མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བརྡ་དེབ་ནང་གི་བོད་གནས།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་ཤེས་རབ།

བརྡ་དེབ་ནང་གི་ཁ་བརྡ་དག་ཀློག་གིན་ཀློག་གིན་ང་ལ་སྐྱོ་གདུང་དང་རེ་ཐག་ཆད་པའི་ཚོར་བ་ཤིན་ཏུ་གཟན་མོ་ཞིག་སྐྱེས། མཛངས་མ་འོད་ཟེར་ལགས་ཀྱི་བརྡ་དེབ་ནང་སྤེལ་དོན། ཉུང་ཁྲིའི་པོ་ལོང་གསོལ་མགྲོན་ཆེན་མོའི་ནང་སྤྱིར་བོད་མིར་ངེས་ལེན་མི་བྱེད། དེ་རིང་བོད་མི་བཅུ་ཡོད་པ་དེ་ཡང་ཚང་མ་ཕྱིར་འཕུད་བཏང་བྱུང་ཟེར། ཡང་ཁོ་མོས། རང་ཉིད་ཀྱི་ས་ཐོག་ཏུ་རང་ཉིད་སྡོད་འཇུག་གི་མེད་པ་དང་། ཐོབ་ཐང་འཛིན་བྱང་སྟེང་བོད་རིགས་བྲིས་པ་ཙམ་གྱིས་འགྲོ་འདུག་གི་གནས་མི་སྟེར་བ་ནི་ཅིའི་ཕྱིར་རེད། ཅེས་བཀོད་འདུག ད་དུང་ཨ་ཅག་འོད་ཟེར་གྱི་གཙོས་པའི་བརྡ་དེབ་དག་གི་ནང་ཐོན་གསལ། གོ་ཐོས་ལ། དམག་མི་ཚོ་གང་བྱུང་དུ་བོད་མིའི་ཁྱིམ་ཚང་ནང་འཛུལ་ཏེ། ལས་བྱ་འབྲི་བཞིན་པའི་སློབ་ཕྲུག་བྱིས་པ་ཡང་དམར་གསོད་གཏོང་གི་འདུག་ཟེར།

 

  གཞན་ཞིག་གིས། པེ་ཅིན་མི་རིགས་སློབ་གླིང་གི་དགེ་རྒན་ཞིག་གིས་བཤད་དོན། བོད་རིགས་སློབ་མ་ཞིག་གིས་ངོ་སྤྲོད་བྱས་པར། དྲུག་བཞིའི་དམར་གསོད་སྐབས་ཀྱི་པེ་ཅིན་དང་ད་ལྟའི་ལྷ་སའི་བར་ཁྱད་ནི། པེ་ཅིན་ན་དམག་མི་ཁྱིམ་ཚང་ནང་འཛུལ་ཏེ་གང་བྱུང་དུ་མི་བསོད་ཀྱི་མེད་པ་དེ་རེད་ཟེར། ད་དུང་གཅིག་གིས། ང་ཚོ་རང་ཡུལ་དུ་ཕྱི་མི་ཆགས་ཀྱི་འདུག་ཟེར། འོད་ཟེར་ལགས་ཀྱིས་བརྡ་དེབ་ནང་། བོད་ཀྱི་ཚོང་ལས་ཚགས་པར་ནང་དེ་རིང་ལྷ་སར་རྒྱུན་སྡོད་ཀྱི་མི་གྲངས་ཁྲི་ལྔ་ཅུ་ང་དགུ་ཡོད་པར་བསྒྲགས་འདུག འོན་ཀྱང་དེའི་གྲས་སུ་ལྷ་ས་རང་གི་མི་ག་ཚོད་ཡོད་དམ། ཁྲི་བཅུ་ཡོད་དམ། ལྷ་སའི་གདོད་མའི་མི་གྲངས་སུ་མ་གཏོགས་པའི་བོད་མི་ད་ལྟ་ལྷག་ཡོད་པ་ག་ཚོད་ཡོད། ཁྲི་གཅིག་ཟིན་ནམ། མི་གྲངས་ཁྲི་ང་དགུའི་ནང་དམག་དཔུང་གི་གྲངས་ཀ་མི་ཐེ། ད་ལྟ་བོད་ཡུལ་མི་སེར་སྤེལ་ཡུལ་དུ་གྱུར་ཏེ་བོད་ཡུལ་གྱི་གཏེ་གནས་ལྷ་སའི་ནང་བོད་མི་གྲངས་ཉུང་མི་རིགས་ཆགས་ཟིན། ཞེས་བཀོད་འདུག

 

 ངའི་གཡག་༼དྲ་མིང་༽གིས་བོད་ཡིག་ནང་འདི་ལྟར་བྲིས་ཡོད་དེ། ང་ལྷ་སར་འགྲོ་བར་ཧ་ཅང་སྐྲག ང་བར་སྐོར་དུ་བསྐྱོད་པར་ཤིན་ཏུ་འཇིགས།  དངོས་འབྲེལ་ཡིན། འོན་ཀྱང་ང་དགའ་ས་ལྷ་ས་ལས་ལྷག་ཅིག་མེད། ཁོང་གིས་མུ་མཐུད་དུ། བོད་ནང་གི་བོད་མིས་འདི་ལྟར་བྲིས་ཡོད་དེ།  ཁ་ཡོད་ཀྱང་བདེན་གཏམ་ཤོད་དབང་མེད་པ་དང་། རང་ཡུལ་ཡོད་ཀྱང་རང་ཡུལ་ལ་སྡོད་དབང་མེད་པའི་ང་ཚོ་བོད་པ། ཞེས་དང་། ལྷ་སར་མངོན་གསལ་དོད་པོས་མི་རིགས་དབྱེ་འབྱེད་བྱེད་ཀྱི་འདུག བོད་མི་གཅིག་བུར་ཞིབ་བཤེར་དང་། བཀག་སྡོམ།  ཟུར་བཀག  བཙན་ཁྲིད་བྱེད་ཀྱི་འདུག་ཟེར། ཡང་ཁོང་གིས།  བོད་ནང་གི་བོད་མི་ཚོས།  རང་ཡུལ་དུ་སྡོད་འདོད་མེད་པ་མ་ཡིན་ཡང་། བཙོན་རར་གྱུར་པའི་ཕ་ཡུལ་འཇིགས་སུ་རུང་།  ཞེས་དང་། མི་རིང་བར་ལྷ་ས་རྒྱ་སར་འགྱུར་ཐག་ཆོད་རེད།  ད་ལྟ་ལྷ་ས་བོད་ཀྱིས་སྟོང་ལ་ཉེ་ཟེར། གནས་ཚུལ་གཞན་ཞིག་ནི།  དེ་རིང་རྒྱ་ནག་གིས། ལྷ་བྱ་རྟགས་ཅན་གྱི་འཇིག་རྟེན་འཕུར་གྲུ་དགུ་བར་སྣང་དུ་བཏང་སྟེ། སྐར་མ་བརྒྱད་ཀྱི་ནང་འཁོར་སྐར་རྒྱུ་ལམ་ནང་ཞུགས་སོང་།

 

ད་ལྟའི་བོད་ནང་གི་གནས་སྟངས་ནི། མིག་གིས་ལྟ་མི་ཆོག རྣ་བས་ཉན་མི་ཆོག ཁ་ནས་བཤད་མི་ཆོག ལག་གིས་ལས་མི་ཆོག གང་ལ་འགྲོ་མི་ཆོག་པ་སྟེ། མི་ཆོག་པ་ལྔ་ཡི་ཁྲིམས་ཀྱི་ཡོངས་སུ་བསྡམ་པ་དང་། བོད་མིའི་ཞིང་ཕྱུགས་དང་ཚོང་ལས། འགྲོ་འོང་སོགས་འཚོ་ཐབས་ཀྱི་ལམ་ཁ་ཡོངས་བཀག་སྡོམ་བྱེད་ཅི་ཐུབ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག དམག་མི་དང་ལས་བཟོ་བའི་རྣམ་པའི་སྟེང་ནས་རྒྱ་མི་མང་པོ་བོད་དུ་གནས་སྤར་ཞིང་། ཚོང་ལས་སོགས་འཚོ་ལམ་ཡོངས་ལ་བདག་དབང་བསྒྱུར་པ་དང་། འཇིགས་སྣང་སྣ་ཚོགས་ཀྱི་གནོན་ཤུགས་སྤྲད་དེ་ཕྱིན་ཆད་ཐོབ་ཐང་འཛིན་ཡིག་སྟེང་བོད་ཅེས་པའི་མིང་ཙམ་ཡང་འབྲི་མི་ཕོད་པ་ཞིག་ཏུ་བསྒྱུར་གྱིན་ཡོད། གནས་སྟངས་འདི་དག་ནི་དོན་རྐྱེན་གཞན་ལ་ཁ་གཡར་ཏེ་བོད་མི་རིགས་འཆི་ལམ་དུ་འདེད་པའི་རྣམ་གྲངས་གཅིག་ཡིན་ལ། མི་རིགས་རྩ་མེད་དུ་གཏོང་བའི་རྒྱུན་རིང་གི་འཐབ་ཇུས་ལས། གློ་བུར་བའི་དོན་རྐྱེན་ལ་འཇུས་ཏེ་ཐབས་ལམ་ལག་བསྟར་གྱི་གོ་སྐབས་དམ་འཛིན་བྱས་པ་ཞིག་རེད།

 

འདི་ལྟ་བུའི་འཐབ་ཇུས་དང་གཡོ་སྒྱུ་ནི་རྒྱ་ནག་ལ་ཧ་ཅང་མང་ཞིང་གཏིང་ཟབ་པ་དང་རིག་གཞུང་དང་ཡང་འབྲེལ་ཡོད། ཉེ་སྔོན་༸གོང་ས་མཆོག་དང་དབྱིན་ཇིའི་སྲིད་བློན་གཙོ་གཞོན་གཉིས་མཇལ་འཕྲད་སྐབས། རྒྱ་ནག་གིས་དབྱིན་གཞུང་ལ་རྒོལ་གཏམ་བཏང་ཞིང་ཕྱི་འབྲེལ་མང་དག་ཅིག་དུམ་སེ་བཅད་ཡོད། དེ་ལྟར་བྱེད་དོན་ནི། གལ་སྲིད་ཐབས་ལམ་དེ་འདྲ་ཞིག་མ་སྤྱད་ཚེ། ཕན་ཚུན་གྱི་དཔོན་རིགས་ཐུག་འཕྲད་སྐབས་དབྱིན་ཇིས་ཚོང་དོན་དང་ལྷན་དུ་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་ངེས་ལ། ཚུར་དེ་འདྲ་མ་གླེང་སྔོན་ལ་ཕར་དགག་སྟེ་ཁ་ཁུ་སིམ་པོར་གཏོང་བ་ནི་བྱ་ཐབས་ཡག་ཤོས་དེ་རེད། ཕྱོགས་གཞན་ཞིག་ནས། དབྱིན་ཇིའི་སྟེང་དེ་ལྟར་ལག་ལེན་བསྟར་ཚེ། ར་བསད་ན་ལུག་འདར་བའི་དཔེ་ལྟར། རྒྱལ་ཁབ་གཞན་དག་ཀྱང་རང་བཞིན་གྱིས་ཁུམས་འགྲོ་ངེས་རེད།

 

བདག་གིས་ཁེ་སྔོན་རྡ་སའི་ཚོགས་པ་ཞིག་གི་དྲུང་ཆེ་དང་ཁ་བརྡ་བྱས་པ་ཡིན། ད་ལྟ་ཅི་ཞིག་བྱེད་ཀྱི་ཡོད་ཅེས་དྲིས་པར། ལྷ་སའི་རང་བསྲེགས་ལས་འགུལ་ལ་རྒྱབ་སྐྱོར་དུ་མར་མེ་ཁྲོམ་སྐོར་ཞིག་གོ་སྒྲིག་བྱེད་ཀྱི་ཡོད་ཟེར། ང་གློ་བུར་དུ་ཅི་མ་ཡིན་ལ་གད་མོ་ཞིག་ཤོར་སོང་། ཀུ་རེའི་ཚུལ་དུ། ཁྱོད་ཚོས་ཁ་བཏོན་སྐྱོར་གྱི་ཡོད་དམ་ཞེས་ཐལ་སོང་། ཁོང་ཅུང་མ་བདེ་བ་འདྲ། ཁོང་གིས་འདི་ལས་ལྷག་ཅིག་བྱེད་རྒྱུ་མི་འདུག གལ་སྲིད་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་ཚེ་མ་མཐར་ཡང་སྒོར་འབུམ་ཁ་ཤས་ཀྱི་འགྲོ་གྲོན་དགོས། དེ་དཀའ་ལས་ཁག་པོ་རེད་ཟེར། ངས་ཁོང་ལ་རྩེད་མོ་དང་སྦྲགས་ནས་ཁ་རྒྱགས་བཤད་པ་ཡིན། ཁྱོད་ཚོས་སྐད་ཡིག་སྣ་ཚོགས་ཤེས་པ་རེད། ཤེས་ཡོན་ཡོད་པ་རེད། འབྱོན་ཐང་ཡོད་པ་རེད། ད་ནི་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་འབོད་དང་སྙན་ཞུ་ཐོངས། རྒྱལ་སྤྱིའི་སྤྱི་ཚོགས་ནང་ཁྱབ་བསྒྲགས་དང་སྐུལ་སློང་བྱོས། འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་རྣམས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ལ་ཨུ་ཚུགས་རྒྱོབས། རྒྱ་ནག་མི་མང་ལ་གནས་ཚུལ་ངོ་སྤྲོད་དང་རེ་འབོད་བྱོས།  འདི་ནི་ལས་འགུལ་ངོ་མ་རེད། འགྲོ་གྲོན་ཡང་ཉུང་གི་རེད། དེ་མིན་རི་མགོ་དང་ནགས་ཁྲོད་ནས་ལྭ་སྒྲོན་སྦར་ཏེ་སྐོར་བ་བྱེད་པ་ནི། རྒྱུས་མེད་ཅིག་གིས་མཐོང་ཚེ། སུ་ཞིག་གི་སྐྱེས་སྐར་སྲུང་བརྩི་བྱེད་པ་འདྲ་ལ་དུས་ཆེན་གང་ཞིག་གི་སྤྲོ་སྐྱིད་གཏོང་བ་དང་འདྲ་བའི་ཚོར་སྣང་སྐྱེས་སྲིད་ཅེས་བཤད་པ་ཡིན།

 

རྗེས་སུ་ངས་རང་གི་ཀུ་རེའི་སྐད་ཆ་དག་ལ་ཕྱིར་འདང་རེ་རྒྱག་སྐབས། ཀུ་རེ་དེ་དག་ཀྱང་གཏན་ནས་གནས་ལུགས་མེད་པ་ཏག་ཏག་རེད་མི་འདུག་ལ། ང་གཅིག་བུའི་ཚོར་སྣང་ཡང་མ་རེད་ཨང་། སྔོན་ཆད་བདག་གིས། བོད་ནང་གི་རང་ལུས་མེར་བསྲེགས་དང་ཚེ་བརྟན་རྡོ་རྗེ་བལ་དམག་གིས་བཟུང་སྐབས་དག་ཏུ། བོད་ཀྱི་གཞུང་དང་ཚོགས་པ་དག་གིས་ལས་དོན་ནུས་ལྡན་རེ་སྤེལ་བའི་རེ་བ་འཆང་བ་ཡིན། འོན་ཀྱང་རེ་བ་དག་རེ་རེ་བཞིན་ཤི་སོང་། ད་ལྟ་བོད་ནང་ན་མུ་མཐུད་དུ་རང་བསྲེགས་ངོ་རྒོལ་གྱི་རྒྱུན་མཐུད་བཞིན་འདུག་ལ། དེ་ལ་བརྟེན་ནས་བོད་མི་རྣམས་ཀྱིས་ཡ་ང་བའི་བཙན་དྲག་དང་དཀའ་སྡུག་གི་འཚོ་བ་མྱོང་བཞིན་འདུག བོད་ནང་གི་བོད་མི་ཚོས་བོད་དོན་རང་རང་གི་ལུས་སྲོག་གིས་སྒྲུབ་བཞིན་འདུག་ལ། བཙན་བྱོལ་ནང་གི་ཚོགས་པ་དག་གིས་བོད་དོན་སོ་སོའི་ཁེ་གྲགས་ཀྱི་ཕྱིར་དུ་སྒྲུབ་ཀྱི་འདུག འདི་ལྟ་བུའི་ཧེ་བག་ཅིག་ཤོར་བར་ངོ་མ་ཧ་ལས་བྱུང་།

 

བོད་ནང་གི་བོད་མི་ཚོས་ཅིའི་ཕྱིར་རང་རང་གི་འཚོ་གནས་དང་འབྲེལ་བའི་ཤེས་ཡོན་རེ་སྦྱང་ཞིང་། བག་ལྷོད་ཀྱི་འཚོ་བ་རེ་རོལ་བསྡད་ན་མ་ཆོག་པ་རེད་དམ། ཆབ་སྲིད་ཀྱི་གྲི་ཁ་ལ་ལག་པ་འཆང་དགོས་དོན་ཅི་ཡོད་དམ། མི་རིགས་དང་ལ་རྒྱ་ཞེས་པ་ཞིག་ལ་ཨུ་ཚུགས་ཀྱིས་ཤི་འཐམ་བྱེད་དོན་ཅི་ཞིག་ཡོད། གལ་སྲིད་དོན་དག་དེ་ཚོ་དང་འབྲེལ་བ་མེད་ཚེ་མི་རིགས་གཞན་དག་བཞིན་བག་ལྷོད་ཀྱི་འཚོ་བ་ཞིག་རོལ་བཞིན་ཡོད་ངེས་ལ། ད་ལྟའི་དཀའ་སྡུག་གི་དུས་ཚོད་འདི་འདྲ་མྱོང་དགོས་ཀྱི་ཡོད་པ་མ་རེད་འདོད། གལ་སྲིད་བོད་མི་རིགས་ཀྱི་ངོ་བོ་བརླག་ན་ཡང་དམིགས་བསལ་གྱིས་ཁོང་ཚོར་གྱོང་རེག་འགྲོ་བ་ཅི་ཞིག་ཡོད། བདག་གིས་ཁོང་ཚོ་ལ་རེ་སྐུལ་གྱི་སྐད་ཅིག་བསྐུར་རྒྱུར། བོད་མི་ཚོ། ད་ནས་ཁྱོད་ཚོས་རང་རང་ལ་དབང་བའི་བག་ལྷོད་ཀྱི་འཚོ་སྟངས་ཤིག་འཚོལ་རོགས། ཅི་ཞིག་ལ་ཡང་འདང་རྒྱག་དགོས་པ་མ་རེད། ལྷག་པར་འདི་ཕྱོགས་ལ་རེ་བ་མ་རྒྱག་ཅེས་ཟེར་འདོད།

 

འབྲེལ་ཡོད་གསར་འགྱུར།

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

ཆུ་ཚོད་ ༡༩ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

༢༠༢༦/༠༣/༢༨
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

༢༠༢༦/༠༣/༢༨
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧

མཆན། 3

  1. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    ལྷ་རྗེ་ལགས། ངོ་དེབ་མ་རེད། བརྡ་དེབ་རེད། དབྱིན་ཡིག་གི་twitter ཞེས་པ་དེ་རེད།

    Reply
  2. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    དགོངས་དག ཚབས་ཆེ་བའི་ཡི་གེ་བཏགས་ནོར་ཤོར་འདུག འཕུར་གྲུ་དགུ་བར་སྣང་དུ་བཏང་ཞེས་པའི་བར་གྱི་བ་ཡིག་ཆད་འདུག འཕུར་གྲུ་དགུ་བ་བར་སྣང་དུ་བཏང་ཞེས་སུ་གོ་རོགས། དེ་བཞིན་དུ་ངའི་གཡག་མ་རེད། གཡག་རེད། གཡག་གཅིག་བུ་རེད།

    Reply
  3. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    བསྟན་ཤེས་ལགས། བོད་ནང་གནས་ཚུལ་ཅུང་ཛ་དྲག་ཡོད་པ་ཡོངས་གྲགས་ཡིན། ངོ་དེབ་ནང་ལྟར་གྱི་མི་ཆོག་པ་ལྔ་ཆ་ཚང་ལག་ལྟར་བྱེད་ཀྱིས་ཨ་ཡེ་འདི་ནི་ཕལ་ཆེར་འུར་ཆེ་དྲགས་འདུག ང་ཚོ་ནི་ཕྱི་གསལ་ནང་གསལ་གྱི་རྒྱ་གཞུང་ལ་ཐབ་རྩོད་བྱ་མཁན་ཡིན་པར་དངོས་ཡོད་མཚམས་པ་བརྗོད་ན་ལེགས། ལར་ནས་བོད་སར་བོད་མི་རྒྱ་གཞུང་འདུག་མི་འཇུག་པ་བདེན་རུང། བཙན་བྱོལ་བོད་མི་རྒྱ་གར་ནང་རྐང་བརྐྱངས་ལག་བརྐྱངས་བྱས་ནས་བདེན་པའི་ཐབ་རྩོད་བྱ་དགོས་རུང་དེ་ལྟར་མིན་པར་ནུབ་ཕྱོགས་སུ་གཅིག་ལས་གཅིག་མགྱོགས་འགྲོ་ཀྱི་ཡོད་པས་འདྲི་བ་དེ་རྒྱ་མི་ཞིག་ནས་འདྲི་ན་ལན་ཡོད་དམ། ཁ་ནང་ལ་བལྟོས་ཤིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese