། ད་ལྟའི་བཙན་བྱོལ་གྱི་གནས་ཚུལ་རིགས་ཁ་ཤས་དཔེ་རུ་དྲངས་ན། དཔེར་ན། སྔོན་ལྷ་གདན་ས་ཁག་གི་ཁ་ཆེན་དབང་ཆེན་ཚོས་རྐང་སྤོལ་སྟོན་པའི་དབུ་རུ་སྙད་དེ་ཐལ་བའི་རྡུལ་དུ་བརླག་པ་དང་། དེང་གི་ཆར་ཡང་ཟམ་གདོང་བླ་མ་ཆོས་བྱེད་བླ་མའི་སྡོམ་ཁྲིམས་ཁབ་མིག་ལས་བུད་མེད་ཀྱི་བླ་ཤ་དང་ནུ་འབུར་གྱི་སྒེག་ཉམས་མཐོང་མ་བཟོད་པར། བོད་ཀྱི་མཚེས་མ་འགྲན་བསྡུར་ལྟོས་ངན་དུ་བརྩིས་ཏེ་ས་འོག་ཏུ་བཅུག་པ་ལྟ་བུ་རེད།

    དེ་རིང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འདིས་ཀྱང་མ་འོངས་རང་རྐྱ་འཕེར་བ་ཞིག་ཏུ་གྱུར་ཏེ། རྒྱ་མིའི་རྐང་རྩེད་བ་དང་འགྲན་བཟོད་པ་དང་རྒྱལ་ཕོད་པ་ཞིག་བྱུང་བ་ཡིན་ན། འདིའང་རང་བཙན་གྱི་ཀང་རུས་ལ་ཚེ་སྲོག་ཟུང་ཁྲག་རྒྱུ་བའི་ཆ་ཕྲ་མོ་ཙམ་དུ་ཅི་ནས་མི་འགྱུར་ཨང་།
    མ་གཞི་རང་བཙན་གྱི་ཐོབ་ཤོར་ནི་གློ་བུར་དུ་གནམ་ནས་ལྷུང་འོང་བ་ཞིག་དང་། ས་ནས་འབུར་ཐོན་པ་ཞིག་མ་ཡིན་པར། གཟུགས་གཞི་དར་ཞིང་རྣམ་དཔྱོད་རྒྱས་པའི་མི་སྟོབས་པོ་ཆེ་ཞིག་དང་འདྲ་བར། ཆ་ཡོངས་ནས་འདབ་ལག་རྒྱས་ཏེ་ཕྱོགས་ཡོང་ནས་རང་རྐྱ་འཕེར་བ་དང་རང་བཙན་ལྡན་པ་ཞིག་ཡོང་དགོས་དེ་རེད།
    དཔྱོད་ཤེས་མིག་ལྡན་ཞིག་གིས་ཕྱིར་མིག་ཅིག་ལྟོས་ཚེ། འུ་ཅག་གི་རང་བཙན་དེའང་སྔར་རྐྱེན་རྒྱུ་འབྲས་གང་ལ་ཡང་རག་མ་ལས་པར་ ༥༩ ལོར་གློ་བུར་དུ་ཤོར་སོང་བ་ཞིག་མ་ཡིན་པ། དུས་ཡུན་རིང་པོ་ཞིག་གི་བརྒྱུད་རིམ་ཁྲོད་རང་ཉིད་ཀྱིས་རང་ཉིད་ཀྱི་རང་བཙན་གྱི་ཆ་ཕྲ་མོ་རྣམས་ཁ་བཏོགས་སྣ་བཏོགས་ཀྱིས་ཉམས་ཉེས་དང་མེད་པ་བཟོས་ཏེ། མཐར་རྒྱུ་རྐྱེན་འབྲས་བུ་ཡོངས་སུ་སྨིན་ཏེ་ ༥༩ རང་བཙན་ཡོངས་སུ་ཤོར་བའི་འབྲས་བུ་དེ་བྱུང་བ་རེད་དོ།
    ངོས་ནི་ཉེ་ཆར་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རྩེད་འགྲན་སྐབས་ཀྱི་རུ་ཁག་རེ་འགའི་རྩེད་སྟངས་ལས་འུ་ཚོ་བོད་པར་ཡང་མ་འོངས་པར་འདིའི་ཕྱོགས་ནས་རྒྱ་ནག་དང་འགྲན་བཟོད་པ་ཞིག་གི་རེ་བ་ཆུང་ཆུང་ཞིག་རང་སེམས་ལ་མཐོང་སྟེ་དགའ་ནས་ཡོད་དོ།

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    ལ་ལས་ཁྲག་གི་མིག་ཆུ་བཞུར་བཞིན་རང་སྲོག་དོར།།
    ལ་ལས་བཞིན་གྱི་འཛུམ་མདངས་ངོམ་བཞིན་དགའ་སྟོན་བྱེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese